དགོངས་ཚུལ།

ྋགོང་ས་མཆོག་གིས་རྒྱལ་སྤྱིའི་གསར་འགོད་པར་བོད་དོན་སྐོར་བཀའ་ལན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

1-His Holiness and Tibetan PM 10 March 2009ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༣ཚེས་་༡༠ཉིན་སྤེལ། ༡༩༥༩ལོར་བོད་མི་མང་གིས་རང་དབང་སྒེར་ལངས་གནང་སྟེ་མི་ལོ་༥༠ཧྲིལ་པོར་འཁོར་བ་དང་འཛམ་གླིང་གང་སར་ཡོད་པའི་མི་ཚོས་གསུམ་བཅུའི་དུས་དྲན་དེ་སྲུང་བརྩི་ཞུས་ཡོད་པ་དང་སྟབས་བསྟུན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་མཆོག་གིས་ཟླ་༣ཚེས་༡༠ཉིན་གྱི་ཆུ་ཚོད་༡༢་སྐར་མ་༣༠ཐོག་རྒྱལ་སྤྱིའི་གསར་འགོད་པ་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་དང༌། ལོ་ངོ་༥༠འདིའི་ངོས་རང་ཁྱིམ་དོར་ཏེ་སྐྱབས་བཅོལ་དུ་གནས་ཡོད་ནའང་གཞན་དོན་ཕན་བདེ་བསྐྲུན་ཐུབ་པར་སྤྲོ་པོ་ཡོད་ལུགས་བཀའ་གནང་ཡོད་པ་རེད།  

ྋགོང་ས་མཆོག་གིས་མགོན་པོ་གང་ཉིད་དང་བོད་མི་མང་པོ་ཞིག་མི་ལོ་༥༠རིང་བཙན་བྱོལ་དུ་མི་ཚེ་བསྐྱེལ་བའི་གནས་སྐོར་གསུངས་པར། ངོས་དང་བོད་མི་མང་པོ་ཞིག་རྒྱ་གར་དུ་སྐྱབས་བཅོལ་དུ་སླེབས་ནས་སྡོད་སའི་གནས་ཡུལ་ཞིག་བརྙེད་ཡོད་པ་དང་གསན་དེར་ང་ཚོས་བདེ་སྐྱིད་འཚོ་བསྐྱེལ་ཐུབ་པ་མ་ཟད། རང་དབང་གི་ངང་ནས་སོ་སོའི་ཆོས་དང་རིག་གཞུང་ཉམས་ལེན་གནང་ཡོད་ལུགས་བཀའ་གནང་ཡོད་པ་རེད།

སྐབས་དེར་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་བོད་ལ་ཚད་མཐོའི་རང་གི་གནས་བབས་ཤིག་ཡོང་ཐབས་རྒྱ་གར་གཞུང་གི་ངོས་ནས་རོགས་གང་འདྲ་ཞུ་ཐུབ་མིན་བཀའ་འདྲི་ཞུས་པའི་བཀའ་ལན་དུ། རྒྱ་གར་ང་ཚོའི་མི་ལོ་༥༠རིང་གི་ཕ་ཡུལ་ཆགས་ཆགས་པ་དང༌། སྐུ་རྩེ་དང་སྦྲགས་དེའི་སྔོན་དུ་ང་ཚོ་དམར་པོའི་རིང་ལུགས་པ་རེད། འོན་ཀྱང་དེ་རྗེས་ང་ཚོའི་བདེ་སྐྱིད་ལྡན་པའི་སྡོད་ས་ཞིག་བརྙེད་པ་དེ་རྒྱ་གར་རེད། བོད་མི་བཙན་བྱོལ་བོད་མི་གནང་སྟངས་དང་བོད་མིའི་གཞིས་ཆགས་ཁག་གི་གནས་སྟངས་ཐད་རྒྱ་གར་གཞུང་གིས་ཤས་ཡོན་དང་འཕྲོད་བསྟེན་གང་ཅིའི་ཐད་རོགས་སྐྱོར་རྒྱ་ཆེ་གནང་ཡོད་ལུགས་བཀའ་ལན་ཕེབས་ཡོད་པ་དང༌། བོད་ཀྱི་གནད་དོན་ཐད་བསམས་གཞིགས་བྱས་ཚེ། རྒྱ་གར་གྱི་མཐའ་མཚམས་གཞི་རྒྱ་ཆེ་བ་ཞིག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ས་འབྲེལ་ཡོད་པ་དེ་དག་གི་དཀའ་རྙོག་སེལ་ཐུབ་མེད་པ་དང༌། དེར་བརྟེན་རྒྱ་གཞུང་གིས་གང་གནངཐུབ་མིན་ལ་ཚད་གཞི་ཤིག་ཡོད་པ་རེད། འོན་ཀྱང་སྤྱིའི་ཆ་ནས་རྒྱ་གར་དབུས་གཞུང་དང་མི་མང་གི་ངོས་ནས་རོགས་སྐྱོར་གནང་ཡོད་ལུགས་བཀའ་ཕེབས་ཡོད་པ་དང༌། རྒྱ་གར་གཞུང་གི་ངོས་ནས་གོ་སྐབས་དང་དུས་ཚོད་ནམ་ཤར་ལ་རོགས་སྐྱོར་གནང་བའི་ཡིད་ཆེས་ཡོད་ལུགས་བཀའ་ལན་ཕེབས་གནང་ཡོད་པ་རེད།

ཡང་ཉེ་དུས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་གིས་ྋགོང་ས་མཆོག་བདེན་ཞུ་བྱེད་རྒྱུ་མཚམས་འཇོག་དགོས་ཚུལ་དང་ཡུལ་གྲུ་དེ་དག་གི་ས་ཁུལ་ཁག་ཏུ་ྋགོང་ས་མཆོག་གིས་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བཅུག་རྒྱུ་མེད་ཚུལ་འཁྱོག་བཤད་སྐྱོན་བརྗོད་ཞུས་པའི་ལན་འདེབས་སུ། ངོས་ནས་གསར་འགྱུར་བརྒྱུད་ལམ་ཁག་ནས་ཕེབས་པའི་གསར་འགོད་པ་ཚོར་ཐད་ཀར་ང་ཚོས་འདིར་དབུ་མའི་ལམ་ཤར་བསྐྱོད་བྱེད་ཀྱི་ཡོད་པ་ལས་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་མེད་པར་ཁྱེད་ཚོས་དཔང་པོ་གནང་ཆོག་པ་དང༌། དེ་རིང་ངོས་ནས་གནད་དོན་དེ་བརྒྱ་ཆ་༡༠༠ཐམ་པ་ཐག་གཅོད་བྱས་པས་གསལ་སྟོན་དང་འདས་པའི་མི་ལོ་དེ་ཚོའི་ནང་འཛམ་གླིང་གི་ཡུལ་གྲུ་མང་པོས་ཏཱ་ལའི་བླ་མའི་ཕྱོགས་ནས་བོད་རང་བཙན་རྩོད་ལེན་བྱེད་ཀྱི་མེད་པའི་གནད་དོན་གསལ་པོར་ཤེས་རྟོགས་བྱུང་ཡོད་ལུགས་གསུངས་ཡོད་པ་རེད།

ལྷག་པར་དུ་ཕྱི་སྲིད་བློན་གྱིས་ཏཱ་ལའི་བླ་མའི་ཕྱོགས་ནས་བོད་ཆེན་པོ་ཙེས་རྒྱ་ནག་གི་དམག་དཔུང་ཡོངས་རྫོགས་བོད་ནས་ཕྱིར་འཐེན་དང་བོད་སྡོད་གྲངས་ཉུང་མི་རིགས་ཡོངས་རྫོགས་ཕྱིར་འབུད་གཏོང་བའི་ལངས་ཕྱོགས་འཛིན་གྱི་ཡོད་ཚུལ་བཤད་པའི་བཀའ་ལན་དུ། ངོས་ནས་རྒྱ་ནག་གི་དམག་དཔུང་ཕྱིར་འཐེན་བྱེད་དགོས་པ་དང་བོད་མི་ཡིན་པ་དེ་ཚོ་གནས་སྤོ་དགོས་ལུགས་སོགས་ནམ་ཡང་བཤད་མེད་ཅེས་དང༌། གསར་འགོད་པ་ཁྱེད་ཚོས་ངོས་ཀྱི་ཚབ་བྱས་ཏེ་ཏཱ་ལའི་གནད་དོན་ཡུལ་གང་དང་དུས་ནམ་ཞིག་ཏུ་གསུངས་ཡོད་མེད་བཀའ་འདྲི་ཞུ་རོགས་ཞེས་བཀའ་ནན་པོ་ཕེབས་ཡོད་པ་རེད།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༢༡༢༠༠༩༡༦༢༣
སྙིང་རྗེ་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས། །བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད། དྲིན་ཆེན་རྩ་བའི་བླ་མའི་སྐུར་བཞེངས་པའི། །ཡབ་སྲས་མྱུར་མཇལ་སྐུ་ཆེ་རིང་བར་ཤོག།
ཞི་བདེ་དེད་དཔོན་རྣམ་གཉིས། འཛུམ་མདངས་དུང་གི་ཟླ་བ། ཞལ་རས་མཇལ་ཙམ་ཉིད་ནས། རྨོངས་དང་གཉིད་ལས་སངས་སོང༌། བསྟན་དང་འགྲོ་བའི་དོན་དུ། སྐུ་ཚེ་བསྐལ་བརྒྱ་བཞུགས་རོཌ།



བརྗོད་གཞི་གཞན་ཁག་ལ་གཟིགས།