འབྲེལ་མོལ་ཐེངས་བརྒྱང་པ་དང་ད་ལྟའི་བོད་ཀྱི་གནས་སྟངས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

10november2008རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་ཟླ་༡༡ཚེས་༡༡ཉིན་སྤེལ། རྒྱ་ནག་གཞུང་གིས་རྒྱ་ནག་གཞུང་གི་འབྲེལ་ཡོད་དཔོན་རིགས་དང་ྋགོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་དབར་འབྲེལ་མོལ་ཐེངས་བརྒྱད་བྱས་ཡོད་ཀྱང་དེ་ལ་བཟང་ཕྱོགས་ཀྱི་འཕེལ་རྒྱས་གང་ཡང་བྱུང་མེད་པ་དང་དེའི་འགན་འཁྲི་ཡོངས་རྫོགས་ཏཱ་ལའི་བླ་མའི་ཕྱོགས་སུ་ཡོད་ལུགས་བརྗོད་པ་དང་ད་ལྟའི་བོད་ཀྱི་གནས་སྟངས་སྐོར་ཕྱི་རྒྱལ་གསར་འགོད་པ་ཞིག་གིས་དངོས་སུ་མཐོང་སྟེ་གསལ་སྟོན་བྱས་ཡོད་པ་རེད།

དེ་ཡང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་དབུས་རྒྱུན་བློན་ཆེན་གཞོན་པ་ཀྲུའུ་འོད་ཇུན་གྱིས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་བརྗོད་པར་གཞིགས་ན། རྒྱ་ནག་གཞུང་གི་འབྲེལ་ཡོད་དཔོན་རིགས་དང་ྋགོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་དབར་འབྲེལ་མོལ་ཐེངས་བརྒྱད་བྱས་ཡོད་ཀྱང་དེ་ལ་བཟང་ཕྱོགས་ཀྱི་འཕེལ་རྒྱས་གང་ཡང་བྱུང་མེད་པ་དང་དེའི་འགན་ཡོངས་རྫོགས་ཏཱ་ལའི་བླ་མའི་ཕྱོགས་སུ་ཡོད་ལུགས་བརྗོད་ཡོད་པ་རེད།

རྒྱ་ནག་འཐབ་ཕྱོགས་ཅིག་གྱུར་ལས་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་འོད་ཇུན་གྱིས་མུ་མཐུད་ནས་བརྗོད་དོན།

ཏ་ལའི་བླ་མའི་སྐུ་སྒེར་གྱི་སྐུ་ཚབ་ནས་བོད་མི་གནས་ཡུལ་གྱི་རང་སྐྱོང་ས་ཁུལ་ཡོངས་རྫོགས་གཅིག་ཏུ་བསྒྲིལ་ནས་རང་སྐྱོང་ལྗོངས་སུ་བསྒྱུར་རྒྱུའི་བོད་ཆེན་པོ་ཞེས་པའི་དགོས་འདུན་བཏོན་པ་དེ་ནི་མི་འོས་པ་ཞིག་ཡིན་པ་དང༌། ཁོང་ཚོར་དགོས་འདུན་དེ་འདྲ་བཏོན་རྒྱུའི་ཐོབ་ཐང་གང་ཡང་མེད་པ་རེད། ཏཱ་ལའི་བླ་མས་བཏོན་པའི་བོད་ཆེན་པོ་ཞེས་པ་དེ་ནི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་ཞིག་རེད་ལ། དོན་དངོས་ཀྱི་གཞི་འཛིན་ས་ཡང་དེ་བས་ཀྱང་མེད་ལུགས་བཤད་ཡོད་པ་རེད། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་དཔོན་རིགས་ཀྲུའུ་འོད་ཇུན་གྱིས་གོང་ཞུས་སྐད་ཆ་དེ་གཟའ་ཟླ་བའི་ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་ལས་ཁང་གིས་སྤེལ་བའི་གསར་འགོད་ལྷན་ཚོགས་ཐོག་བརྗོད་པ་ཞིག་ཡིན་པ་དང༌། གསར་འགྱུར་ བརྒྱུད་ལམ་ཁག་གིས་དེའི་སྐོར་གནས་ཚུལ་འཁོད་པའི་ནང་ད་རེས་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ལས་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་འོད་ཇུན་གྱི་གོང་ཞུས་སྐད་ཆ་དེ་དག་ཕྱི་ལོ་ཉིས་སྟོང་གཉིས་ལོ་ནས་བཟུང་བོད་རྒྱའི་འབྲེལ་མོལ་ཐེངས་དགུ་ཙམ་གནང་བའི་བརྒྱུད་རིམ་ནང་ཡོངས་ཁྱབ་ཐོག་ནས་སྐྱོན་བརྗོད་བྱེད་རྒྱུར་ཤུགས་ཆེ་ཤོས་ཤིག་ཡིན་ཚུལ་འཁོད་འདུག གཞན་ཡང་ཕྱི་ནང་གི་གསར་འགོད་པ་མང་པོ་ཞིག་གིས་དྲི་བར་ཀྲུའུ་འོད་ཇུན་གྱིས་གཙོས། བོད་རིགས་སྲིད་ཐར་དང་པདྨ་འཕྲིན་ལས་གཉིས་ནས་ཀྱང་ལན་འདེབས་བྱེད་ཁུལ་སྐྱོན་བརྗོད་ཤུགས་ཆེན་ཞུས་ཡོད་པ་རེད།

ད་ལྟའི་བོད་ཀྱི་གནས་སྟངས་སྐོར་ཕྱི་རྒྱལ་གསར་འགོད་པའི་དངོས་མཐོང༌།

བརྒྱ་ནག་གི་དབང་འཛིན་འོག་ཏུ་གནས་བཞིན་པའི་བོད་ཀྱི་ས་ཁུལ་ཁག་ཏུ་བོད་མི་རྣམས་ཀྱིས་རྒྱ་ནག་གི་དབང་འཛིན་ལ་ངོ་རྒོལ་བསྐྱར་དུ་ཡོང་སྲིད་པའི་སྐོར་དོགས་པ་དང་ཞེད་སྣང་བྱེད་བཞིན་ཡོད་པའི་གནས་ཚུལ་སྐོར་ཉེ་ཆར་བོད་ནང་ཉིན་༤རིང་ཕེབས་མྱོང་མཁན་ཨོ་སི་ཊོ་ལི་ཡའི་གསར་འགོད་པ་ཀེམ་རོན་ས་ཊི་བྷ་ཊི་རྒྱལ་ས་པེ་ཅིང་དུ་ཕེབས་སྐབས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་བཀའ་འདྲི་ཞུས་པར་གསུངས་དོན། ངོས་ནས་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་ལ་བཀའ་འདྲི་ཞུས་པར་ཁོང་གིས་ཏ་ལའི་བླ་མ་དང་ཁོང་གི་རྗེས་འཇུག་པ་རྣམས་ཀྱིས་ཁ་བྲལ་གྱི་ལས་དོན་མགྱོགས་སུ་བཏང་ཡོད་པའི་རྒྱུ་མཚན་གྱིས་བོད་ནང་ཉེ་སྔོན་བདེ་འཇགས་ཤུགས་ཆེ་རུ་བཏང་ཡོད་པའི་ངོས་ལེན་དང་དེར་བརྟེན་བོད་ནང་དམ་དྲག་ཆེན་པོ་ཡོད་པའི་རྒྱུ་མཚན་དེ་ལ་ཐུག་ཡོད་ལུགས་འགྲེལ་བརྗོད་གནང་སོང་ཞེས་གསུངས་འདུག

གོང་ཞུས་ཨོ་སི་ཊོ་ལི་ཡའིགསར་འགོད་པ་ཀེམ་རོན་ས྄ཊི་བཊ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གིས་གདན་ཞུ་ཕུལ་བའི་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་མི་གྷེལ་ཇོན་སོན་དང་ལྷན་དུ་ཉིན་༤རིང་ཕེབས་ཡོད་པ་དང་ཁོང་ལ་རྒྱ་ནག་གཞུང་གིས་གོ་བསྒྲིགས་ཞུས་པའི་འཆར་གཞི་ལྟར་མ་གཏོགས་བོད་ཀྱི་དགོན་སྡེ་ཁག་དང་བཙོན་ཁང་ཁག་གི་ནང་འགྲོ་རྒྱུའི་ཆོག་མཆན་སྤྲད་མེད་པ་དང༌། ལྷག་དོན་དུ་ཁོང་གིས་གྲྭ་ཞི་བཙོན་ཁང་ནང་དུ་འགྲོ་རྒྱུའི་འདུན་པ་བཏོན་ཡོད་ཀྱང་མོས་མཐུན་བྱས་མེད་པ་རེད།

ཁོང་བོད་ནང་དུ་ཕེབས་པ་ཐེངས་དང་པོ་ཡིན་ཀྱང་བོད་མི་གནས་ཡུལ་གཙུག་ལག་དང་དེའི་ཉེ་འཁོར་ནང་དྲག་པོའི་གོ་མཚོན་ལྡན་པའི་ཉེན་རྟོག་དམག་མི་ཉིན་མཚན་མེད་པ་བལྟ་སྲུང་བྱེད་ཀྱི་ཡོད་པ་དང༌། ལྷག་པར་དུ་གཙུག་ལག་ཁང་སོགས་གནད་འགག་ཅན་གྱི་ཁང་པའི་སྟེང་ནས་འཇབ་མདའ་རྒྱབ་མཁན་བཞག་ཡོད་པ་གསལ་པོ་མཐོང་རྒྱུ་ཡོད་པའི་སྐོར་འགྲེལ་བརྗོད་གནང་བ་དང༌། ཡུལ་བསྐོར་སྤྲོ་འཆམ་གྱི་ཚོང་ལས་ཉམས་རྒྱུད་དུ་ཕྱིན་པ་སོགས་གསལ་པོ་མཐོང་རྒྱུ་ཡོད་ཚུལ་སོགས་ཀྱི་གནས་ཚུལ་འགྲེལ་བརྗོད་གནང་སོང༌ཞེས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་སྤེལ་ཡོད་པ་རེད།

ཉེ་ལམ་ཨོ་སི་ཊོ་ལི་ཡའི་སྲིད་བློན་ཀེ་ལྦིན་རུ་ཌི་མཆོག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཐོག་བརྡལ་བཤིག་གཏོང་གི་ཡོད་པའི་སྐྱོན་བརྗོད་ཀྱི་གཏམ་བཤད་གནང་བ་དེར་བོད་རང་སྐྱོང་ལྗོངས་ཟེར་བའི་སྤྱི་ཁྱབ་གཞོན་པ་པད་མ་འཕྲིན་ལས་ཀྱིས་ངོས་ལེན་གནང་མེད་པ་མ་ཟད། བོད་ནང་གི་བོད་མི་རྣམས་ལ་གང་ཅིའི་རང་དབང་ལོངས་སུ་སྤྱོད་ཀྱི་ཡོད་སྐོར་ལན་འདེབས་གནང་ཡོད་པ་རེད། པད་མ་འཕྲིན་ལས་ལགས་ཀྱི་བཀའ་མོལ་དེ་ཨོ་སི་ཊོ་ལི་ཡའི་གསར་ཤོག་ཅིག་གིས་ཁོང་ལ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བཅར་འདྲི་ཞུས་སྐབས་ལན་འདེབས་གནང་བར། དེ་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་དཔོན་རིགས་ཤིག་གིས་ཨོ་སི་ཊོ་ལི་ཡའི་སྲིད་བློན་ཀེ་ལྦིན་རུ་ཌི་མཆོག་གི་བཀའ་མོལ་གསུང་པ་དེར་ཐད་ཀར་ལན་འདེབས་གནང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

ཡིན་ནའང་སྲིད་བློན་རུ་ཌི་མཆོག་གི་མགྲིན་ཚབ་པ་ཞིག་གིས། ཨོ་སི་ཊོ་ལི་ཡའི་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་མུ་མཐུད་ཤུགས་སྣོན་བསྐྱོན་རྒྱུ་དང༌། ཁོང་གིས་ང་ཚོས་རྒྱ་ནག་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་དགོས་པ་དང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་སྐུ་ཚབ་རྣམ་པའི་དབར་གྲོས་མོལ་མུ་མཐུད་གནང་དགོས་པའི་འབོད་སྐུལ་བྱེད་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་གསར་ཤོག་གི་གསར་འགོད་པ་རྣམས་འདི་སྔོན་ཉིན་གྲངས་༤རིང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བཞུགས་སྐབས་ས་ཁུལ་དུ་རྒྱ་ནག་གི་དཔུང་དམག་ཤུགས་ཆེ་འགྲེམས་འཇོག་བྱས་ཡོད་པ་དངོས་སུ་མཐོང་ཡོད་པ་དང༌། ཁང་པའི་རྩེ་ཐོག་ནས་ལག་ཐོག་མེ་མདའ་འཁྱེར་མཁན་དང༌། ལམ་ཆེན་ཁག་ནང་དཔུང་དམག་ཤུགས་ཆེ་འགྲེམས་འཇོག་བྱས་ཡོད་པར་ཡང་མཐོང་ཡོད་པ་རེད།

ཡང་གནས་ཚུལ་ནང་མུ་མཐུད་འཁོད་དོན་ལ་གཞིགས་ན། བོད་རང་སྐྱོང་ལྗོངས་ཟེར་བའི་སྤྱི་ཁྱབ་གཞོན་པ་པད་མ་ཚེ་དབང་གིས་ཀྱང་བོད་ནང་སྲུང་སྐྱོབ་ཀྱི་ལས་དོན་གཞི་རྒྱ་ཆེ་རུ་བཏང་དགོས་པའི་རྒྱུ་མཚན་ནི་ཉེ་སྔོན་ཕྱི་ཟླ་གསུམ་པའི་ནང་བྱུང་བ་བཞིན་མི་མང་གི་རྒོལ་ལངས་ཀྱི་ཉེན་ཁར་གདོང་ལེན་ཆེད་ཡིན་སྐོར་ངོས་ལེན་གནང་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།