དགོངས་ཚུལ།

བཀའ་ཁྲི་མཆོག་གིས་ཨི་ཊ་ལིའི་གནད་ཡོད་མི་སྣ་འགར་མཇལ་མོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༢༩ཉིན། ཟླ་འདིའི་ཕྱི་ཚེས་༢༧ཉིན། ཨི་ཊ་ལི་ལྷོ་ཊི་རོལ་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཌོན་ཝལ་ཌིར་མཆོག་གིས་མགྲོན་འབོད་ཞུས་པ་ལྟར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ཨི་ཊ་ལིའི་གྲོང་ཁྱེར་མའི་ལཱན་(Milan) དུ་ཕེབས་འབྱོར་གྱིས་ཁུལ་དེའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་འདུག

སྐབས་དེར་ཁུལ་དཔོན་མཆོག་གིས་བཀའ་ཁྲི་མཆོག་ལ་ཕེབས་བསུ་ཞུས་ཡོད་པ་མ་ཟད། ལོ་ན་གཞོན་ཞིང་ཤེས་ཡོན་ལྡན་པའི་དབུ་ཁྲིད་བློ་བཟང་སེང་གེ་མཆོག་དང་མཛའ་བརྩེའི་འབྲེལ་བ་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་ཐུབ་པར་ཧ་ཅང་དགའ་བོ་བྱུང་ཞེས་སོགས་གསུངས་ཡོད་པ་དང༌། དེ་བཞིན་བཀའ་ཁྲི་མཆོག་ནས་ལྷོ་ཊི་རོལ་རང་སྐྱོང་ཁུལ་ལས་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་མའོ་རོ་མཱན་ནའི་ཊི་མཆོག་དང་མཇལ་མོལ་གནང་ཡོད་པ་མ་ཟད། ཚོགས་གཙོ་མཱན་ནའི་ཊི་མཆོག་གིས་བཀའ་ཁྲི་མཆོག་ཕྱོགས་སྐྱོད་ཀྱིས་བོད་ནང་གི་བོད་མི་ཚོའི་དཀའ་སྡུག་འགྲེལ་བརྗོད་གནང་བཞིན་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་ལ། མང་གཙོའི་དཀའ་གནད་ལ་དོ་ཁུར་དང་ངོས་ལེན་མི་བྱེད་མཁན་གཅིག་ཀྱང་མེད་ཅེས་སོགས་གསུངས་ཡོད་འདུག

ཉིན་དེའི་ཕྱི་དྲོར། བཀའ་ཁྲི་མཆོག་གིས་གསར་འགྱུར་བརྒྱུད་ལམ་ཁག་གི་ཆེད་དོན་དྲི་བར་ལན་འདེབས་གནང་ཡོད་པ་དང༌། དེ་ནས་ཨི་ཊ་ལི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Matteo Mecacci) མཆོག་དང༌། དེ་བཞིན་ཊིན་ཊོ་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ལའོ་རན་ཟའོ་ཌེལ་ལེ་མཆོག་སོགས་སུ་ཐུག་འཕྲད་ཀྱིས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་དེ་བཞིན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་དབང་རྩིས་སྤྲོད་གནང་བའི་སྐོར་སོགས་འགྲེལ་བརྗོད་གནང་ཡོད་པ་མ་ཟད། བཀའ་ཁྲི་མཆོག་ནས་ང་རང་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་ཅིག་ཡིན་པའི་ཆ་ནས་བོད་ནང་རང་དབང་དང༌།  ྋགོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་རེ་བ་དང་འབད་བརྩོན་བྱེད་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། ཕྱོགས་མཚུངས་བཀའ་ཁྲི་མཆོག་གིས་ཨི་ཊ་ལིའི་མི་མང་དང་གྲོས་ཚོགས་ལ་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།