ྋགོང་ས་མཆོག་གིས་རྗར་མི་ནིའི་ཆེ་བསྟོད་གཟེངས་རྟཌ་འབུལ་བཞེས་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

11february20093ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༢་ཚེས་༡༡ཉིན་སྤེལ། བོད་ཀྱི་ཆོས་སྲིད་གཉིས་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་ཡུལ་གྲུ་ཨི་ཊ་ལིའི་རྒྱལ་ས་རོམ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གྲུབ་རྗེས་རྗ་མི་ནིའི་ནང་ཆིབས་བསྒྱུར་གནང་ཡོད་པ་དང་སྐབས་དེར་རྗར་མི་ནིའི་གྲོང་ཁྱེར་བྷ་ཌེན་བྷ་ཌེན་དུ་གསར་འགོད་པའི་ཆེ་བསྟོད་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་རེད།

དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་རྒྱལ་ས་རོམ་སྲིད་གཞུང་ནས་མི་སེར་གྱི་ཆེ་བསྟོད་དང་དེ་རྗེས་ཡུལ་དེའི་ཝེ་ནི་སི་ཞེས་པའི་་གྲོང་ཁྱེར་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་སྟེ་ཝེ་ནི་སི་གྲོང་ཁྱེར་སྲིད་གཞུང་ནས་མི་སེར་གྱི་ཆེ་བསྟོད་འབུལ་བཞེས་གནང་ཡོད་པ་རེད།

ཟླ་༠༢ཚེས་༡༠ཉིན་རྗར་མི་ནིའི་ཡུལ་དུ་ཆིབས་བསྒྱུར་གནང་སྟེ་ཡུལ་དེའི་གཏམ་བརྗོད་རང་དབང་གི་མཚོན་བྱེད་གསར་འགྱུར་བརྒྱུད་ལམ་གྱི་ཆེ་བསྟོད་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་དང༌། མགོན་པོ་གང་ཉིད་ཀྱི་མཛད་འཆར་ཁག་གཞིར་བཟུང་འཇར་མི་ནིའི་གྲོང་ཁྱེར་བྷ་ཌེན་བྷ་ཌེན་ཞེས་པར་ཆིབས་བསྒྱུར་གནང་སྟེ་ྋགོང་ས་མཆོག་ལ་ཌ་ཆི་མེ་ཌི་ཡ་པེ་རེ་སི་ཞེས་རྗར་མི་ནིའི་གསར་འགོད་རིག་པའི་གཟེངས་རྟགས་དེ་འབུལ་བཞེས་གནང་ཡོད་པ་རེད། གཟེངས་རྟགས་དེ་བཞིན་རྗར་མི་ནིའི་སྙན་གྲགས་ཅན་གྱི་གསར་འགོད་རྩོམ་བསྒྲིགས་འགན་འཛིན་ཉི་ཤུ་ལས་གྲུབ་པའི་དཔྱད་ཞིབ་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་རྒྱུའི་འོས་འདེམས་བྱུང་བ་ཞིག་ཡིན་ལ། དེ་ནི་མགོན་པོ་གང་ཉིད་ནས་ད་བར་འཛམ་གླིང་དུ་གཏམ་བརྗོད་རང་དབང་དང་འཛམ་གླིང་ཞི་བདེ་ཡོང་ཐངས་སུ་འབད་བརྩོན་ལྷད་མེད་དང་གཡོ་བ་མེད་པ་གནང་བ། འཛམ་གླིང་གི་ཆོས་ལུགས་ཁག་གི་དབར་མཐུན་འགྲིག་དང་བོད་རྒྱའི་དཀའ་རྙོག་དེ་ཉིད་འཚེ་བ་མེད་པའི་དབུ་མའི་ལམ་ནས་སེལ་ཐབས་གནང་བ་སོགས་ལ་ཆེ་བསྟོད་མཚོན་གྱི་ཡོད་འདུག

འོན་ཀྱང་རྒྱ་ནག་གཞུང་གིས་གནད་དོན་དེའི་ཐད་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད། དེ་ཡང༌། གནད་དོན་དེའི་ཐོག་རྒྱ་ནག་གི་ཕྱོགས་ནས་འདོད་མོས་རྩ་བ་ནས་མེད་པ་ཚུལ་དང༌། མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཚུལ་སོགས་བརྗོད་དེ་ཨི་ཊ་ལི་གཞུང་ལ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅང་ཡུས་ཟེར་བས་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་སྐྱོན་བརྗོད་བྱས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
མགོན་པོ་གང་ཉིད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་མཛད་འཕྲིན་ཡར་ངོས་ཟླ་བ་བཞིན་རྒྱས་པར་སྨོན།



བརྗོད་གཞི་གཞན་ཁག་ལ་གཟིགས།