དགོངས་ཚུལ།

བོད་མིའི་རང་དབང་གི་འབོད་སྒྲ་འཛམ་གླིང་ཡོངས་སུ་སྒྲོགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༩ཉིན། ཟླ་འདིའི་ཕྱི་ཚེས་༡༠སུམ་བཅུའི་དུས་དྲན་ཉིན། ཧོང་ཀོང་དུ་ཡོད་པའི་བོད་རིགས་དང་འཛམ་གླིང་རྒྱལ་ཁབ་༣༠ལྷག་གི་བོད་དོན་རྒྱབ་སྐྱོར་བ་མཉམ་ཞུགས་ཀྱིས་རྒྱ་གཞུང་གི་དྲག་སྤྱོད་བཙན་གནོན་ལ་ངོ་རྒོལ་ཤུགས་ཆེན་གནང་རྒྱུ་ཡིན་འདུག

ཧོང་ཀོང་(Tsim Sha Tsui )རིག་གཞུང་བསྟི་གནས་སུ། བོད་དོན་རྒྱབ་སྐྱོར་བ་ཚོས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་སྐོར་ཞིག་གོ་སྒྲིག་བྱ་རྒྱུ་ཡིན་ལ། སྐབས་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་པ་དང་། རྒྱ་གཞུང་གིས་བཙན་གནོན་སྲིད་བྱུས་ལག་བསྟར་གྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་པར་སྐྱོན་བརྗོད་བྱེད་དགོས་པའི་འབོད་སྐུལ་གནང་རྒྱུ་ཡིན་འདུག

མར་མེའི་ཁྲོམ་སྐོར་ནང་མཉམ་ཞུགས་གནང་མཁན་གྱི་ལྕམ་ཌོ་ལི་ཤི་ལགས་ཀྱིས་གཞིས་ལུས་བོད་མི་ཚོས་རང་སྲོག་མ་དོར་བར་རྒྱ་གཞུང་ལ་མུ་མཐུད་ནས་ངོ་རྒོལ་གནང་ཆེད། ང་ཚོ་ཚང་མ་ཁྲོམ་གཞུང་དུ་སོང་ཏེ་ཁོ་ཚོའི་རང་དབང་གི་འབོད་སྒྲ་འཛམ་གླིང་གི་ཡུལ་ལུང་གང་སར་བསྒྲག་རྒྱུ་ཡིན་ལ། རང་དབང་དང་དྲང་བདེན་གྱི་ཆེད་དུ་རང་སྲོག་བློས་བཏང་བའི་བོད་རིགས་ཚོར་མྱ་ངན་གུས་འདུད་ཞུ་རྒྱུ་དང་། རྒྱ་གཞུང་གིས་བོད་ཐོག་བཟུང་བའི་བཙན་གནོན་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེར་བྱ་རྒྱུ་ཡིན་ཞེས་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་བོད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་བྷར་ཇེ་ཊི་ཝོན་བྷུ་ལའོ་ཡིས་ཟླ་འདིའི་ཕྱི་ཚེས་༡༠ཉིན། ང་ཚོས་ལས་འགུལ་རྒྱ་ཆེར་སྤེལ་ཏེ་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་སྐུ་གཤེགས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་བྱ་རྒྱུ་ཡིན་པ་མ་ཟད། བོད་ལ་རང་དབང་མ་འཐོབ་བར་དུ་ང་ཚོས་བོད་དོན་འཐབ་རྩོད་ཐོག་སྔར་ལས་ཤུགས་སྣོན་རྒྱག་རྒྱུའི་དམ་བཅའ་འཇོག་དགོས། ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་གཞུང་གི་བཙན་གནོན་འོག་བོད་མི་སྔར་ལས་མང་པོའི་ཚེ་སྲོག་མ་ཤོར་གོང་དུ་དྲག་སྤྱོད་མཚམས་འཇོག་ཡོང་བར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་གནང་རྒྱུ་ཡིན་ཞེས་སོགས་གསུངས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།