དགོངས་ཚུལ།

ཤར་ཏུང་ཀི་སི་ཐན་ནང་རྡུལ་ཕྲན་མཚོན་ཆ་ཚོད་ལྟའི་ཤུགས་རྐྱེན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༣ཉིན། འདི་ལོ་ཕྱི་ཟླ་༢པའི་ཚེས་༢༩ཉིན་བྷེལ་ཇམ་གྱི་རྒྱལ་ས་བྷུ་ཟལ་དུ་ཡོ་རོབ་གྲོས་ཚོགས་ཀྱི་ལྷན་ཚོགས་ཐོག་ཤར་ཏུང་ཀི་སི་ཐན་ནང་རྒྱ་ནག་གཞུང་གིས་རྡུལ་ཕྲན་མཚོན་ཆའི་ནུས་ཤུགས་ཚོད་ལྟ་བྱེད་བཞིན་པའི་དེའི་ཤུགས་རྐྱེན་སྐོར་གླེང་སློང་དང་སྙན་ཐོ་ཞིག་བཏོན་ཡོད་པ་རེད།

སྐབས་དེར་གླེང་གཞི་གཙོ་བོར་རྒྱ་ནག་གཞུང་གིས་དུས་ཡུན་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ཤར་ཏུང་ཀི་སི་ཐན་ནང་མངོན་མིན་གྱི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་ཚོད་ལྟ་བྱེད་བཞིན་ཡོད་པའི་སྐོར་རེད་འདུག་ལ། རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༥༡ལོ་ནས་རྡུལ་ཕྲན་མཚོན་ཆའི་ལས་གཞི་འགོ་འཛུགས་ཀྱིས་ཨུ་རུ་སུ་དང་གསང་བའི་ཆིངས་ཡིག་བཞག་ཡོད། འོན་ཀྱང་ཕྱི་ལོ་༡༨༦༠ཐམ་པ་ལོར་རྒྱ་ནག་དང་ཨུ་རུ་སུ་གཉིས་དབར་གྱི་མཉམ་འབྲེལ་གྱི་རྡུལ་ཕྲན་ལས་གཞི་མཇུག་སྒྲིལ་ཡོད།

ཕྱི་ལོ་༡༩༦༤ལོའི་ཕྱི་ཟླ་༡༠པའི་ནང་རྒྱ་ནག་གིས་ཤར་ཏུང་ཀི་སི་ཐན་ནང་ཆེས་ཐོག་མའི་༼༥༩༦༽རྟགས་ཅན་གྱི་རྡུལ་ཕྲན་མཚོན་ཆའི་འབར་རྫས་བཟོ་སྐྲུན་བྱས་ཡོད། ཕྱི་ལོ་༡༩༦༤ནས་༡༩༩༦བར་ཤར་ཏུང་ཀི་སི་ཐན་གྱི་ལོ་ཕུ་ནོར་ 罗布泊Lop Nor  ཟེར་བའི་ས་ཆ་དེར་རྡུལ་ཕྲན་ལས་གཞི་བསྟི་གནས་ཁག་༤༦ཙམ་ཡོད་པའི་ཤེས་རྟོགས་བྱུང་བའི་ནང༌། Thermonuclear blasts མེ་ཤུགས་འཕུར་མདེལ་དང༌། Neutron bombs  ཉིལ་རྡུལ་འབར་མདེལ།  Atomic bomb རྡུལ་ཕྲན་འབར་མདེལ་བཅས་ཚོད་ལྟའི་བརྟེན་གཞི་ཁག་༢༢ཙམ་ས་འོག་ཏུ་ཡོད་འདུག

ཤར་ཏུང་ཀི་སི་ཐན་གྱི་རྒྱལ་ས་ Urumqi ཨུ་རུ་མུ་ཆིངས་དང༌། Turpan ཐུར་ཕན་ནམ་ Tulufan ཐུ་ལུ་པན། Qumul ཁུ་མུལ། Korla ཁོར་ལཱ་བཅས་ནི་རྒྱ་ནག་གིས་རྡུལ་ཕྲན་གྱི་ནུས་ཤུགས་ཚོད་ལྟ་བྱེད་བཞིན་པའི་ས་གནས་罗布泊 Lop Nor  ལོ་ཕུ་ནོར་ལས་བར་ཐག་སྤྱི་ལེ་༣༢༠ཙམ་ལས་མེད། རྡུལ་ཕྲན་རྫས་ཀྱིས་རྐྱེན་པས་འདས་པའི་དུས་ཡུན་ལོ་ངོ་༣༢ ནང་ས་ཁུལ་དེ་དག་ནང་ཁྱོན་མི་གྲངས་༢༠༠༠༠༠་ཙམ་འཆི་སྐྱོན་དང༌། ཁྱོན་མི་གྲངས་ས་ཡ་༡་༥ཙམ་ལ་རྡུལ་ཕྲན་འོད་རླབས་ཀྱིས་ལུས་ཟུངས་ཉམས་པའི་ཤུགས་རྐྱེན་ཐེབས་ཡོད།

ཤར་ཏུང་ཀི་སི་ཐན་ནང་རྒྱ་ནག་གཞུང་གིས་རྡུལ་ཕྲན་བཟོ་སྐྲུན་སྐབས། plutonium ༼ རྡུལ་ཕྲན་ནུས་ཤུགས་ལ་མཁོ་བའི་རྫས་ཤིག་༽རྡུལ་རྫས་བར་སྣང་དུ་བཏང་བའི་གྲངས་འབོར་ས་ཡ་༦ཟིན་གྱི་ཡོད་སྟབས། རྡུལ་རྫས་དེའི་རྐྱེན་པས་འཛམ་གླིང་ཁྱོན་ལ་མི་གྲངས་ས་ཡ་༡ལྷག་ཙམ་ཞིག་ལ་གྲུམ་ནད་ཀྱི་ན་ཚ་འགོས་པའི་ཤུགས་རྐྱེན་ཐེབས་ཡོད།

དེར་བརྟེན་ཉེ་ཆར་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང༌། World Uyghur Congress (WUC) འཛམ་གླིང་ཡུ་གུར་མཐུན་ཚོགས། རྒྱལ་ཞུགས་མིན་པའི་ཚོགས་སྡེ། དེ་བཞིན་བྷེལ་ཇམ་ཡུ་གུར་མཐུན་ཚོགས་བཅས་མཉམ་འབྲེལ་གྱིས། “50 years after test 596 – China’s nuclear programme in East Turkestan and its impact today” ༼༥༩༦ཚོད་ལྟ་བྱས་ནས་ལོ་༥༠རྗེས་རྒྱ་ནག་གིས་ཤར་ཏུང་ཀི་སི་ཐན་ནང་རྡུལ་ཕྲན་མཚོན་ཆའི་ལས་གཞི་དང་དེའི་ཤུགས་རྐྱེན་༽ཞེས་པའི་བརྗོད་གཞི་ཐོག་ལྷན་ཚོགས་ཤིག་གོ་སྒྲིག་བྱས་ཡོད་འདུག

ལྷན་ཚོགས་ཐོག་ལོ་ངོ་༣༠ཙམ་གྱི་གོང་དུ་རྒྱ་ནག་གཞུང་གིས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་པའི་རྐྱེན་གྱིས་ཁྱོན་མི་གྲངས་༢༠༠་༠༠༠ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང༌། རྒྱ་ནག་གིས་ཀྱང་དེ་སྔོན་ཕྱི་ལོ་༡༩༩༦ལོར་རྡུལ་ཕྲན་ནུས་ཤུགས་ཚོད་ལྟ་བཀག་འགོག་བྱེད་པའི་གྲོས་ཆོད་ལ་ས་རྟགས་བརྒྱབ་ཀྱང༌། ད་ལྟ་བར་རྒྱ་ནག་གིས་གྲོས་ཆོད་ལག་བསྟར་རྩ་བ་ནས་བྱས་མེད། ང་ཚོས་གནས་ཚུལ་འདི་མཉམ་སྦྲེལ་རྒྱལ་ཚོགས་སུ་བསྐྱལ་རྒྱུ་བརྗེད་མི་ཉན་ལ། ཡོ་རོབ་གྲོས་ཚོགས་དང་མཉམ་སྦྲེལ་རྒྱལ་ཚོགས་ཐེ་བའི་གཞུང་འབྲེལ་མིན་པའི་ཁོར་ཡུག་ལྟ་རྟོགས་ཚོགས་པ་ཁག་གིས་ཀྱང་ཛ་དྲག་གི་གནས་སྟངས་འདིར་མུ་མཐུད་ནས་ངེས་པར་དུ་དོ་སྣང་བྱེད་དགོས་ཞེས་གསུངས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༤༢༠༡༢༠༢༠༠
གར་སྲིད་ང་ལ་རྡུལ་ཕྲེན་མཚོན་ཆ་ཞིག་ཡོད་ན་། ཚོད་ལྟ་དེ་རྣོམ་རྡེ་སྒོ་མོ་ཆེ་ལ་བྱེད་ས་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།