ཨོ་བྷ་མ་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོར་རྒྱལ་ཁ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

5november20081

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་ཟླ་༡༡ཚེས་༥ཉིན་སྤེལ། དེ་རིང་གཟའ་ལྷག་པ་ཚེས་༥ཉིན་ཨ་རིའི་མི་མང་ཚོས་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་ཆེན་མོ་བྱས་ཡོད་ཅིང༌། འོས་བསྡུ་ཆེན་མོ་དེའི་ཁྲོད་ཨོ་བྷ་མ་མཆོག་ལ་འོས་ཤོག་གི་གྲངས་༦༠༠༧༧༦༧༢དང་བརྒྱ་ཆ་༥༢་དང་མེ་ཁན་མཆོག་ལ་འོས་གྲངས་༥༣༩༨༩༤༣༧༤དང་བརྒྱ་ཆ་༤༧ཙམ་ཐོབ་ཟིན་ཡོད་པས་ཨོ་བྷ་མ་མཆོག་ལ་རྒྱལ་ཁ་ཐོབ་ཡོད་པ་་རེད།

དེ་ཡང་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་དང་སྤྱི་མཐུན་ཚོགས་པའི་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཇོན་མེ་ཁན་འོས་མི་གཉིས་ནས་འདས་པའི་ཉིན་གྲངས་འགའ་ཤས་རིང་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་གནང་ཡོད་པ་དང༌། སྤྱིར་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པར་སྤྱིའི་ཐོབ་ཆ་༣༣༣ནས་༢༧༠ཐོབ་དགོས་ཀྱི་ཡོད་པ་དང་ད་ལྟའི་ཆར་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་ལ་༢༠༠༨ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་ཁྲོད་རྒྱལ་ཁ་ཐོབ་ཟིན་ཡོད་པ་རེད།

དེ་རིང་སྲིད་འཛིན་གྱི་འོས་བསྡུ་ཙམ་མིན་པར་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་མང་པོ་ཞིག་གི་འོས་བསྡུ་ཡང་བྱས་ཡོད་པ་དང་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱས་པར་གཞིར་བཟུང་ལྟར་ན་མང་གཙོ་ཚོགས་པར་ཨ་རིའི་གྲོས་ཚོགས་གོང་མའི་ནང་འཐུས་མི་གྲངས་དྲུག་བཅུ་སྟེ་མང་མོས་རྒྱལ་ཁ་ཐོབ་པ་ཡོད་པ་རེད་འདུག གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པའི་འཐུས་མི་མང་བ་ཡོད་པ་དེ་དག་མུ་མཐུད་གནས་རྒྱུ་ཡིན་པ་རེད།

ཐེངས་འདིའི་ཨི་རིའི་མི་མང་གིས་སྐུ་ཞབས་བྷ་རག་ཨོ་བྷ་མར་སྲིད་འཛིན་དུ་འོས་འདེམས་ཞུས་པ་དེས་ཨ་རིའི་མི་རིགས་ནག་པོ་ཞིག་སྲིད་འཛིན་དུ་འདེམས་ཐོན་བྱུང་བ་ཐོག་མ་དེ་ཆགས་རྒྱུ་ཡིན་པ་དང་འདི་ནི་ལོ་རྒྱུས་རང་བཞིན་ལྡན་པའི་འཕེལ་རིམ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

ཨ་རིའི་ཆབ་སྲིད་ཐོག་དབྱེ་ཞིབ་པ་ཕལ་ཆེ་བས་དགུང་གྲངས་༤༧ལ་ཕེབས་པའི་སྐུ་ཞབས་ཨོ་བྷ་མར་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱེད་སྲིད་པའི་ཚོད་དཔག་བྱས་ཡོད་ཀྱང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཇོན་མེ་ཁན་གྱི་ཆབ་སྲིད་ལངས་ཕྱོགས་ཐོག་དབྱེ་ཞིབ་པ་ཚོས་ཚོད་དཔག་དེ་དག་ནོར་འཁྲུལ་ཡིན་ལུགས་གསུངས་ཡོད་པ་རེད།

འདས་པའི་ཉིན་གྲངས་གཉིས་རིང་སྲིད་འཛིན་འོས་མི་གཉིས་ཀས་འགྲན་བསྡུར་ཧ་ཅང་ཆེན་པོ་ཡོད་སའི་ཨ་རིའི་མངའ་སྡེ་ཁག་ཏུ་ཕེབས་སྟེ་དྲིལ་བསྒྲགས་ཀྱི་ལས་དོན་ཤུགས་ཆེ་སྤེལ་ཡོད་པ་དང་གཟའ་མིག་དམར་ཏེ་ཚེས་༤ཉིན་ཁོང་རྣམ་པ་གཉིས་ནས་སོ་སོའི་ས་གནས་སྟེ་སྐུ་ཞབས་མེ་ཁན་མཆོ་གིས་ཨེ་རི་ཛོ་ན་མངའ་སྡེའི་ཕི་ནིག་སི་གྲོང་ཁྱེར་དང་སྐུ་ཞབས་ཨོ་བྷ་མ་མཆོག་གིས་ཆི་ག་གྷོའི་གྲོང་ཁྱེར་དུ་ཕྱིར་ཕེབས་གནང་ཡོད་པ་རེད། སྤྱི་ཡོངས་ཀྱི་གཞུང་འབྲེལ་འོས་བསྡུ་ཆེན་མོའི་མཐའ་མའི་གྲུབ་འབྲས་གསལ་བསྒྲགས་དེ་གནང་རྒྱུ་ཡིན་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།