ཐེངས་༡༩པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་བོད་དོན་སྙན་ཐོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡ཉིན། ཕྱི་ཟླ་༢པའི་ཚེས་༢༧ནས་ཕྱི་ཟླ་༣པའི་ཚེས་༢༣བར་སུད་སིའི་གྲོང་ཁྱེར་ཇི་ནིང་ཝའི་ནང་འཚོགས་བཞིན་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༡༩པའི་ཐོག རྒྱ་ནག་གིས་མི་རིགས་དབྱེ་འབྱེད་ཀྱིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་སྐོར་བསྒྲགས་གཏམ་སྙན་ཐོ་ཞིག་བཏོན་ཡོད་པ་རེད།

སྙན་ཐོ་དེ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༡༩པའི་ཐོག་ཕེབས་པའི་སྐུ་ཚབ་ཚང་མར་འགྲེམས་སྤེལ་བྱ་རྒྱུ་དང༌། སྙན་ཐོ་བསྒྲགས་གཏམ་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་ཡོད་པའི་བོད་མི་ཚོར། ཆོས་ལུགས་དམ་དྲག་དང་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་ཟིན་བཞིན་པ་དང༌། ད་དུང་བོད་མིའི་འཚོ་བ་དང་དཔལ་འབྱོར་འཕེལ་རྒྱས་ཐེ་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་རྡོག་རོལ་གཏོང་བཞིན་པའི་གནས་ཚུལ་བཅས་བཀོད་ཡོད་པ་རེད།

སྙན་ཐོ་དེའི་ནང་དཔེར་ན་འགྲོ་བ་མིའི་ཐོབ་ཐང་ལ་ཆགས་བཞག་ན་རྒྱ་ནག་གཞུང་གིས་བོད་མིའི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌། ལྷག་པར་ཆོས་དད་རང་དབང་ལ་དམ་དྲག་ཤུགས་ཆེ་བྱས་རྐྱེན། ཕྱི་ལོ་༢༠༠༩ནས་ཁྱོན་བོད་མི་༢༡གིས་རང་ལུས་མེ་སྲེག་བཏང་ཡོད།

ཁྲིམས་ལུགས་དང་ཤེས་ཡོན་སློབ་གསོ་ཐད། བོད་ནང་གི་ས་ཁུལ་མང་པོར་སློབ་གྲྭ་ཚད་ལྡན་མེད་པ་དང༌། ལྷག་པར་སློབ་གྲྭ་མང་ཆེ་བའི་ནང་བོད་ཡིག་ནི་སྐད་ཡིག་གི་སློབ་ཚན་ཙམ་ལས། གཞན་སློབ་ཚན་ཁག་མང་ཆེ་བ་རྒྱ་ཡིག་ནང་སློབ་ཁྲིད་བྱེད་ཀྱིན་ཡོད་པས་དེའི་རྐྱེན་གྱིས་དེ་སྔོན་ཕྱི་ལོ་༢༠༡༠ལོར་པེ་ཅིང་དང་མཚོ་སྔོན་སོགས་སུ་སློབ་མ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་ཐུག་ཡོད།

གཞན་ཡང་ཕྱི་ལོ་༢༠༠༨ནས་བོད་མི་ཚོས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་དགོས་པའི་སྐད་འབོད་ཙམ་བྱས་པར་རྒྱ་ནག་གཞུང་གིས་བོད་མི་མང་པོ་བཙོན་འཇུག་དང༌། རྡུང་སྡེབ། དུས་ཡུན་རིང་པོ་ཁྲིམས་ཆད་བཅད་པ། ད་ལྟའི་ཆར་རྔ་པ་དང་། གསེར་རྟ། རྟའུ། བྲག་མགོ་སོགས་སུ་གནས་ཚུལ་ཛ་དྲག་ཡིན་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་བཀོད་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༠༣༢༠༡༢༢༡༤༥
བོད་ཀྱི་བཀའ་ཁྲི་མཆོག་ལ་འཚམས་འདྲའི་བཀྲ་ཤིས་བདེ་ལེགས་ཞུའོ། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག།
1 ༠༣༢༠༡༢༡༩༡༥
ང་ཕྱི་རྒྱལ་ལ་ཡོད་མེད་་མ་སྟོད་པར་དྲང་བོར་བརྗོད་རྒྱུ་གལ་ཆེན་པོ་རེད



བརྗོད་གཞི་གཞན་ཁག་ལ་གཟིགས།