བོད་མིར་རྒྱབ་སྐྱོར་གྱི་ཆོད་སེམས་ཇེ་བརྟན་དུ་གཏོང་རྒྱུ་ཡིན་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡༣ཉིན། ཕྱི་ལོ་ ༢༠༡༢ ཟླ་༣ཚེས་ ༩ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་ཡུན་རིང་ནས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་གནང་མཁན་ལྕམ་སྐུ་ནན་སི་པི་ལོ་སི་མཆོག་གིས་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་༥༣ཐོག་བསྒྲགས་གཏམ་ཞིག་སྤེལ་གནང་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡༣ཉིན། ཕྱི་ལོ་༢༠༡༢ཟླ་༣ཚེས་༩ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་ཡུན་རིང་ནས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་གནང་མཁན་ལྕམ་སྐུ་ནན་སི་པི་ལོ་སི་མཆོག་གིས་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་༥༣ཐོག་བསྒྲགས་གཏམ་ཞིགག་སྤེལ་གནང་འདུག

ཁོ་མོའི་བསྒྲགས་གཏམ་ནང་འཁོད་དོན།  བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་འདིར་ང་ཚོས་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ཆེད་རང་སྲོག་དོར་བའི་བོད་མི་དཔའ་བོ་དཔའ་མོ་རྣམས་ལ་ཆེད་མཐོང་ཞུ་རྒྱུ་དང་། བོད་མི་ཚོའི་རང་དབང་དང་གཞི་རྩའི་འགྲོ་བ་མིའི་ཆེ་མཐོང་བསྐྱར་གསོ་ཡོང་རྒྱུ་མ་ཟད། འབྱུང་འགྱུར་བོད་ནང་མང་གཙོའི་ལམ་ལུགས་སྲ་བརྟན་ཐོག་བོད་མི་ཚོའི་ཆབ་སྲིད་ཀྱི་ཐོབ་ཐང་དང་དཔལ་འབྱོར་འཛུགས་སྐྲུན་ཡོང་སླད་ང་ཚོས་སླར་ཡང་རྒྱབ་སྐྱོར་གྱི་ཆོད་སེམས་སྲ་བརྟན་གཏོང་རྒྱུ་ཡིན།

ཉེ་བའི་ཟླ་ཤས་ནང་བོད་ནང་དུ་རྒྱ་མིའི་དཔུང་དམག་ཇེ་མང་དུ་གཏོང་བཞིན་པ་དང་། འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ཇེ་མང་དུ་འགྲོ་བཞིན་ཡོད་པར་བརྟེན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་སྟེ་བོད་ནང་དྲག་གནོན་མཚམས་འཇོག་གིས་ཞི་བདེ་བརྟན་ལྷིང་གི་ཁོར་ཡུག་བསྐྲུན་རྒྱུའི་དུས་ཚོད་སྔར་བས་ཛ་དྲག་ཆེ་བ་ཆགས་ཡོད། བོད་མིའི་སྒེར་ལངས་ཀྱི་དུས་སྐབས་འདིར་ང་ཚོས་རྒྱ་ནག་གི་དཔོན་རིགས་ཚོས་བོད་མི་ཚོའི་ཆོས་དད་རང་དབང་ལ་དམ་བསྒྲགས་མཚམས་འཇོག་བྱེད་དགོས་པ་མ་ཟད། འབྲེལ་ཡོད་བོད་ཀྱི་ས་ཁུལ་ཁག་ཏུ་གསར་འགོད་པ་དང་རྒྱལ་སྤྱིའི་རྟོག་ཞིབ་པ་འགྲོ་བསྐྱོད་བྱེད་འཇུག་དགོས།

དེ་བཞིན་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས། བོད་མིའི་འཐབ་རྩོད་ནི་འཛམ་གླིང་སྤྱིའི་བཟང་སྤྱོད་དང་འབྲེལ་བའི་འགན་ཞིག་ཆགས་ཡོད། དེར་བརྟེན་ང་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ལམ་སྟོན་ལ་དོ་སྣང་སྤྲད་ཐོག་བོད་མི་ཚོ་དང་ཁོང་ཚོའི་འཐབ་རྩོད་བརྗེད་རྒྱུ་མེད་ཅེས་སོགས་འཁོད་ཡོད་འདུག

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།