དགོངས་ཚུལ།

ཨ་རིའི་རྒྱལ་དོན་དྲུང་ཆེ་གཞོན་པས་རྒྱལ་ཚོགས་ནང་བོད་དོན་གླེང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེེས་༣ཉིན། ཨ་རི་གཞུང་གི་ཡུལ་མིའི་བདེ་སྲུང༌དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་གི་དྲུང་ཆེ་གཞོན་པ་ལྕམ་སྐུ་མ་རི་ཡ་ཨོ་ཊོ་རི་མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ ༣ ཚེས  ༢ ཉིན་གྱི་སྔ་དྲོ་སུད་སི་ཇི་ན་ཝར་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༡༩ ཐོག་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཐོག་ཨ་རིའི་གཞུང་ལ་སེམས་འཚབ་ཡོད་སྐོར་གསུངས་འདུག

དེ་ཡང་ཁོང་གིས་གསུང་དོན། རྒྱ་ནག་གཞུང་ནས་ཉེ་ལམ་བོད་ནང་དྲག་གནོན་ཤུགས་ཆེ་བྱས་རྐྱེན་ད་ལྟའི་ཆར་ཡང་ཁུལ་ དེར་མུ་མཐུད་གནས་སྟངས་ཛ་དྲག་ཐོག་གནས་པར་ཨ་རི་གཞུང་ལ་སེམས་འཚབ་ཆེན་པོ་ཡོང་བཞིན་འདུག  ང་ཚོ་རྒྱལ་ཁབ་ཚང་མ་དང་ལྷག་པར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་གྲངས་ཉུང་མི་རིགས་ཚུད་པའི་མི་སེར་ཡོངས་ལ་གཞི་རྩའི་ཆོས་དད་དང་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་བྱེད་དགོས་པའི་བསྐུལ་མ་ཤུགས་དྲག་ཞུ་རྒྱུ་ཡིན།

འགྲོ་བ་མིའི་ཐོབ་ཐང་ནི་འཛམ་གླིང་ཡོངས་ལ་གཅིག་མཚུངས་ཁྱབ་དགོས་པ་ཞིག་ཆགས་ཡོད་སྟབས། རྒྱལ་ཁབ་སོ་སོའི་གཞུང་གིས་ཀྱང་མི་སྒེར་གྱི་རང་དབང་ལ་བརྩི་བཀུར་བྱེད་དགོས་པ་མ་ཟད། རང་དབང་དེ་དག་བེད་སྤྱོད་བྱེད་ཐུབ་པའི་ཆ་རྐྱེན་ཡང་བསྐྲུན་དགོས། དེ་བཞིན་གཞུང་ནས་ལས་དོན་གང་ཞིག་བརྩམ་ཡང་ཕྱི་གསལ་ནང་གསལ་དང་འགན་འཁྲི་ཡོད་པའི་སྒྲོམ་གཞི་ཞིག་བཟོ་དགོས། ཞེས་གསུངས་འདུག

དེ་བཞིན་དོན་གཅོད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་བྱེད་སྐེད་རྟ་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་ལྕམ་སྐུ་མཆོག་ལ་རྒྱལ་ཚོགས་ནང་བོད་དོན་གླེང་སློང་ གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། སྤྱིར་བཏང་ལྕམ་སྐུ་ཨོ་ཊོ་རི་མཆོག་ནི་ཨ་རི་ཕྱི་སྲིད་ལས་ཁུངས་ནང་བོད་ཀྱི་གནད་དོན་ཐོག་དམིགས་བསལ་འབྲེལ་མཐུད་པའི་འགན་འཁུར་གནང་མཁན་ལ་བསྐོ་གཞག་གནང་ཡོད།

སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་དང་སྐེད་རྟ་བསྟན་འཛིན་བསམ་འཕེལ་ལགས་གཉིས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༡༩ ཕྱི་ལོ་ ༢༠༡༢།༢།༢༧། ཕྱི་ལོ་ ༢༠༡༢།༣།༢༣)མ་ཚོགས་གོང་ཨ་རིའི་གཞུང་ཚབ་ཁང་ལ་བཅར་ཏེ་བོད་ཀྱི་ད་ལྟའི་གནས་སྟངས་ སྐོར་འགྲེལ་བཤད་ཡོད་འདུག
བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ལས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།