དགོངས་ཚུལ།

ཨ་རིའི་ཉིའུ་ཡོག་ཁུལ་དུ་ཡོད་པའི་བོད་རིགས་ཚོར་གསུང་བཤད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༢༨ཉིན། ཕྱི་ཟླ་ ༢༠༡༢ ཟླ་ ༢ ཚེས་ ༢༦ སྔ་དྲོ་ཆུ་ཚོད་ ༡༡ ཐོག་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ནིའུ་ཡོཀ་གྲོང་ཁྱེར་ ནང་ཡོད་པའི་ཨར་མི་ནི་ཡཱན་ཆ་ཆི་ཞེས་པའི་ཚོགས་ཁང་དུ་ཉིའུ་ཡོཀ་དང་ཉིའུ་འཇར་སི་ཁུལ་དུ་གནས་སྡོད་བོད་རིགས་མང་ཚོགས་ ༡༠༠༠ ལྷག་ཙམ་ལ་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་འདུག

ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན།  ཕྱི་ཟླ་ ༢༠༡༢ ཟླ་ ༢ ཚེས་ ༢༦ སྔ་དྲོ་ཆུ་ཚོད་ ༡༡ ཐོག་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ནིའུ་ཡོཀ་གྲོང་ཁྱེར་ནང་ཡོད་པའི་ཨར་མི་ནི་ཡཱན་ཆ་ཆི་ཞེས་པའི་ཚོགས་ཁང་དུ་ནིའུ་ཡོཀ་དང་།  ནིའུ་འཇར་སི་ཁུལ་དུ་གནས་སྡོད་བོད་རིགས་མང་ཚོགས་ ༡༠༠༠ ལྷག་ཙམ་ལ་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད།

དེ་ཡང་བཀའ་བློན་ཁྲི་པ་མཆོག་ཕྱི་ཚེས་ ༢༦ ཉིན་ཁེ་ཎ་ཌའི་གྲོང་ཁྱེར་ཊོན་རོན་ཊོ་ནང་གཞུང་འབྲེལ་ཕྱོགས་ཕེབས་གྲུབ་སྟེ་ནིའུ་ཡོཀ་གནམ་ཐང་དུ་ཕེབས་འབྱོར་སྐབས་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང་། བྱང་ཨ་རིའི་སྤྱི་འཐུས་ནོར་བུ་ཚེ་རིང་ལགས།  ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་བཟང་པོ་ལགས། ཚོགས་སྐྱིད་ཁག་གི་སྐུ་ཚབ་བཅས་ཀྱིས་ཕེབས་བསུ་ཞུས་ཡོད།  དེ་ནས་གསུང་བཤད་གནང་ཡུལ་ཚོགས་ཁང་གི་སྒོ་འགྲམ་དུ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་དང་རྒྱུན་ལས།  བུད་མེད་ལྷན་ཚོགས། ཚོགས་སྐྱིད་ཁག་གི་སྐུ་ཚབ།  བོད་ཀྱི་ཐེབས་རྩའི་འགན་འཛིན།  སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད།  སློབ་ཕྲུག་བཅས་ཀྱིས་གྲོ་སོ་ཕྱེ་མར་དང་མཇལ་དར་ཕུལ་ཏེ་ཕེབས་བསུ་ཞུས།

བོད་རིགས་སྤྱི་མཐུན་ཚོགས་པའི་དྲུང་ཆེ་ནོར་བུ་ལྷ་མོ་ལགས་ཀྱིས་གསུང་བཤད་དབུ་འཛུགས་ཀྱི་གསལ་བསྒྲགས་དང་འབྲེལ་བོད་རྒྱལ་ཁབ་ཆེན་པོའི་བོད་རྒྱལ་གླུ་ཕུལ་གྲུབ་མཚམས་གཞིས་ལུས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་གུས་འདུད་དང་ངག་བཅད་སྐར་མ་གཅིག་གནང་།  དེ་ནས་ཨ་རི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་ཨ་རིར་གནས་སྡོད་བོད་མི་ཚང་མའི་ཚབ་ཞུས་ཏེ་བཀའ་བློན་ཁྲི་པ་མཆོག་གིས་ས་གནས་སྤྱི་མཐུན་ཚོགས་པས་སྐུ་ཚབ་དོན་གཅོད་ཁང་བརྒྱུད་མང་ཚོགས་ལ་གསུང་བཤད་གནང་སྐྱོང་ཡོང་བའི་སྙན་སེང་ཞུས་པ་ལྟར་ཁས་ལེན་གནང་བར་ཐུགས་རྗེ་ཆེ་ཞུས།  ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་བཟང་པོ་ལགས་ཀྱིས་གསུང་བཤད་གོ་སྒྲིག་ཞུ་དགོས་པའི་ངོ་སྤྲོད་གསུང་བཤད་གནང་།  དེ་རྗེས་བཀའ་བློན་ཁྲི་མཆོག་གིས་གཙོ་བོ།  བོད་ནང་བྱུང་དང་འབྱུང་བཞིན་པའི་ཛ་དྲག་གནས་སྟངས་དང་བྱང་ཨ་རིའི་ནང་གི་རེས་གཟའ་སྤེན་པ་དང་ཉི་མའི་བོད་ཡིག་སློབ་གྲྭའི་ཕན་ནུས་སྐོར། རྡ་རམ་ས་ལར་ཡོད་པའི་བོད་མིའི་སྒྲིག་འཛུགས་ནི་གཞིས་བྱེས་གཉིས་ནས་ངོས་ལེན་ཡོད་ཅིང་།  དགའ་ལྡན་ཕོ་བྲང་གཞུང་གི་ལོ་རྒྱུས་རྒྱུན་མཐུད་པའི་ཁྲིམས་མཐུན་བདག་དབང་ལྡན་པའི་སྒྲིག་འཛུགས་ཤིག་ཡིན་པའི་སྐོར།

བཀའ་ཁྲིའི་དམ་འབུལ་མཛད་སྒོ་གྲུབ་རྗེས་ཨ་རི་དང་ཡུ་རོབ་ཁུལ་དུ་ཕེབས་ནས་གནད་ཡོད་དཔོན་རིགས་མཇལ་འཕྲད་སྐབས་ཚང་མས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་པ་བཅས་རྒྱལ་སྤྱིའི་ཐོག་བོད་དོན་གནས་བབ་སྐོར། གྲོས་ཚོགས་ལ་བཀའ་ཤག་ནས་རྒྱབ་སྐྱོར་ཡག་པོ་ཡོད་པ་དང་།  བཀའ་ཤག་ལྷན་རྒྱས་དང་སྲི་ཞུ་བ་ཚང་མས་ཧུར་ཐག་འབད་ཐག་གནང་གི་ཡོད་སྐོར།  བོད་དང་བོད་མིར་བཀའ་དྲིན་ཆེ་བའི་རྒྱ་གར་གཞུང་མང་གཉིས་མ་བརྗེད་པར་ཡང་ཡང་དྲན་དགོས་རྒྱུ་གལ་ཆེ་ཡིན་སྐོར། ཕྱི་ལོ་ ༢༠༠༩ ནས་རྩིས་ན་གཞིས་ལུས་བོད་མི་ཉེར་གསུམ་གྱིས་རང་ལུས་མེ་ལ་བསྒྲོན་པའི་རེ་བ་ཆུད་ཟོས་སུ་མི་འགྲོ་བ་བྱེད་དགོས་པའི་སྐོར།  རང་དབང་ལུང་པར་གནས་པའི་བོད་མི་བཙན་བྱོལ་བ་ཚོས་གཞིས་ལུས་བོད་མིའི་རེ་བ་ཆུད་ཟོས་སུ་མི་བཏང་བར་མུ་མཐུད་ཆིག་སྒྲིལ་ལ་འབད་བརྩོན་བྱས་ནས་བོད་ཀྱི་རང་དབང་སླར་གསོ་བྱེད་རྒྱུ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་གངས་ཅན་ལྗོངས་སུ་༸ཞབས་སོར་འཁོད་པའི་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་ཐུབ་རྒྱུར་ཐེ་ཚོམ་མེད་པ་སོགས་ཀྱི་སྐོར་ལ་གསུང་བཤད་ཟབ་རྒྱས་གནང་སྟེ་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་།

ཆུ་ཚོད་ ༡།༣༠ ཐོག་གསུང་བཤད་མཇུག་བསྒྲིལ་རྗེས་བྱང་ཨ་རིའི་སྤྱི་འཐུས་ནོར་བུ་ཚེ་རིང་ལགས་ཀྱིས་མང་ཚོགས་ལ་གསུང་བཤད་གནང་ཡོད། བཀའ་ཁྲི་མཆོག་གིས་གསུང་བཤད་གྲུབ་རྗེས་ཐད་ཀར་ནིའུ་ཡོཀ་གནམ་ཐང་དུ་ཕེབས་ཏེ་ཨི་ཊ་ལི་སོགས་རྒྱལ་ཁབ་ཁག་གཅིག་ལ་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས་གནང་ཡོད། ཐེངས་འདིའི་ནིའུ་ཡོཀ་གི་གསུང་བཤད་དེ་ནི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་།  ཨ་རི་སྐུ་ཚབ་དོན་ཁང་ནས་གོ་སྒྲིག་ཞུས་ཤིང་།  གསུང་བཤད་ཉན་པར་ཕེབས་མཁན་སེར་སྐྱ་མི་མང་ཚོགས་ཁང་ནང་མ་ཤོང་པར་ཡར་ལངས་ནས་བསྡད་དགོས་བྱུང་ཡོད་ལ།  མང་ཚོགས་ཡོངས་ཀྱིས་སྤྲོ་སེམས་འཁོལ་ཞིང་།  ཁོང་རྣམ་པས་བཀའ་ཁྲི་མཆོག་ལ་ཕེབས་བསུ་སྣེ་ལེན་ཞུས་ཏེ་དགའ་སྤོབས་ལྡན་པའི་རྣམ་པའི་ཁྲོད་ཐེངས་འདིའི་གསུང་བཤད་མཇུག་སྒྲིལ་གནང་ཡོད་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།