ཀརྨ་པ་མཆོག་བོད་དུ་ཕྱིར་ལོག་གནང་འདོད་ཡོད་ཅེས་གསུངས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༤པའི་ཚེས༢༠ཉིན་སྤེལ། རྒྱ་གར་ཨེ་ཤི་ཡ་གསར་ཁང་གི་གསར་འགོད་པ་ཇེ་རྡི་ཕུ་ཡིས་ཉེ་ཆར་ྋརྒྱལ་བ་ཀརྨ་པ་མཆོག་ལ་བཅར་འདྲི་བྱས་ཡོད་དོན། རྒྱལ་བ་ཀརྨ་པ་སྐུ་ཕྲེང༡༧པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལོ་བཅུའི་སྔོན་གསང་སྟབས་ཀྱིས་རྒྱ་གར་ནང་བྲོས་བྱོལ་དུ་ཕེབས་ཡོད་འདུག་ཀྱང༌། ནམ་ཞིག་བོད་ནང་དུ་ཆོས་ལུགས་སོགས་ཀྱི་རང་དབང་ཐོབ་ཐང་ཆ་ཚང་ལྡན་ཚེ། ཁོང་ཕྱིར་བོད་དུ་ཕེབས་འདོད་ཀྱི་འདུན་པ་ཆེ། ཞེས་གསུང་ཡོད་འདུག

ཕྱི་ལོ༢༠༠༠ལོའི་ཟླ་༡པའི་དགུན་ཁར། རྒྱལ་བ་ཀརྨ་པ་མཆོག་ལྷ་སའི་ཉེ་འགྲམ་གྱི་སུར་ཕུ་དགོན་ནས་བྲོས་བྱོལ་དུ་ཡོང་ཡོད་ཅིང༌། ཁོང་རྒྱ་གར་ནང་བྲོས་བྱོལ་ལ་ཡོང་བར་འགྱོད་སེམས་གཏན་ནས་སྐྱེས་ཀྱིན་མེད་ཁར། ནམ་ཞིག་བོད་ནང་གི་གནས་བབས་ཡར་རྒྱས་སུ་འགྲོ་དུས་ཁོང་བོད་ལ་ཕྱིར་ལོག་བྱ་འདོད་ཡོད་འདུག

རྡ་ལ་རྡུར་ཧི་མ་ལ་ཡ་རི་འདབས་སུ་ཆགས་ཡོད་པའི་ཁོང་གི་བཞུགས་གནས་རྒྱུད་སྟོད་དགོན་དུ། ྋརྒྱལ་བ་ཀརྨ་པས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྟེ་བརྗོད་དོན། གལ་སྲིད་ཁྱོད་ཀྱིས་ང་རང་ཕྱིར་བོད་དུ་ལོག་འདོད་ཡོད་དམ་ཞེས་དྲི་བ་དྲིས་ཚེ། དེའི་ལན་དུ་ངས་འདོད་ཅེས་འདེབས་ངེས་ཡིན། ང་ཚོའི་བོད་པ་རྣམས་ཀྱིས་མི་ལོ༥༠རིང་ལ་རྒྱལ་ཁབ་དང་ཁྱིམ་ཚང་མེད་པར་དཀའ་སྡུག་ཚད་མེད་མྱངས་ཡོད་མོད། འོན་ཀྱང་ཕྱིར་བོད་དུ་ལོག་འདོད་ཀྱི་འདུན་པ་ནམ་ཡང་དོར་མྱོང་མེད། བོད་ནང་གི་གཞིས་གཞུགས་བོད་མི་ཚར་ཆོས་ལུགས་དད་མོས་རང་དབང་སོགས་ཀྱི་སྐྱིད་པའི་སྐལ་བ་ལྡན་དུས་ང་ཚོ་ཕྱིར་ལོག་བྱ་རྒྱུ་ཡིན། ཞེས་གསུང་ཡོད་འདུག

ཨོ་སི་ཊི་ལི་ཡ་དང་ཉི་ཧོང༌། ཐའེ་ལྦན། ལྷོ་ཀོ་རི་ཡ་བཅས་ཀྱི་ཕྱི་རྒྱལ་དད་ལྡན་པ་དག་བཞུགས་གནས་རྒྱུད་སྟོད་དགོན་དུ་རྒྱལ་བ་ཀརྨ་པར་མཇའ་ཁ་ཞུ་རུ་ཡོང་བཞིན་འདུག་ལ། མདུན་ཕྲག་སྔོན་མོའི་ནང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རེ་ཆར་གྷེ་ཡང་རྒྱལ་བ་ཀརྨ་པ་དང་མཇལ་འཕྲལ་གནང་ཡོད་འདུག

རྒྱལ་བ་ཀརྨ་པ་མཆོག་གིས་ཁོང་བྲོལ་བྱོལ་ལ་ཡོང་དོན་གྱི་དགོས་པ་དམིགས་ཡུལ་གཙོ་བོའི་ཐད་འགྲེལ་བརྗོད་གནང་དོན། ང་རང་བོད་ནས་རྒྱ་གར་དུ་བྲོས་བྱོལ་ལ་ཡོང་དོན་གཙོ་བོ་ནི་ནང་ཆོས་ལ་བསླབ་པ་སློབ་གཉེར་དང༌། དེ་མིན་བླ་མ་ཡོངས་འཛིན་དག་གི་དྲུང་ནས་ལས་དབང་ལུང་ཁྲིད་གསུམ་གྱི་ལས་གཉེར་རྒྱུ་དེ་ཡིན་ཞེས་གསུང་ཡོད་འདུག

ཟླ་ཤས་སྔོན་ྋརྒྱལ་བ་ཀརྨ་པ་མཆོག་ཨ་རིར་ཆིབས་བསྒྱུར་གནང་བར་རྒྱ་གར་དབུས་གཞུང་ནས་ཆོག་མཆན་ཐོབ་ཡོད་པ་མ་ཟད། རྒྱ་གར་ནང་ཁུལ་གྱི་ས་ཁུལ་གཞན་འགའ་ཤས་ལའང་ཕེབས་སུ་བཅུག་ཡོད་མོད། འོན་ཀྱང་སྒང་ཐོག་དུ་ཡོད་པའི་ཁོང་གི་གདན་ས་རམས་སྐུལ་དགོན་དུ་ད་དུང་ཡང་ཞབས་སོར་འཁོད་ཆོག་ཀྱིན་ཡོད་མི་འདུག

བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་ྋཏཱ་ལའི་བླ་མ་མཆོག་གི་དགུང་གྲངས་ཡར་ཕེབས་པ་དང་སྦྲགས། བཙན་བྱོལ་བོད་མི་ཚོསྋརྒྱལ་བ་ཀརྨ་པས་མ་འོངས་བོད་ཀྱི་མགོ་ཁྲིད་གནང་བར་ངོས་འཛིན་དང་བསམ་དཔག་བྱེད་བཞིན་འདུག  དེ་བསྋགོང་ས་ཏཱ་ལའི་བླ་མ་སྐུ་གཤེགས་རྗེས་ྋརྒྱལ་བ་ཀརྨ་པ་ཁོང་བོད་མིའི་དབུ་ཁྲིད་བྱེད་པར་གྲ་སྒྲིག་ཡོད་མེད་ཐད་ཀྱི་དྲིས་པ་བཏོན་པར་ཁོང་གིས་ཤུགས་བསྟན་རང་བཞིན་གྱི་ལན་འདེབས་འདི་ལྟར་གནང་དོན། ངས་རང་ཉིད་ཚད་ལྡན་གྱི་རྒྱུ་ཆའི་མི་སྣ་བསམ་ན་འདོད། ང་རང་བོད་མི་ཞིག་ཡིན་པའི་ཆ་ནས། ང་རང་གི་ཕྲག་ཏུ་རྒྱལ་བ་ཀརྨ་པའི་མཚན་དང་ལོ་ངོ༩༠༠ལྷག་གི་ལོ་རྒྱུས་ལྡན་པའི་ཀརྨ་བཀའ་རྒྱུད་རྒྱུད་འཛིན་དར་སྤེལ་གཏོང་བའི་ལས་འགན་ཡོད།  གལ་སྲིད་སྐབས་བབས་སླེབས་ཚེ་ངས་ཀརྨ་པའི་མིང་ཐོག་ནས་བོད་མིའི་མགོ་ཁྲིད་གནང་རྒྱུ་ཡིན་ཚུལ་གསུང་ཡོད་འདུག

ཁོང་གིས་དཔེ་མཚོན་དུ་སྦྱར་ནས་མུ་མཐུད་དུ་བརྗོད་དོན། བོད་ཀྱི་ནང་བའི་ཆོས་ལུགས་ལྟར་ན། ནང་བའི་དགེ་འདུན་པས་ཤ་ཟ་ཆོག་གིན་ཡོད་པ་མ་རེད། འོན་ཀྱང་བོད་མདོ་དབུས་མཐོ་སྒང་དུ་སྔོ་ཚལ་རིགས་ཉུང་ཞིང་གྲངས་ངར་ཤིན་ཏུ་ཆེ་བ་སོགས་ཀྱི་རྒྱུ་རྐྱེན་དུ་མས་དབང་གིས་དགེ་འདུན་པས་ཤ་ཟ་གིན་ཡོད་པ་རེད། དཔེ་དེ་བཞིན་རྒྱུ་རྐྱེན་དང་དུས་ཚོད་འཕྲལ་ཚེ་ཁོང་གིས་བོད་མི་འགོ་ཁྲིད་གནང་གིན་ཡིན་ཞེས་གསུང་ཡོད་འདུག

ཕྱི་ཟླ༣པའི་ནང་བོད་ཀྱི་བླ་ཆེན་དང་དགེ་བཤེས་ཁག་མཉམ་འཛོམས་ཀྱིས་མ་འོངས་སྤྲུལ་སྐུ་དག་བཙན་བྱོལ་བོད་ནང་ངོས་འཛིན་ཐག་གཅོད་གནང་རྒྱུའི་སྐོར་གྱི་གྲོས་བསྡུར་ཐད་རྒྱལ་བ་ཀརྨ་པ་མཆོག་གིས་གསུང་དོན། སྔོན་བོད་རང་དབང་ལུང་པའི་ནང་དུ། སྤྲུལ་སྐུ་ངོས་འཛིན་ལམ་ལུགས་ཀྱིས་གྲུབ་འབྲས་གང་ལེགས་ཐོབ་ཡོད་པ་རེད། འོན་ཀྱང་ད་ལྟའི་གནས་བབས་ཧ་ཅང་གིས་སྔོན་དང་མ་འདྲ་བར་བོད་ཕྱི་ནང་གཉིས་སུ་གྱེས་ཡོད་པ་རེད། དེ་འདྲ་སོང་ཙང༌། སྔོན་གྱི་ལམ་སྲོལ་རྙིང་པ་དག་གནས་བབས་དང་བསྟུན་ནས་བརྗེ་བོ་རྒྱག་དགོས་ཆགས་ཡོད་ཅེས་གསུང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (8)
8 ༢༨༢༠༡༡༡༡༥༦
བླ་མས་ནམ་ཡང་ཆབ་སྲིད་ལ་མོས་པ་ཞིག་བྱུང་ན་་་་བླ་མ་དང་ཆབ་སྲིད་གཉིས་ཀ་མཐུ་ཤོར་འགྲོ་བལྟས་རེད་་་་དེ་བས་ན་གོང་ས་མཆོག་གིས་ཀྱང་མ་བསམ་ཕྲག་ཏུ་བབས་པའི་ཆབ་སྲིད་ཀྱི་འགན་དེ་མང་མོས་ཀྱིས་ཐོབ་པའི་མི་ཞིག་ལ་གནང་བ་རེད། ་༧རྒྱལ་མཆོག་བཅུ་དྲུག་པ་མཆོག་གིས་ཀྱང་ཆོས་བྱེད་སེར་མོ་བ་རྣམས་་་་ཆབ་སྲིད་ལ་དགའ་མོས་དང་ལེན་མ་བྱེད་གསུངས་མྱོང་བ་རེད། དེས་ན་༧ རྒྱལ་མཆོག་ཉིད་ལ་ཆབ་སྲིད་ཀྱི་འགན་དབང་ལ་ཐུགས་མོས་མེད་པ་མ་ཟད་་་ལམ་དེ་ལ་མི་ཞུགས་བའི་ཐུགས་བསྐྱེད་དང་སྨོན་ཡོད་ངེས་པ་རེད།། །།
7 ༡༠༢༠༡༡༠༠༥༩
ཁྱོད་ཀྱིས་གསུང་པ་དེ་ངོ་མ་བདེན། དེ་ངས་ཁ་ནས་ཁས་མ་ལེན་ཡང་སེམས་ནང་དུ་ཁས་ལེན་དགོས་ཐུབ་སོང་། མི་སྐྱ་ཚང་མ་ལ་མ་གསུང་རོགས་། ད་ལྟ་བློ་བཟང་སེང་གེ་དེ་ཕོ་སྙིང་དང་ཕོ་རྩ་ཡོད། ཤེས་འཇོ་ཡོད། དྲང་བདེན་ཡོད། རྒྱལ་ཁབ་བསྐྱང་ཐུབ་ས་ཡོད། དེ་ལ་བླ་མ་ཁྱོད་ཀྱིས་བསྟོད་ཚིག་གཅིག་གནང་རོགས།
མགོ་ནག་བོད་འདིའི་རྒྱལ་བརྒྱུད་ཆད་ནས་བཟུང་ལོ་བཞི་བརྒྱའི་རིང་མི་སྐྱ་ཚོས་ཆབ་སྲིད་འཇོ་ཐང་ཅན་སུས་ཀྱང་མེད་པའི་རྐྱེན་གྱིས་བླ་མས་རྒྱལ་ཁབ་ཀྱི་ཆབ་སྲིད་བསྐྱངས་དགོས་པའི་དུས་ངན་པ་ཤར། དུས་ད་ལྟའི་བར་བླ་མས་ཆབ་སྲིད་དང་སྡོམ་པ་གཉིས་ཀྱི་བར་ན་རྒྱལ་ཁབ་ཀྱི་བདེ་སྡུག་ལ་བསམ་ཞིབ་ལྕི་པོ་འདི་བྱས་དགོས་ཐུབ་བ་རེད། བོད་པའི་མི་སྐྱ་ལ་སྙིང་སྟོབས་མེད་པ། ཤེས་འཇོ་མེད་པ། ཕོ་སྙིང་མེད་པ། དྲང་བདེན་མེད་པ། རྣམ་དཔྱོད་མེད་པ། འགན་འཁུར་མི་ཐུབ་བ་། མདོར་ན་རང་གི་སྐྱེ་མེད་སྲུང་མི་ཐུབ་མཁན་བྲག་གཡབ་བསོད་ནམས་སྟོབས་རྒྱས་འདྲ་པོ་དང་འདྲ་ལ་ཉེ་བ་ཉ་གཅིག་རེད། དུས་ད་ལྟ་ཡང་ཆབ་སྲིད་ཀྱི་འཇགན་དེ་བླ་མ་ཞིག་ལ་སྐྱོལ་རྒྱུའི་བསམ་བློ་སྐྱེས་བ་ནི་མོ་ལ་ཕ་མིང་བཏགས་པ་དང་ཁྱད་པར་མེད་། མི་རིགས་ཀྱི་ཕྱོགས་འཐད་། ཆོས་ལུགས་ཀྱི་ཕྱོསག་འཐད། སྤྱི་རྒྱུ་རྐུ་རྒྱབ་བ། རང་མགོ་གང་ཐོན་བྱེད་མཁན། རྒྱལ་ཁབ་ཐུར་ཤོར་བཏང་མཁན་མི་སྐྱ་ཕོ་རྩ་ཐང་ཐང་མེད་མཁན་དེ་ཚོ་རེད། ཡང་མ་འོངས་པའི་ཆབ་སྲིད་ཀྱི་རྙོག་དྲ་དེ་རྒྱལ་བ་ཀརྨ་པ་ལ་སྐྱོལ་རྒྱུ་གྲལ་སྒྲིག་བྱེད་ཡོང་གིན་འདུག་ཨ། ང་གད་མོ་དབང་མེད་ཤོར་གྱི་འདུག
བོད་འདི་རྒྱལ་པོ་རིང་ལུགས་ནས་ཕྱིར་ཐོན་མ་ཐུབ་བར་ལོ་རབས་མང་པོ་ཞིག་མཆིས། ད་དུང་བླ་མ་རིང་ལུགས་ཤིག་གི་ནང་དུ་ཡར་འཛུལ་གྲབ་བྱེད་པ་དེ་ནི་རང་སྡུག་རང་གི་ནོར་བ་ཞིག་རེད། མ་འོང་པ་མུ་འཐུད་བླ་མས་བརྒྱུད་འཛིན་གྱི་རྙིང་རོ་ནང་དུ་བཞུགས་འདུན་དང་བཞུགས་རྒྱུའི་གྲལ་སྒྲིག་ཡོད་ན། བཀའ་བློན་ཁྲིད་པ་དགོས་མེད་རེད། བོད་པ་མང་གཙོ་མ་རེད་ཅེས་རྒྱ་ནག་གཞུང་གིས་བཤད་ཡ་དེ་བདེན་དཔང་རགས་འཕྲོད་བྱེད་པ་རང་རེད་སྙམ།
བདག་པོ་ལགས།

ཡི་གེ་ཚང་མ་མཐོང་མི་ཐུབ་གི་ལགས།
ཀརྨ་མ་བའི་ལོ་རྒྱུས་བཀློགས་སམ། བོད་ཀྱི་ལོ་རྒྱུས་ཤེས་སམ། བཀའ་རྒྱུད་པའི་སྤྲུལ་སྐུའི་སྐོར་གྱི་རྙོག་དྲ་ཨེ་ཤེས། ལོ་ཆུང་གི་བྱིས་པ་ཞིག་ཡིན་དགོས་ན། བྱིས་པ་རྣལ་མ་ཞིག་བཙལ་ནས་ཆོས་སྲིད་ཀྱི་གསན་བསམ་གནང་ཆོག ངེས་དོན་བོད་སྤྱི་ལ་ཕན་པ་ཞིག་དགོས་ན་བོད་མིའི་སྤྱིའི་འདོད་འདུན་དད་མོས་དང་མཐུན་པ་ཞིག་ཡིན་དགོས་། སྤྱིར་དོན་ཆེན་འདི་འསྲ་ཞིག་ལ་བྱིས་པ་འིལག་རྩེད་མ་བྱེད་ཅིག
2 ༡༦༢༠༠༩༡༨༠༢
མགོན་པོ་ལགས།
སེམས་ནང་གི་སྐད་ཆ་ཕྱིར་བཏོན་པ་ཡག་པོ་རེད།
ཁྱེད་རང་ཀརྨ་བཀའ་བརྒྱུད་ཡིན་མིན་ལ་གནད་འགག་མེད།
1 ༢༧༢༠༠༩༠༤༠༥
ངའེ་སེམས་ནང་མ་བཅོས་པར་ཇི་ལྟར་ཤར་བ།
ང་ནི་བོད་རྒྱུད་ནང་པ་ཞིག་ཡིན།
༧གོང་ས་ཡིད་བཞིན་ནོར བུའི་མ་འདས་པའི་སྤྲུལ་སྐུ་ནི་ད་ལྟའི་རྒྱལ་བ་ཀརྨ་པ་སྐུ་ཕྲེང༡༧པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཡིན་ས་རེད་བསམ་འདུག་་་་་་་་་་་ང་ཀརྨ་བཀའ་བརྒྱུད་ནི་མིན་ལ་ད་ལྟའི་བོད་པའི་དཀའ་ངལ་སེམས་ལ་ཡོད་བདེན་པ་ཐེ་ཚོམས་མེད



བརྗོད་གཞི་གཞན་ཁག་ལ་གཟིགས།