༢༠༡༡ལོའི་དྲ་རྒྱའི་དགྲ་བོའི་མིང་གཞུང་ནང་རྒྱ་ནག་ཚུད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༥ཉིན། འཛམ་གླིང་དྲ་རྒྱའི་བརྒྱུད་ལམ་ཞིབ་བཤེར་ལ་ངོ་རྒོལ་བྱེད་པའི་ཉིན་མོར། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཕྱི་ལོ་༢༠༡༡ལོའི་འཛམ་གླིང་ཐོག་གི་དྲ་རྒྱའི་བརྒྱུད་ལམ་ལ་བཀག་སྡོམ་ཤུགས་ཆེར་བྱེད་མཁན་གྱི་རྒྱལ་ཁབ་དག་གི་མིང་གཞུང་བཀོད་པའི་༼དྲ་རྒྱའི་དགྲ་བོ༽ཞེས་པའི་སྙན་ཐོ་ཞིག་འགྲེམས་སྤེལ་བྱས་འདུག

སྙན་ཐོའི་ནང་འཁོད་དོན། འཛམ་གླིང་དྲ་རྒྱའི་བརྒྱུད་ལམ་ཞིབ་བཤེར་ལ་ངོ་རྒོལ་བྱེད་པའི་ཉིན་མོར། རྒྱུན་དུ་དྲ་རྒྱའི་བརྒྱུད་ལམ་བེད་སྤྱད་ནས་ཉེན་ཁར་མ་འཛེམས་པར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་ཆེད་དུ་འཐབ་རྩོད་གནང་མཁན་ཚོར་གུས་འདུད་ཞུ་རྒྱུ་ཡིན།

ང་ཚོས་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ལོ་༢༠༡༡ལོར་གནས་ཚུལ་མཁོ་གཏོང་བ་མི་༥དམར་གསོད་བཏང་བ་དང་། ཟིན་བྲིས་པ་དང་དྲ་རྒྱ་བེད་སྤྱོད་མཁན་༢༠༠ལྷག་སྨྲ་བརྗོད་རང་གི་ཆེད་དུ་འཛིན་བཟུང་བཀག་ཉར་བྱས་པ་སོགས་༢༠༡༠་ལོ་དང་བསྡུར་ན་བརྒྱ་ཆ་༣༠ཡར་འཕར་ཡོད་ལ།  ༢༠༡༢ལོ་འདི་ལ་ཡང་ལི་བྷི་ཡའི་དམག་འཁྲུག་ཁྲོད་དྲ་རྒྱ་སྤྱོད་མཁན་༡༢༠ལྷག་བཀག་ཉར་བྱས་པ་སོགས་སྔར་བྱུང་མ་མྱོང་བའི་ཛ་དྲག་གི་ལོ་ཞིག་ཏུ་འགྱུར་ཉེན་ཆེན་པོ་འདུག

ཕྱི་ལོ་༢༠༡༡ཟླ་༣པའི་ནང་དུ་ང་ཚོས་༼དྲ་རྒྱའི་དགྲ་བོ༽ཞེས་པའི་སྙན་ཐོ་ཐོག་མ་དེ་བཏོན་ནས་ཟླ་ཤས་སོང་བའི་ནང་སྲིད་དབང་སྒེར་གཅོད་པ་མང་པོས་སྔར་ལས་གསར་འགྱུར་བརྒྱུད་ལམ་ལ་དམ་དྲག་ཆེན་པོ་བྱས་ཡོད་ལ། སྐབས་དེར་དཔེར་ན། མང་གཙོའི་རྒྱལ་ཁབ་ཏུ་འབོད་པའི་ཨ་རིས་ཀྱང་དྲ་རྒྱར་དམ་དྲག་བྱས་ཏེ་འཛམ་གླིང་ཐོག་མིག་དཔེ་ངན་པ་བཞག་ཡོད།

ད་ལོའི་དྲ་རྒྱའི་དགྲ་བོ་རྒྱ་ནག་དང་འབར་མ། ཁུའུ་བྷ། དབྱི་རག བྱང་ཀོ་རི་ཡ། སོ་ཌི་ཨ་རཱ་བྷི་ཡ། སི་རའི་ཡ། ཊོར་མའི་ནི་སི་ཐན། ཨོ་ཟི་བྷ་ཁའི་སི་ཐན། ཝེ་ནམ་བཅས་ཀྱི་མིང་གཞུང་ཁྲོད་གསར་དུ་འཛུལ་ཞུགས་བྱས་པའི་རྒྱལ་ཁབ་ནི་བྷ་རིན་དང་བྷིལ་ལ་རི་སུ་གཉིས་ཆགས་ཡོད།   བྷ་རིན་གྱིས་གསར་འགྱུར་བརྒྱུད་ལམ་ལ་དམ་དྲག་དང་བཙན་གནོན་ཤུགས་ཆེན་བྱས་ཡོད་པ་དཔེར་ན། རྒྱལ་ཕྱིའི་གསར་འགྱུར་བརྒྱུད་ལམ་བཀག་འགོག་དང་མཐར་སྐྲོད་བཏང་བ་དང་། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱིས་ཟིན་བྲིས་པ་དང་དྲ་རྒྱ་བེད་སྤྱོད་གཏོང་མཁན་འཛིན་བཟུང་བཀག་ཉར་བྱས་པའི་ཁྲོད་མི་གཅིག་འདས་གྲོངས་སུ་གྱུར་བ་སོགས་ཛ་དྲག་གནས་སྟངས་ཡོད་པ་དང་། དེ་བཞིན་བྷིལ་ལ་རི་སུ་ཡིས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་མཁྲེགས་འཛིན་གྱིས་དྲ་བའི་བརྒྱུད་ལམ་གྱི་ཤུགས་རྐྱེན་ལ་སྔོན་འགོག་ཆེན་པོ་བྱས་པ་སོགས་ཀྱིས། ༢༠༡༡ལོའི་འཛམ་གླིང་གི་དྲ་རྒྱའི་དགྲ་བོ་ཡི་མིང་གཞུང་ནང་ཚུད་ཡོད་ལ། རྒྱལ་ཁབ་འདི་དག་ནི་རྒྱུན་དུ་དྲ་རྒྱའི་བརྒྱུད་ལམ་ལ་ཞིབ་བཤེར་དང་དྲ་རྒྱ་བེད་སྤྱོད་མཁན་རྗེས་འདེད་གཏོང་མཁན་ཚབས་ཆེ་ཤོས་ཡིན་པ་མ་ཟད། གནས་ཚུལ་འཁྱོག་བརྗོད་དང་རྫུན་བཟོ་བྱེད་མཁན་ཡང་གཏེ་བོ་ཡིན་འདུག

གཞན་ཡང་། དྲ་རྒྱའི་དགྲ་བོའི་མིང་གཞུང་ནང་མེད་ཀྱང་ལྟ་ཞིབ་ཀྱི་མིང་གཞུང་ནང་དུ་ཚུད་པའི་རྒྱ་གར་དང་ཁཱ་ཟཱ་སི་ཐན། ཐའེ་ལན་ཌི་སོགས་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ལ། ཝེ་ནེ་ཟོ་ལ་དང་ལེ་བྷི་ཡ་གཉིས་ལྟ་ཞིབ་མིང་གཞུང་ལས་རྩིས་མེད་བཏང་ཡོད་འདུག གང་ཡིན་ཟེར་ན། སྤྱིར་བཏང་ལེ་བྷི་ཡའི་ནང་དུ་མུ་མཐུད་ནས་དམག་འཁྲུག་བྱུང་བཞིན་ཡོད་ཀྱང་། གྷ་ཌ་ཧྥེ་ཡིས་སྲིད་དབང་སྒེར་གཅོད་ཀྱིས་གསར་འགྱུར་བརྒྱུད་ལམ་ལ་བཀག་སྡོམ་བྱེད་པའི་སྲིད་བྱུས་མཇུག་བསྡུས་པར་བརྟེན་ལྟ་ཞིབ་ཀྱི་མིང་གཞུང་ལས་རྩིས་མེད་བཏང་ཡོད་པ་དང་།  ཡང་དྲ་རྒྱའི་དགྲ་བོའི་མིང་གཞུང་དང་ལྟ་ཞིབ་མིང་གཞུང་གཉིས་ཀྱི་ནང་དུ་མ་ཚུད་པའི་རྒྱལ་ཁབ་དཔེར་ན། ཨོ་ཟར་བྷེ་ཇན་དང་མོ་རོ་ཁོ། ཊ་ཇི་ཁི་སི་ཐན་བཅས་ཀྱི་གསར་འགྱུར་བརྒྱུད་ལམ་གྱི་རང་དབང་ཐད་མུ་མཐུད་ནས་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་གྱིས་ཞིབ་བཤེར་གཏིང་ཟབ་བྱ་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།