དགོངས་ཚུལ།

མཉམ་སྦྲེལ་རྒྱལ་ཚོགས་མདུན་དུ་བོད་མི་༣གྱིས་ཟས་བཅད་ངོ་རྒོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༢༠༡༢ཟླ་༢ཚེས་༢༥ཉིན། ཟླ་འདིའི་ཕྱི་ཚེས་༢༢ཏེ་བོད་ཀྱི་ལོ་གསར་ཚེས་༡ཉིན་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་གོ་སྒྲིག་སྣེ་ཁྲིད་འོག ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་ཡོད་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་༣གྱིས་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ཞིག་འགོ་འཛུགས་བྱས་ཡོད།

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་དུ་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་མཁན་ནི། དགུང་ལོ་༣༢ཡིན་པའི་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པ་ནས་བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་དང༌། དགུང་ལོ་༥༩ཡིན་པའི་ཨ་རིར་གནས་སྡོད་རྡོ་རྗེ་རྒྱལ་པོ་ལགས། རང་ལོ་༣༩ཡིན་པའི་རྒྱ་གར་བྱང་ཕྱོགས་དྷེ་ར་རྡུན་མངའ་ཁུལ་ཧར་པ་ཕུར་ས་གནས་གཞོན་ནུའི་ཚོགས་ཟུར་ཡེ་ཤེས་བསྟན་འཛིན་ལགས་བཅས་རེད་འདུག

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས། ང་ཚོས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྒོ་ཁར་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་སྤེལ་དགོས་ནི། བོད་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེ་སྲེག་བཏང་བར་གདུང་སེམས་མཉམ་སྐྱེད་དང༌། བོད་ནང་དུ་བོད་མི་ཞི་བའི་ངོ་རྒོལ་བ་རྣམས་དམར་གསོད་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་དང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐེ་གཏོགས་དང་འབོད་སྐུལ་གནང་དགོས་པའི་དགོས་འདུན་འདོན་གྱིན་ཡོད་ཅེས་གསུངས་འདུག

དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་ནས་དེ་རིང་བར་ཉིན་གྲངས་༤ཕྱིན་ཡོད་པ་དང༌། ཟས་བཅད་ངོ་རྒོལ་བ་རྣམས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་མཉམ་འབྲེལ་རྒྱལ་ཚོགས་ལ་ཛ་དྲག་གི་དགོས་འདུན་དོན་ཚན་ལྔ་བཏོན་གནང་འདུག

༡། མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ད་ལྟའི་ཆར་བོད་ནང་དུ་ཛ་དྲག་གནས་སྟངས་རྟོགས་ཞིབ་ཆེད་ཞིབ་འཇུག་ཚོགས་ཆུང་འཕྲལ་དུ་གཏོང་དགོས།

༢། མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་རྒྱ་གཞུང་གིས་བོད་ནང་དྲག་གནོན་བྱེད་བཞིན་པའི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས།

༣། བོད་ནང་དུ་ཛ་དྲག་གི་གནས་སྟངས་ཤེས་རྟོགས་ཡོང་བར་རྒྱལ་སྤྱིའི་རང་དབང་ལྡན་པའི་གསར་འགོད་པ་བོད་ནང་དུ་འགྲོ་བསྐྱོད་ཆོག་པའི་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས།

༤། པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང༌།  སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྣམ་གཉིས་ཀྱིས་གཙོས་པའི་བོད་ནང་དུ་ཆབ་སྲིད་བཙོན་པ་ཚང་མ་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་གནོན་ཤུགས་སྤྲོད་དགོས།

༥། རྒྱ་ནག་གཞུང་གིས་བོད་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་འཕྲལ་དུ་མཚམས་འཇོག་བྱེད་དགོས་ཅེས་བྲིས་འདུག

ཡང་ད་ལྟ་རང་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ནེའུ་གྲོང་ཁྱེར་གྱི་ཉེན་རྟོག་པས་ཟས་བཅད་ངོ་རྒོལ་བ་རྣམས་ལ་རྒྱལ་ཚོགས་ཀྱི་མདུན་དུ་ཕུག་ཡོད་པའི་གུར་རྣམས་ཕྱིར་བསྡུ་བྱེད་དགོས་པའི་བཀའ་བཏང་ཡོད་འདུག་ལ། མ་ཚད་གནམ་གཤིས་ཧ་ཅང་གྲང་མོ་ཡོད་ཀྱང་ཟས་བཅད་ངོ་རྒོལ་བ་རྣམས་ཀྱིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བཟང་ཕྱོགས་ཀྱི་ལན་འདེབས་ཞིག་མ་བྱས་བར་ངོ་རྒོལ་མཚམས་འཇོག་མི་བྱེད་པའི་དམ་བཅའ་གཏན་པོ་བཟུང་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།