གསར་འགྱུར་གསར་པ།:
  • ཕྱི་ཚེས་༨ཉིན་པཱ་ཀི་སི་ཐན་ཁུལ་དུ་ཡོད་པའི་པཱ་ཇབ་གྱི་མངའ་སྡེ་ལ་ཧོ་རིས་ནང་རླངས་འཁོར་ཞིག་ནས་རང་སྲོག་བློས་བཏང་གི་གཏོར་རྒོལ་འོག་མི་༡༢བསད་ཡོད་པ་རེད།
    ༠༩༠༣༡༠
  • རྒྱལ་སྤྱིའི་བེུད་ཉིན་མོར་ལྕམ་ཧེ་ལ་རུ་ཁི་ལི་ཊོན་གྱིས་བེུད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ནི་བུད་མེད་ཀྱི་ཐོབ་ཐང་ཡིན་ཞེས་གསུངས་ཡོད་པ་རེད།
    ༠༩༠༣༡༠
  • ཡོང་ལ་ཉེ་བའི་གསུམ་བཅུའི་དུས་དྲན་ལ་དམིགས་ནས་རྒྱ་གཞུང་གིས་བོད་ནང་དུ་དམ་དྲག་བྱེད་བཞིན་ཡོད་པ་རེད།
    ༡༨༠༢༡༠
  • རྒྱ་གར་བྱང་ཕྱོགས་ཨུ་ཊར་མངའ་སྡེའི་ནང་ཧིན་དྷུའི་ལྷ་ཁང་ཞིག་གི་སྒོ་ཆེན་བརྡིབས་སྐྱོན་གྱིས་མི་༦༠འཆི་སྐྱོན་བྱུང་ཡོད་འདུག
    ༡༡༠༡༡༠
  • ཨ་རིས་དབྱི་རན་གྱི་རྡུལ་ཕྲན་གནད་དོན་ཐད་དམག་གི་སྟོབས་ཤུགས་སྤེལ་རྒྱུ་མིན་ཟེར།
    ༡༡༠༡༡༠
  • ཐའེ་ལན་ཌིའི་གཞུང་ཚབ་ཀྱིས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཐོངས་ཆེན་སྤྲད་ཡོད་མི་འདུག
    ༢༩༡༠༠༩

ཉེ་དུས་གསར་འགྱུར།

༢༠༡༡ལོའི་བཀའ་ཁྲི།?

མི་མང་གི་ཆེད་དུ། མི་མང་ནས་བསྐོས། མི་མང་གི་རང་དབང༌། མང་གཙོ།













གྲུབ་འབྲས།

ཞལ་འདེབས་གནང་ས།

བོད་ཀྱི་རིག་གཞུང་དང་རྒྱུད་འཛིན་སྲོག་ཉེན་འོག་ཚུད་ཡོད་ལུགས།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས༨ཉིན་སྤེལ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཡོ་རོབ་ཡུལ་གྲུ་ཌན་མེག་དང༌། ཨ་ཡི་སི་ལན་ཌི། ནེ་ཐེར་ལན་ཌི་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་བསྐྱངས་རྗེས། ཕྱི་ཚེས༦ཉིན་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་ཕེབས་འབྱོར་གནང་ཡོད་ཅིང༌། ཡུལ་དེ་གའི་གྲོང་ཁྱེར་སྲིད་གཞུང་གིས་རྒྱ་ནག་གཞུང་གི་ཉེན་བརྡ་དང་ངོ་རྒོལ་ལ་མ་ལྟོས་པར་ པེ་རི་སིའི་གྲོང་ཁྱེར་གྱི་ཆེ་བསྟོད་མི་སེར་གྱི་མཚན་མཐོང་ཕྱི་ཚེས་༧ཉིན་ྋགོང་ས་མཆོག་ལ་ཕུལ་ཡོད་འདུག

ྋགོང་ས་མཆོག་གིས་སྔར་ལོའི་ཞི་རྒོལ་ཆེན་མོར་མཉམ་ཞུགས་གནང་མཁན་གྱི་བོད་མི་ཞི་རྒོལ་བ་ཚོར་རྒྱ་ནག་གཞུང་གིས་དྲག་གནོན་སྡུག་སྦྱོར་ཇི་ལྟར་བྱེད་བཞིན་ཡོད་ཚུལ་པེ་རི་སིའི་གནམ་ཐང་དུ་གསར་འགོད་པར་འགྲེལ་བརྗོད་གནང་དོན། སྔར་ལོའི་ཕྱི་ཟླ༣པ་ནས་བཟུང༌། གནའ་བོའི་བོད་མི་རིགས་ཀྱི་རིག་གཞུང་རྒྱུན་འཛིན་དཀའ་ཉེན་དང་ཉག་ཕྲའི་འོག་ལྷག་ལུས་བྱུང་ཡོད་པའི་སེམས་ཚོར་དྲག་པོ་སྐྱེས། རྒྱ་ནག་གཞུང་གིས་བོད་ནང་དུ་སྲོག་ཁྲིམས་སོགས་དྲག་རྩུབ་གཉིས་ལྡན་གྱི་སྲིད་བྱུས་ལག་ལེན་བསྟར་བཞིན་ཡོད་ཀྱང༌། རྒྱ་རིགས་མང་ཚོགས་ཀྱིས་བོད་ཀྱི་ཡ་ང་བའི་གནས་སྟངས་དེ་མཁྱེན་རྟོགས་ཅུང་ཟད་ལས་མེད། དེ་བས་རྒྱལ་སྤྱིའི་ཚོགས་སྡེ་ཡོངས་བོད་ནང་གི་དངོས་དོན་ལ་ཞིབ་དཔྱོད་བྱེད་ཆེད་ངེས་པར་དུ་བཅར་དགོས། ཞེས་བཀའ་གསུང་བསྩལ་ཡོད་འདུག
ཕྱི་ཚེས་༧ཉིན་ྋགོང་ས་མཆོག་གིས་པེ་རི་སིའི་ཁྲིམས་བཟོ་བའམ་གྲོས་ཚོགས་འཐུས་མི་རྣམས་དང༌། ཡུལ་དེ་གར་གཏན་སྡོད་བྱས་ཡོད་པའི་རྒྱ་དང་བོད་རིགས་མང་ཚོགས་ལ་མཇལ་འཕྲད་ཀྱིས་བཀའ་སློབ་ལམ་སྟོན་གནང་ཡོད་ཁར། མགོན་པོ་གང་ཉིད་ཀྱིས། ད་ཐེངས་ཕ་རན་སིར་ཡོང་དོན་གཙོ་བོ་ནི་རྒྱལ་ས་པེ་རི་སིའི་མི་སེར་གྱི་ཆེ་བསྟོད་མཚན་མཐོང་གཟེངས་རྟགས་ལེན་སླད་ཡིན་ཞིང༌། དེ་མིན་སྔོན་གྱི་སྲིད་དོན་པ་གྲོགས་པོ་རྙིང་པ་དང༌། ཚོང་པ། ཤེས་ལྡན་མི་སྣ། དེ་བཞིན་མི་སེར་དཀྱུས་མ་ཚོ་དང་ཐུག་འཕྲད་ཀྱི་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོ་སྐྱེས། ཞེས་གསར་འགོད་པར་གསུང་ཡོད་འདུག
སྲིད་འཛིན་ནའེ་ཁོ་ལ་མཆོག་གི་མི་མང་ལས་འགུལ་གྱི་མནའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་ཞིག་གིས། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་སྔར་ལོའི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་ནག་གཞུང་གིས་གསང་དམག་མངགས་གཏོང་གིས་ཚོང་ཁང་སོགས་གཏོར་བཅོམ་བྱས་ཏེ་བོད་མིའི་ཞི་རྒོལ་ལས་འགུལ་གྱི་མིང་དོན་བཙོག་དམེ་བཟོས་ཡོད་ལུགས་སྐྱོན་བཏོན་གནང་སོང༌། ཞེས་བརྗོད་ཡོད་འདུག
ཕ་རན་སིའི་གཞུང་འབྲེལ་མི་སྣས་བརྗོད་པ་ལྟར་ན། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ྋགོང་ས་ཏཱ་ལའི་བླ་མ་མཆོག་གཉིས་དུས་གཅིག་ཏུ་རྒྱལ་ས་པེ་རི་སིར་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་བཞིན་པར་སྟབས་འཁེལ་ཡོད་མོད། བོད་མིའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་ཆབ་སྲིད་ཀྱི་མཐོ་རིམ་སྐུ་ཚབ་མི་སྣ་དང་མཇལ་འཕྲད་གནང་འཆར་མི་འདུག་པའི་སྐོར་འགྲེལ་བརྗོད་གནང་སོང༌། ཞེས་ཟེར།
ཕ་རན་སི་ནི་མགོན་པོ་གང་ཉིད་ཡོ་རོབ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་མཛད་འཆར་གནང་ཡུལ་མཐའ་མ་དེ་ཆགས་ཡོད་ཅིང༌། ཐེངས་འདིའི་མཛད་འཆར་དག་སྲིད་དོན་དང་འབྲེལ་བ་མེད་ལུགས་འགྲེལ་བརྗོད་གནང་ཡོད་ནའང༌། རྒྱ་ནག་གཞུང་གིས་ྋགོང་ས་མཆོག་ཕེབས་ཡུལ་གྱི་ཡོ་རོབ་སྲིད་གཞུང་ཁག་ལ་ཉེན་བརྡ་དང་ངོ་རྒོལ་དྲག་པོ་བཏང་ཡོད་འདུག
ཟླ་སྔོན་མའི་ནང་ཕ་རན་སིའི་སྲིད་གཞུང་གིས་ཏཱ་ལའི་བླ་མར་གྲོང་ཁྱེར་པེ་རི་སིའི་ཆེ་བསྟོད་ཀྱི་མི་སེར་མཚན་མཐོང་ཕུལ་ཏེ་བོད་དོན་དང་འབྲེལ་བའི་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་གནང་བར། རྒྱ་ནག་མི་དམངས་ཀྱིས་ཁ་གཏད་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་ཚུལ་ཕ་རན་སིའི་ཕྱི་སྲིད་བློན་ཆེན་ལྷན་ཁང་གི་མགྲིན་ཚབ་པས་འགྲེལ་བརྗོད་གནང་ཡོད་འདུག
པེ་རི་སིའི་གྲོང་ཁྱེར་སྤྱི་ཁྱབ་དཔོན་སྦིར་ཌི་རན་ཌི་མཆོག་གིས་ཐེངས་འདིའི་ཆེ་བསྟོད་གཟེངས་རྟགས་དེ་པེ་རི་སི་གྲོང་ཁྱེར་གྱིས་རང་འགུལ་ཐོག་བཀོད་སྒྲིག་ཞུས་པ་ཞིག་ལས། ཕ་རན་སིའི་སྲིད་གཞུང་གིས་བཀོད་ཁྱབ་བྱས་མེད་ལུགས་གསལ་འདེབས་གནང་ཡོད་ཀྱང༌། རྒྱ་ནག་གཞུང་གིས་དེར་ཡིད་ཆེས་དང་ཁས་ལེན་བྱེད་རྒྱུ་ཕར་ཞོག ཁྲོང་ཁྲོ་དང་བཅས་ཏེ་ཏཱ་ལའི་བླ་མས་རང་བཙན་རྩོད་ལེན་བྱེད་བཞིན་པའི་སྐྱོན་འཛུགས་བྱས་ཡོད་འདུག། པེ་རི་སིའི་གྲོང་ཁྱེར་སྤྱི་ཁྱབ་དཔོན་སྦིར་ཌི་རན་ཌི་མཆོག་གིས། ཕ་རན་སིའི་གཞུང་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་དགོས་དོན་མེད་ལ། དེ་བས་ཀྱང་ཏཱ་ལའི་བླ་མར་གཟེངས་རྟགས་ཕུལ་འོས་པའི་ཡིད་ཆེས་དང་སྤོབས་པའང་དོར་དགོས་དོན་མེད། ཅེས་གཏམ་བརྗོད་སྤེལ་ཡོད་འདུག

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: