ཨ་རིའི་ཕྱི་སྲིད་བློན་ཆེན་གྱི་རྒྱ་ནག་ལྟ་སྐོར་ལ་སྐྱོན་བརྗོད།

 པར་འདེབས།

A Tibetan girl in Dharmshala, India on 23 February 2009. Photo: TPI རྒྱ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཟླ་༠༢ཚེས་༢༤ཉིན་སྤེལ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡི་ད་ཐེངས་ཀྱི་རྒྱ་ནག་གི་གཟིགས་སྐོར་སྐབས་སུ་བོད་དང་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་གནད་དོན་དེས་ཨ་རྒྱའི་འབྲེལ་ལམ་ལ་ཐེ་གཏོགས་བྱ་མི་ཉན་ཚུལ་བཤད་པར་བརྟེན་རྒྱ་ནག་གི་དཔོན་རིགས་གནས་སྐབས་བསམ་བློ་ལྷིང་འཇགས་ལྟ་བུར་བཟོས་སྐོར་རྒྱ་གཞུང་གིས་གནས་ཚུལ་སྤེལ་པ་ལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་རེད།

དེ་ཡང་རྒྱ་གཞུང་གི་དབྱིན་ཡིག་གི་སགར་ཤོག་རྒྱ་ནག་ཉིན་རེའི་ཚགས་པར་ཟེར་བའི་ནང་དུ་ཆེད་རྩོམ་ཞིག་སྤེལ་ཡོད་པ་དང། དེའི་ནང་དུ་ཉེ་ཆར་ཨ་རིའི་ཕྱི་སྲིད་བློན་ཆེན་ཧི་ལ་རི་ནས་རྒྱ་ནག་ལ་གཟིགས་སྐོར་དུ་ཕྱིན་ཡོད་པ་དང། སྐབས་དེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་གསར་འགོད་རང་དབང་ཚོགས་པ་སོགས་ནས་ཧི་ལ་རིས་བོད་དོན་དང་ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བཅས་ཀྱི་སྐོར་རྒྱ་ནག་དམར་པོའི་གཞུང་གི་དཔོན་རིགས་ཚོ་དང་མཉམ་དུ་གྲོས་མོལ་བྱེད་རྒྱུའི་རེ་བ་ཆེན་པོ་བྱས་ཡོད་ནའང་ཁོ་མོས་དེ་ལས་ལྡོག་སྟེ་གནད་དོན་དེ་དག་གིས་ཨ་རྒྱ་གཉིས་དབར་གྱི་ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་ལམ་གཙོ་གནད་ཁག་ལ་ཤུགས་རྐྱེན་ནམ་གནོན་ཤུགས་ཐེབས་པ་ལྟ་བུའི་ཉེན་ཁ་ཡོད་ཚུལ་བཤད་པ་དེས་རྒྱ་ནག་གི་དཔོན་རིགས་ལ་བློ་བདེ་བག་ཕེབས་ལྟ་བུ་བྱུང་བའི་སྐོར་བྲིས་ཡོད་པ་རེད།

རྒྱ་ནག་དམར་པོའི་གཞུང་གི་འགོ་ཁྲིད་ཚོས་ཉེ་སྔོན་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་སྐབས་སུ་རྒྱལ་ཁ་བྷ་རག་ཨོ་བྷ་མ་མཆོག་ལ་ཐོབ་པའི་དུས་སུ་ཁོ་མོས་ཨོ་བྷ་མིའི་གཞུང་གསར་པས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ཚོང་འབྲེལ་གྱི་གནད་དོན་ཐོག་གནོན་ཤུགས་སྤྲོད་པའི་ཉེན་ཁ་མཐོང་ཡང་ད་ལྟ་ཕྱི་སྲིད་བློན་ཆེན་ཧི་ལ་རིའི་གཟིགས་སྐོར་རིང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་ཟུར་ཙམ་ཡང་མ་བྱས་པ་དང༌། ཡུལ་གཉིས་བར་མཐུན་འབྲེལ་གང་གཟབ་བྱེད་རྒྱུའི་གྲོས་མོལ་བྱས་པ་དེས་རྒྱ་ནག་དམར་པོའི་གཞུང་གི་འགོ་ཁྲིད་རྣམས་བློ་བདེ་བག་ཕེབས་ལྟ་བུ་བྱུང་ཡོད་པ་རེད།

ཡིན་ནའང་ཧི་ལ་རི་ཡིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེས་ཨ་རི་དང་རྒྱ་ནག་བར་དཔལ་འབྱོར་གྱི་དཀའ་རྙོག་སེལ་རྒྱུའི་གནད་དོན་དང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་བཅས་པར་དོ་ཕོགས་ཐེབས་བཅུག་གི་མིན་ཞེས་པའི་གཏམ་བཤད་སྤེལ་བའི་་གནས་བབས་དེས་རྒྱ་ནག་ནང་དང་ཕྱི་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་རྣམས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་དང༌། དེ་བཞིན་ཁོ་མོས་ཨ་རི་དང་རྒྱ་ནག་བར་རྩོད་རྙོག་ཡོད་པའི་རྒྱ་གཞུང་གིས་ཤོག་དངུལ་གྱི་འཛའ་ཐང་ཐོག་གང་བྱུང་བཟོ་བཅོས་བྱེད་བཞིན་པ་དང༌། ཐའེ་ཝན་ལ་གོ་མཚོན་ཚོང་བསྒྱུར་གྱི་གནད་དོན་བཅས་ཀྱི་སྐོར་ཡང་གླེང་སློང་བྱས་མེད་པ་རེད།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།