རྒྱ་ནག་གི་སྲིད་བྱུས་ཀྱིས་རྐྱེན་པས་རང་ལུས་མེ་སྲེག་བཏང་བ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༢༩ཉིན། འདི་ལོ་ཉི་ཧོང་དུ་ཚད་རིམ་ ༩.༠ ཅན་གྱི་ས་ཡོམ་ཞིག་བརྒྱབ་ཏེ་མཚོ་རླབས་ཀྱིས་རྐྱེན་པས་མི་གྲངས་ ༢༠༠༠༠ ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང༌། འདས་པོ་དེ་དག་གི་ཆེད་བསྔོ་སྨོན་བྱེད་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་འདིའི་ཕྱི་ཚེས་༢༩རེས་གཟའ་སྤེན་པ་ཉིན་ཉི་ཧོང་གི་རྒྱལ་ས་ཊོག་ཡོག་ཏུ་ཞབས་སོ་བདེ་བར་འཁོད་ཡོད།

དེ་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཊོག་ཡོག་གི་ཤར་ཕྱོགས་སུ་ཡོད་པའི་ནཱ་རའེ་ཏཱ་ཡིས་མགྲོན་ཁང་ཞིག་གི་ནང་གསར་འགོད་ལྷན་ཚོགས་ཐོག་བོད་ནང་གི་བོད་མི་ཚོས་རང་ལུས་མེ་སྲེག་སོགས་ཛ་དྲག་གི་གནས་སྟངས་བཅས་འགྲེལ་བརྗོད་གནང་འདུག

སྐབས་དེར་༧གོང་ས་མཆོག་གིས། རྒྱ་ནག་གིས་ངོས་ནི་བོད་ནང་གི་རང་ལུས་མེ་སྲེག་གི་དོན་རྐྱེན་དེར་བརྒྱུད་སྐུལ་བྱེད་མཁན་ཞིག་རེད་ཅེས་བརྗོད་བཞིན་ཡོད་པ་རེད། རྒྱ་ནག་པེ་ཅིང་གཞུང་གིས་ཧི་མ་ལའི་རི་བརྒྱུད་ཀྱི་ས་ཁུལ་དེ་དག་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད་སྐོར་དང་།

ཡང་༧གོང་ས་མཆོག་གིས་དོན་དངོས་ཐོག་ས་གནས་འགོ་ཁྲིད་ཀྱིས་ཤི་རྐྱེན་ངོ་མ་དེ་ག་རེ་ཡིན་མིན་ངེས་པར་དུ་ལྟ་དགོས་ཀྱི་ཡོད་པ་རེདརེད། གནད་དོན་དེ་དག་ནི་ནོར་འཁྲུལ་ཀྱི་སྲིད་བྱུས་དང་ཡ་ང་བའི་རིག་གཞུང་བཤུ་གཞོག་བཅས་ལ་བྱུང་བ་ཞིག་རེད་ཅེས་གསུངས་འདུག རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་འདི་ལོ་ཕྱི་ཟླ་གསུམ་པ་ནས་བོད་མི་བཅུ་ཙམ་གྱིས་རང་ལུས་མེར་སྲེག་བཏང་ཡོད་པ་དང་དེའི་ནང་ཉུང་ཐར་ཡང་བོད་མི་ལྔ་ཙམ་ལམ་སང་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

རྒྱ་ནག་གི་སྲིད་བྱུས་འོག་རང་ལུས་མེར་སྲེག་བཏང་བའི་ཡིད་སྐྱོའི་གནས་ཚུལ་དག་བཙན་བྱོལ་བོད་གཞུང་གིས་རྒྱལ་སྤྱིའི་མང་ཚོགས་ལ་འགྲེལ་བརྗོད་དང༌། རྒྱ་ནག་གིས་བོད་ནང་བཟུང་བའི་སྲིད་བྱུས་དེར་འགྱུར་བ་བཏང་ནས་བོད་མི་ཚོར་གཏམ་བརྗོད་རང་དབང་སྤྲོད་དགོས་པ་དང༌། བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་གནང་བཞིན་ཡོད་པ་རེད།

གཅན་ཡུ་མོའམ་དྲུག་དཀར་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (17)
ད་ནས་ང་ཚོའི་སྨྱུག་ཐོག་པ་ཐམས་ཅད་གོམ་པ་བཟང་ཕྱོགས་སུ་བསྐྱོད་དགོས།
རང་གི་མི་རིགས་དང་། ཚོགས་པ། སྲི་ཞུ་བ་སུ་ལའང་དངོས་བདེན་མ་ཡིན་པའི་ཚིག་གཅིག་ཀྱང་འབྲི་མི་རུང་།
ང་ཚོ་ཚང་མ་དཔུང་པ་མཉམ་གཤིབས་ཀྱིས་་ཁ་ཕྱོགས་དགྲ་ལ་གཏད་དགོས།
དྲི་བ། རྒྱ་དམར་སྲིད་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ངོ་མ་གང་ཡིན་དང་།
བོད་འདི་རྒྱ་མིའི་མངའ་ཁོངས་ཡིན་པའི་སྒྲུབ་བྱེད་ག་རེ་སྒྲོགས་ཀྱིན་ཡོད་དམ།
16 ༠༣༢༠༡༡༡༡༤༤
དྲྭ་གྲོགས་ཚང་མས་གུས་པའི་རེ་འདུན་ལ་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ་གྲངས་མེད་ཞུ་བཞིན་མཆིས་ལགས།། དངོས་ཡོད་ཁྱེད་རང་རྣམས་གཞུང་ཞེན་ཡོད་པ་རང་རེདའདུག།
15 ༠༡༢༠༡༡༢༣༢༩
དྲ་གྲོགས་རྣམས་ལ་དགྲ་དགའ་གཉེན་སྡུག་མི་ཡོང་ཆེད་ལག་གཉིས་ཐབ་མོ་འབྱར་ཏེ་ཞུ་རྒྱུར། ཐུགས་རྗེས་གཟིགས་བྱུང་ན་སུ་འདྲ་ཞིག་ལ་ཡང་ནང་ཁུལ་སྐྱོན་བརྗོད་མ་གནང་རོགས། ལྷག་པར་བོད་མི་བཙན་བྱོལ་བ་རྣམས་འཁྲུག་གཞི་ཡོང་རྐྱེན་རིགས་རྩ་བ་ནས་མ་བཟོ་རོགས། ་དཀོན་མཆོག་མཁྱེན་ནོ། བླ་མ་རྒྱལ་དབང་རིན་པོ་ཆེ་མཁྱེན་ནོ། ཕར་ཕྱོགས་ནས་རྒྱ་དམར་གུང་ཁྲན་ལྟས་མོ་ལྟ་བཞིན་ཡོད་པ་རེད།( ཚང་མས་དགོངས་པ་བཞེས་རོགས)སྤྱི་དོན་ལ་དགོངས་པ་བཞེས་རོགས། བོད་མིའི་སྤྱི་དོན་ལ་དགོངས་པ་བཞེས་རོགས། བོད་ནང་རྒྱལ་གཅེས་དཔའ་བོ་དཔལ་མོས་སྐུ་སྲོག་ལ་མི་བལྟ་བར་བཙན་རྒོལ་རྒྱལ་སྐྱོབས་གནང་བཞིན་པ་ལ་དགོངས་པ་བཞེས་རོགས།། །། ཐུགས་རྗེས་གཟིགས། མིག་ཆུ་ལྷུང་བཞིན་བྲིས།།
14 ༠༡༢༠༡༡༢༣༠༥
ཁུག་རྟ་ལགས། ༼ མི་རིལ་རིལ་ཡུལ་ཁམས་འཁྲུག་གཞི་ཡིན།
རྡོ་རིལ་རིལ་རྩིག་པའི་འཁྲུག་གཞི་ཡིན ༽ཞེས་པའི་གཏམ་དཔེ་འདི་ལ་བསམ་བློ་ལེགས་པོ་ཞིག་གཏང་བར་རེ་བས་བསྐུལ།
13 ༠༡༢༠༡༡༢༡༤༧
ལས་བྱེད་ལ་སྐྱོན་བརྗོད་བྱས་པའི་ཚིག་མཁྱེན་རྟོགས་ཆེད་འགོད་ན། ཁུག་རྟ་ནས་( གཞན་པད་མ་ཆོས་འབྱོར་གྱི་ན་རྒ་རྫི་ལྡིབ་དང་། རྒྱ་རི་སྒྲོལ་མའི་ལྷག་བསམ་མིག་ཆུ། )ཟུར་ཟ་དང་སྐྱོན་བརྗོད་བྱས་པ་ནི་རང་མགོ་བཅད་བྱེད་ཀྱི་སྤུ་གྲི་ཆགས་པ་རེད།

ད་ལྟའི་བཀའ་ཁྲི་དང་། སྤྱི་འཐུས་ཚོགས་གཙོ་གཉིས་ཀྱིས་གསུང་བཤད་མང་པོའི་ནང་བཀའ་ཤག་དང་། སྤྱི་འཐུས་གཉིས་མཉམ་རུབ་ཀྱི་ལས་དོན་སྒྲུབ་རྒྱུ་ཞེས་ཡང་ཡང་གསུངས་བཞིན་པའི་སྐབས་དེར། ཁུག་རྟས་ཡང་འདི་ལྟར་བྲིས་འདུག ( དཔལ་ལྡན་ཚོགས་གཙོ་མཆོག་གིས་མཇུག་སྡོམ་གསུང་བཤད་དུ་མ་འོངས་པར་བཀའ་ཤག་གི་གཏམ་བཤད་ཡར་རྒྱས་འགྲོ་རྒྱུའི་རེ་སྐུལ་གནང་། གཏམ་གང་བཤད་དང་ལས་གང་བྱེད་ལ་གཟབ་ནན་དང་གཞུང་ལུགས་དགོས་ཚུལ་གྱི་ ཚིག་མདའ་ཅིག་ཀྱང་མཉམ་དུ་འཛིན་སྐྱོང་བཀའ་ཤག་ལ་བསྩལ་ཡོད་ ) འདི་ནི་ཚོགས་གཙོ་དང་བཀའ་ཁྲིའི་དབར་དཀྲུག་ཤིང་ལྟ་བུ་སྣང་།
སྙིང་རྗེ་ཤར་ཕྱོགས་ཁུག་རྟས་འབྲི་དགོས་པ་དེ་མ་བྲིས་མི་དགོས་པ་ཞིག་བྲིས་ཏེ་རང་ལ་མིང་ཡོད་པ་དེ་མེད་པ་བཟོས། ལས་ཀ་ཡོད་པ་དེ་འང་མེད་བཟོས་པ་རེད། རྩོམ་ཡིག་ཕྲན་བུ་འབྲི་ཤེས་ཡོང་དུས་ཆབ་སྲིད་པ་མཁས་པ་ཞིག་ཡིན་བསམ་པ་དང་། ཁྱེད་རང་ཡག་པོ་འདུག་ཟེར་དུས་ད་ཡིན་ན་ང་ཡག་པོ་ཞི་པོ་ཞིག་ཡིན་པ་འདྲ་བསམ་ཏེ་ཁ་ནས་གང་བྱུང་བཤད། ལག་གིས་གང་བྱུང་བྲིས་པ་ཡིན་ན་འདི་འདྲ་ཡོང་གི་རེད། མ་འོངས་པ་རང་ངོ་རང་གིས་ཤེས་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཁུག་རྟ་ཁྱེད་རང་གིས་བློ་སེང་ཁོང་བོད་རྒྱལ་ཁབ་ཆེན་པོའི་སྲིད་བློན་ཡིན་པ་ཡང་ཤེས་མི་འདུག ཏོག་ཙམ་ཁུག་རྟ་ཁྱེད་རང་སྣང་བ་མཐོ་སོང་བ་རེད། རྗེས་སུ་གཟབ་གཟབ་བྱེད་དགོས།
ད་རིང་ཁ་རྩང་ཤར་ཁུག་གི་དོན་དུ་མི་ཚོ་གཅིག་གིས་ས་འཁྲབ་གནམ་འཁྲབ་བྱེད་བཞིན་པའི་སྒང་རེད་འདུག །ཡིན་ནའང་ག་རེ་བྱེད་ན་གྱིས་ངས་གང་ཡང་བརྗོད་འདོད་མེད། འདིར་བརྗོད་རྒྱུ་ནི་ཤར་ཁུག་ལགས་ཉིན་གླ་ཡིན་ན་འདྲ་གཞུང་ཞབས་ཡིན་ན་འདྲ། གང་ལྟར་ལས་གནས་ནས་ཕྱིར་འཕོས་པའི་སྐོར་ཅུང་ཟད་བརྗོད་རྒྱུ་ཡིན། ཤར་ཁུག་རང་གིས་གླེང་བའི་སྐད་ཆའི་ནང་དུ་ངས་ད་རིང་སེང་གེ་བཀའ་ཤག་གི་མདུན་ལམ་ཞེས་པའི་རྩོམ་ཡིག་འདི་མ་ཚད་དེའི་སྔོན་དུའང་དེ་འདྲ་བྲིས་ཡོད་ཀྱང་ལས་གནས་ནས་འཕོས་མེད་རབས་གསལ་པོར་བྲིས་འདུག་བ། བྱས་ཙང་ཤར་ཁུག་གིས་སྔ་རྗེས་ཐེངས་འགར་མི་འགྲིགས་པ་བྱས་པར་བརྟེན་ལས་གནས་ནས་འཕོས་ཡོད་པ་ཚོད་དཔག་ཐུབ་པ་འདུག སེང་གེ་བཀའ་ཤག་གི་མདུན་ལམ་ཞེས་པའི་རྩོམ་ཡིག་དེའི་ནང་དུ་བློ་བཟང་སེང་གེས་དབུ་འཁྲིད་པའི་བཀའ་ཤག་ལ་དམའ་འབེབས་བྱས་འདུག རྩོམ་ཡིག་དེའི་ཁ་བྱང་ནས་ཡག་ཉེས་ཅི་ཞིག་བརྗོད་ཡོད་མེད་རགས་ཙམ་རྟོགས་ཐུབ། གལ་ཏེ་བློ་བཟང་སེང་གེ་སྒེར་ལ་བརྗོད་རྒྱུ་ཡོད་ན་བརྗོད་ན་འགྲིག་གི་རེད།བཀའ་ཤག་དེའི་ནང་བཞག་རྒྱུ་ཡོད་མ་རེད། ཤར་ཁུག་ཁོང་གིས་སྤྱི་བཏང་རྩོམ་ཡིག་ལེགས་པོ་འདྲ་འབྲི་བཞིན་ཡོད་ན་མི་ཤེས། ཆབ་སྲིད་རྩོམ་ཡིག་ནི་གེ་གང་ཞིག་ལེགས་པོ་བྲིས་མི་འདུག རྩོམ་ཡིག་གཅིག་མགོ་ནས་མཇུག་བར་ཞིབ་ཕྲར་བཀླགས་ཡོད། གཅིག་བྱས་ན་ཟམ་གདོང་བླ་བའི་མདུན་དུ་ས་འཁྲབ་གནམ་འཁྲབ་འདྲ་བྱས་ཏེ་ལས་གནས་དེ་ཐོབ་ཡོད་སྲིད། འདི་ནི་ངའི་བསམ་ཚུལ་རང་ཡིན།

བཀྲིས་བདེ་ལེགས།
10 ༠༡༢༠༡༡༡༦༠༣
བཞག་མཁན་འཇོག་མཁན་ལ་བཅོས་རོགས། འདེ་ལྟར་འདི་ལྟར་ལ་བཅོས་རོགས།
ཤར་ཁུག་རྟ་ཕྱིར་ཕུད་བཏང་བའི་གནད་དོན་དེ་ནི་དེ་ཙམ་གྱི་ཆེན་པོ་ཞིག་མིན་པ་ཚང་མས་ཤེས་ཀྱི་ཡོད་རེད། ཡིན་ནའང་མི་མང་པོ་ཞིག་གིས་གོ་སྐབས་བཟུང་ནས་མཐོ་གང་གིས་སླེབས་ས་ལ་འདོམ་གང་གིས་མ་སླེབས་པ་དེ་འདྲར་བཟོ་བཞིན་འདུག ། གུས་པས་སུ་ལའང་ཚིག་གཅིག་ཞུས་མེད་ལ་ཞུ་བགྱི་ཡང་མིན། རྒན་ལྷ་མོ་ལགས་ལ་ཚིག་ཁ་ཤས་བརྗོད་པ་ནི་རྒན་ལྷ་མོ་ལགས་མི་བཟང་པོ་ཞིག་དང་། ལྷག་བསམ་རྣམ་དག་དང་བོད་ཀྱི་རིག་གནས་ལ་མཛད་རྗེས་མི་དམན་པ་བཞག་མཁན་ཞིག་ཡིན་པའི་ཆ་ནས་ཡིན། གུས་པ་མི་ཆུང་ཆུང་ཅི་གང་མི་ཤེས་མཁན་ཞིག་གིས་ང་ལྷ་མོ་སྐྱབས་ལ་འདེ་ལྟར་བརྗོད་བ་ནི་ཆེས་མི་འོས་པ་ཞིག་རེད་དགོངས་ན་ངས་དགོངས་དག་ཞུ་ཆོག
རྒན་ལྷ་མོ་སྐྱབས་ལགས་བཙན་བྱོལ་དུ་ནོར་ལོངས་སྤྱོད་ཀྱིས་མཚན་སྙན་གྲགས་པ་དེ་འདྲ་གང་ཡང་མིན་མོད་བོད་ཀྱི་རིག་གཞུང་གི་ཐད་ལ་མཛད་རྗེས་མི་དམན་པ་ཞིག་བཞག་ཡོད་པ་ནི་དངོས་ཡོད་ཡིན། ཤར་ཁུག་རྟས་ས་འཁྲབ་གནམ་འཕྲབ་ཀྱིས་རྒན་ལྷ་མོ་ལགས་ལྟ་བུའི་མི་བཟང་པོ་ཞིག་མུན་འོབས་སུ་མ་རྫོང་རོགས། གལ་ཏེ་རྒན་ལགས་རང་ཉིད་ཀྱིས་མ་བསྐུལ་དང་བླངས་ཀྱིས་དེ་ལྟར་གནང་བཞིན་ཡོད་ན་དེ་ལྟར་མ་གནང་རོགས་ཞུ་བཞིན་ཡོད། ང་མི་ཆུང་ཆུང་ཞིག་རེད་མ་དགོངས་རོགས། ངའི་སྐད་འདི་ལ་ནང་དོན་ཡག་པོ་ཡོད།
དམར་དགོག་ལགས་ལ་ཐུགས་ཁག་མེད། གང་ལ་ཞེས་ན་ད་རིང་ཁ་རྩང་། རྒན་ལྷ་མོ་སྐྱབས་ཕྷ་རན་སི་ན་བསྡད། རབ་གསལ་ཨ་རི་ལ་བསྡད་དེ་ཤར་ཁུག་མི་ནག་གི་དོན་དུ་བཙན་བྱོལ་བཀའ་ཤག་མགོ་རྟིང་སློག་རྒྱུའི་དམག་བསྡུའི་གསལ་བསྒྲགས་དུས་བབ་དང་ཁ་རྡའི་བརྒྱུད་དེ་སྒྲོག་བཞིན་པའི་སྒང་རེད་འདུག་པས་སྐྲག་ནས་འདིར་ཕེབས་ཡིན་བགྱི་རེད།
6 ༠༡༢༠༡༡༡༢༠༧
དམར་དགོག དྲང་བདེན་བཤད་ན་ཡིད་ཆེས་ལོས་ཡོད།
དུས་བབ་དང་། ཁ་བརྡ་གཉིས་ལ་ཁྲིགས་ཡོད་ས་མ་རེད།
སྐྱོན་མེད་ལ་སྐྱོན་འཛུག་དང་། ཉེས་མེད་ལ་ཉེས་འཛུག་བྱེད་ན་སུ་ཡིད་ཆེས།
ང་ནི་དུས་དང་རྣམ་ཀུན་ཏུ་བོད་མི་རིགས་ལ་བསམ་གཞིགས་བྱེད་ཀྱིན་ཡོད།
དེར་བརྟེན་དགྲ་བོའི་མདུན་ལ་ནང་ཁོངས་མི་མཐུན་བའི་རྩོམ་འཆར་འདྲ་མིན་སྤེལ་ནས་མི་མང་དཀྲོགས་ཀྱིན་འདུག
དེ་ལ་མ་བཟོད་ནས་འབྲི་དགོས་བྱུང་།
5 ༠༡༢༠༡༡༡༡༡༢
ང་ནི་དུས་བབ་དང། ཁ་བརྡར་ཞེན་པ་ལོག་ནས་དྲ་སྟེང་འདིར་འོང་བ་ཡིན། འོན་ཀྱང་ཁྱེད་ཀྱི་བསམ་ཚུལ་འདི་མཐོང་སྐབས་་སྐྱོ་བ་སྐྱེས་ནས་བྲིས་པ་ལས་གཞན་དམིགས་ཡུལ་གང་ཡང་མེད།། །།
4 ༠༡༢༠༡༡༠༧༤༢
དམར་འགོག ཁྱོད་ཀྱིས་གསུངས་པ་དེ་དོནལ་་གནས་ན་སྔགས་བརྗོད་ཡོད།
གསར་བུ། བྱུང་རྩ་གང་གི དུས་བབ་དང་། ཁ་བརྡ་ལ་འཟིགས།
ཁོ་བོས་བལྟ་ན། མདའ་རྩེ་ནང་ལ་གཏད་པ་དང་། སོ་སོའི་གཞུང་ལ་རྒོལ་ན་མི་ལེགས་སྙམ།
3 ༠༡༢༠༡༡༠༢༥༩
དྲ་གྲོགས་སྲོག་སྙིང་དམར་པོ་དྲ་བ་འདིའི་དྲ་འབུ་བྱ་རྩིས་ཡོད་པ་འདྲ།།
རང་གི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ།། གཞན་གྱི་ཕྱོགས་ལ་ཞེན་སྡང་མེ་ལྟར་འབར།། བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན།། ཕྱོགས་ཞེན་སྤོང་བ་མཁས་པའི་ཡོན་ཏན་ཡིན།།
༄༅། །དཔའ་པོའི་སྙིང་སྟོབས་དང་། ནང་རུལ་་བའི་ཞབས་འདྲེན།
ཕ་ཡུལ་དགྲ་བོའི་འོག་གི་དཔའ་བོ་རྣམས།།
བློ་ཁ་གཅིག་ཏུ་ཕྱོགས་ནས་སྐུ་ལུས་ཡང་།།
མེ་མཆོད་ཕུལ་བའི་སྙིང་སྟོབས་དེ།།
སྟོང་གསུམ་འདི་ཡང་སྣོད་དུ་ཆུང་།།
ཀྱེ་མ་འདི་ན་ཕྱོགས་ཞེན་ནག་པོའི་དུག་རླང་འཕྱུར།།
འཆལ་གཏམ་འཆལ་རྩོམ་མང་པོས་ཆོལ་གསུམ་དཀྲུག།
དགོས་ངེས་དགྲ་བོའི་རྩོམ་ལན་མི་འབྲི་བར།།
རང་གཞུང་སྲིད་སྐྱོང་དམའ་འབྱིད་རྩོམ་རིགས་སྤེལ།། ཀྱེ་མ་ལྷག་སྐྱབས། ཀྱེ་ཧུ་རབ་གསལ། ནང་རུལ་གྱི་དྲི་ངན་ཁ་བའི་ཞབས་འདྲེན་ཅི་མ་རུང་།།
་དཔའ་བོ་རྣམས།།



བརྗོད་གཞི་གཞན་ཁག་ལ་གཟིགས།