དགོངས་ཚུལ།

ལཱ་ཌེན་ཨ་རིའི་ནང་དུ་གསུམ་བཅུའི་དུས་དྲན་སྲུང་བརྩི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡༥ཉིན། གསུམ་བཅུའི་དུས་དྲན་ཉིན་ལཱ་ཌེན་ཨ་རིའི་གྲོང་ཁྱེར་ཁག་ཅིག་གི་ནང་བོད་དོན་གཏམ་བཤད་དང་བོད་སྐོར་གློག་བརྙན་གཟིགས་འབུལ་ཞུས་པ་སོགས་ལས་འགུལ་ཤུགས་ཆེར་སྤེལ་ཡོད་འདུག

གྲོང་ཁྱེར་མོན་ཊི་ཝེ་ཌི་ཨོ་ཡི་ནང་དུ་བོད་ཀྱི་ཕཱ་ཊི་རཱ་རང་དབང་ཚོགས་པའི་གོ་སྒྲིག་འོག གྲོང་ཁྱེར་དེའི་ནང་དུ་རྟེན་གཞི་བྱས་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། ཚོགས་པ་དེའི་འགོ་གཙོ་དང་རྩོམ་པ་པོ་ཨེལ་ལོ་མཱ་སིལ་ལན་ནི་སི་ལགས་ལ་རྒྱལ་ཡོངས་བརྙན་འཕྲིན་ཁང་ཞིག་གིས་བཅར་འདྲི་དང་། ཚོགས་པ་དེས་བཟོས་པའི་བོད་རིགས་མི་མང་གི་དཀའ་སྡུག་སྐོར་གྱི་གློག་བརྙན་ཐུང་ཐུང་ཞིག་ཀྱང་གཟིགས་འབུལ་ཞུས་ཡོད་འདུག

དེ་བཞིན་གྲོང་ཁྱེར་མཱ་སི་ཁོ་ཡི་ནང་དུ་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྔམ་སྟོན་ཁྲོམ་སྐོར་དང་། མཱ་སི་ཁོ་མི་མང་གིས་ཀྱང་རྒྱ་གཞུང་གིས་བོད་ནང་དྲག་གནོན་བྱེད་པའི་གནས་སྟངས་བརྗེད་མི་རུང་བའི་རེ་སྐུལ་གནང་ཡོད་པ་དང་། སྐབས་དེར་ས་གནས་གསར་འགོད་པ་སོགས་འདུ་འཛོམས་གནང་ཡོད་པ་མ་ཟད། ཧྥི་ཌེ་རལ་བརྙན་འཕྲིན་ཁང་གི་མི་སྣ་ཞིག་ཀྱང་ལས་འགུལ་ནང་མཉམ་ཞུགས་ཀྱིས་གཏམ་བཤད་གནང་ཡོད་པ་དང་། རྒྱལ་ཡོངས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་ལས་འགུལ་སྐོར་མང་པོ་བཏང་ཡོད་འདུག

གཞན་ཡང་། ཁའོ་སི་ཊ་རའི་ཁཱ་ཡི་རྒྱལ་ས་སན་ཇོ་སི་ཡི་ནང་དུ་ཡོད་པའི་ཁའོ་སུ་ཊ་རའི་ཁཱ་གཙུག་ལག་སློབ་གྲྭ་ཆེན་མོ་རུ་ བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཟླ་འདིའི་ཕྱི་ཚེས་༥ཉིན་ནས་དབུ་འཛུགས་ཀྱིས་བདུན་ཕྲག་གཅིག་ཙམ་གྱི་རིང་བོད་དོན་སྐོར་གྱི་གཏམ་བཤད་དང་གློག་བརྙན་གཟིགས་འབུལ། པར་རིས་འགྲེམས་སྟོན་སོགས་བྱས་ནས་བོད་དོན་དྲིལ་བསྒྲགས་བྱས་ཡོད་པ་དང་། དེ་བཞིན་མའི་ཁའོ་ཁན་མངའ་སྡེའི་རྒྱལ་ས་མོ་རི་ལི་ཡ་ཡི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་གི་ནང་དུ་(TSG)ཚོགས་པའི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་༧ནས་ཉིན་གྲངས་༤རིང་བོད་སྐོར་གྱི་གློག་བརྙན་ཁག་ཅིག་གཟིགས་འབུལ་ཞུས་ཡོད་པ་སོགས། གསུམ་བཅུའི་དུས་དྲན་སྐབས་གྲོང་ཁྱེར་ཁག་མང་པོའི་ནང་དུ་བོད་སྐོར་ཀྱི་གློག་བརྙན་དང་བོད་དོན་གཏམ་བཤད་སོགས་གནང་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
༄༅།། ཀྱེ་མ་བོད་མི་གྲྭ་རྐྱང་ཚོས་ཉིན་རེ་སྐུ་ལུས་མེ་ལ་འབུལ་ནས་འཆི་ཡི་འདུག་པས་ཇི་འདྲ་སེམས་སྐྱོ་བ་ཞིག་རེད་ཨང་ཁྱེད་ཚོ་ནི་ངོ་མ་རྒྱལ་ཁབ་དང་མི་རིགས་དོན་དུ་བསམ་བཞིན་དུ་ཁ་བ་ཅན་དུ་སྲེད་པ་བཟུངས་བས་སེམས་པ་ཆེན་པོ་ཟེར་བ་འདི་འདྲ་ཞིག་ལ་ཟེར་བ་མ་ཡིན་ན་གང་རེད་། ཉམས་ཆུང་གྲྭ་རྐྱང་ལུས་དེ་། མེ་ཡི་ཕུངས་པོར་གྱུར་ཐལ་། སེམས་ལྡན་སུ་ཞིག་བལྟས་ན། མིག་ཆུ་ཕྲེང་བ་ཐོར་སོང་།



བརྗོད་གཞི་གཞན་ཁག་ལ་གཟིགས།