དགོངས་ཚུལ།

རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་འཁྱོག་བཤད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

05january20092ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༢་ཚེས་༡༡ཉིན་སྤེལ། ཟླ་༠༢ཚེས་༠༨དང་རེས་གཟའ་ཟླ་བའི་ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝ་རུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་གནང་བ་དང་རྒྱ་ནག་ཕྱོགས་ནས་འགྲོ་བ་མིའི་ཐོབ་ཐང་ཡག་པོ་ཡོད་པའི་རྣམ་པ་བཏོན་ཐབས་འབད་བརྩོན་བྱས་ཡོད་ཀྱང་ཨོ་སོ་ཊོ་ལི་ཡ་དང་ཁེ་ན་ཌ་སོགས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་བསྐྱར་ཞིབ་གནང་མཁན་རྒྱལ་ཁབ་ཚོས་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་གིས་སྲིད་ཇུས་ཤུགས་ཆེ་རུ་བཏང་བའི་བྱ་སྤྱོད་ཐད་བློ་འཚབ་ཡོད་པའི་གླེང་སློང་གནང་བའི་སྐོར་གསར་ལམ་ཁག་ཏུ་སྤེལ་ཡོད་པ་རེད།

ཕྱི་ལོ་༢༠༠༧ལོའི་ཕྱི་ཟླ་༠༦པའི་ནང་གསར་འཛུགས་གནང་བའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐད་མཁས་དབང་ལས་གྲུབ་པའི་བསྐྱར་ཞིབ་ཚོགས་ཆུང་དེའི་དམིགས་ཡུལ་གཙོ་བོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་འཛམ་གླིང་གི་རྒྱལ་ཁབ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གོང་འཕེལ་གཏོང་ཐབས་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་སུ་ཡིན་མིན། གནད་དོན་དེའི་ཐད་གལ་ཏེ་ཡུལ་གྲུ་གང་ཞིག་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བའམ་གཏོང་བཞིན་གནས་ཚུལ་བྱུང་ཚེ་ཡུལ་གྲུ་དེའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཡར་རྒྱས་གཏོང་ཐབས་ཀྱི་ཕྱག་ལས་གནང་གི་ཡོད་ཅིང༌། ཐེངས་འདིའི་བཅར་ཞིབ་ལྷན་ཚོགས་ཐོག་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་བཤེར་གནང་བའི་གནང་ཡོད་ལ། དེར་བརྟེན་ལྷན་ཚོགས་ཐོག་ཁེ་ན་ཌའི་སྐུ་ཚབ་ཚོགས་ནས་བཏོན་པའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་སྲོག་ཐོག་ཁྲིམས་ཆད་གཏོང་རྒྱུ་ཁྱབ་ཆེ་རུ་བཏང་བའི་བྱ་སྤྱོད་དང༌། ལྷག་པར་དུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་བ། ངལ་རྩོལ་བསྒྱུར་བཀོད་ར་བའི་ལས་གཞི་སྔ་ལས་ཤུགས་ཇེ་ཆེར་གཏོང་བཞིན་པ། བདེན་རྫུན་དབྱེ་འབྱེད་བྱེད་དེ་དྲང་བདེན་བརྗོད་མཁན་ཚོ་མུ་མཐུད་འཛིན་བཟུང་དང་བཙོན་འཇུག་བྱེད་བཞིན་པ། བོད་དང་ཤིན་ཅང་ནང་འཛིན་བཟུང་དང་བཙོན་འཇུག་བྱས་པའི་མི་མང་ཚོར་མི་ཆོས་ལས་འདས་པའི་གདུག་རྩུབ་གཏོང་བའི་བྱ་སྤྱོད་དེ་དག་གི་གནད་དོན་ཐད་རྒྱལ་ཚོགས་སུ་ཡོད་པའི་རྒྱ་ནག་གི་ངོ་ཚབ་ལ་ཤུགས་ཆེན་པོས་དྲི་བ་བཏོན་ཡོད་པ་རེད། དེ་བཞིན་ཨོ་སོ་ཊོོ་ལི་ཡའི་སྐུ་ཚབ་ཕྱོགས་ནས་བཏོན་པའི་སྙན་ཐོའི་ནང་གཙོ་བོ་རྒྱ་ནག་གཞུང་གིས་མི་མང་ཐོག་བསུན་བཙིར་དང་སྡུག་སྦྱོར་མནར་གཅོད་གཏོང་བའི་བྱ་སྤྱོད། མི་གང་བྱུང་དུ་འཛིན་བཟུང་བཀག་ཉར་དང་དོ་དམ་བཙོན་འཇུག་མུ་མཐུད་བྱེད་བཞིན་པའི་བྱ་སྤྱོད། ཆོས་ལུགས་སམ་ཆོས་དད་རང་དབང་གི་ཐོག་དམ་དྲག་དང་ཆོས་ལུགས་ཉམས་ལེན་བྱེད་མཁན་གྱི་ཉེས་མེད་མི་མང་ལ་ཉེས་ཆད་ནན་པོ་གཏོང་བ། ལྷག་དོན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་མེད་པའི་གནས་ཚུལ་ཁག་རྒྱས་བྲིས་གནང་ཡོད་པ་རེད།

དེ་བཞིན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་ནག་ཏུ་ཁྲིམས་ལུགས་སྐྱོང་བའི་དབང་འཛིན་གྱི་གནས་བབས་མེད་པ་དང་ད་དུང་ཁྲིམས་གཅོད་དྲང་པོ་མེད་ཅིང༌། བོད་མི་མང་པོ་ཞིག་ལ་ཁྲིམས་ཐག་མ་བཅད་པར་རང་མཚམས་སུ་ལོ་མང་བཙོན་འཇུག་གི་ཉེས་ཆད་ཕོགས་ཡོད་པ་རེད་ཅེས་དང༌། ཡང་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་མི་ཇོར་་ཁྲིམས་ཀྱི་མདུན་སར་ཞུ་གཏུགས་བྱེད་རྒྱུའི་རང་དབང་མེད་པ་མ་ཟད། རང་གི་རང་དབང་སྲུང་སྐྱོབས་བྱེད་རྒྱུར་ཁྲིམས་རྩོད་པ་གླ་བའམ་རྩོད་ལེན་བྱེད་ཆོག་གི་མེད་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད།

འཛམ་གླིང་མི་མང་ནས་རྒྱ་ནག་གི་ཁྲིམས་ལུགས་ཀྱི་གནས་བབས་དེ་ཡང་ན་དྲང་བདེན་མེད་པའི་གནས་བབས་ཤིག་ཡིན་པའི་གནད་དོན་དེ་མཁྱེན་གྱི་ཡོད་ནའང་རྒྱ་ནག་གིས་དེ་བཅོས་བསྒྱུར་གང་ཡང་བྱེད་ཀྱི་མེད་པ་དང༌། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ད་བར་ལོ་ངོ་ལྔ་བཅུའི་རིང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པ་དེར་སྐྱོན་བརྗོད་ཀྱིས་གྲོས་ཆོད་གཅིག་ཀྱང་བཞག་ཐུབ་མེད་ཅིང༌། ཐེངས་འདིར་ཡང་སུད་སི་གྲོང་ཁྱེར་ཇི་ནི་ལྦ་ནང་ཚོགས་བཞིན་པའི་ཚོགས་འདུ་དེ་ཡང་དེ་སྔོན་བཞིན་བསྐྱར་ཟློས་ཤིག་ཆགས་སྲིད་ཡིན་ནའང་འགྲོ་བ་མིའི་ཐོབ་ཐང་ཐོག་བགྲོ་གླེང་གནང་བ་དེས་རྒྱ་ནག་གིས་བརྡལ་བཤིག་བཏང་བའི་གནད་དོན་དེར་དོ་སྣང་དང་འཛམ་གླིང་གི་དབུ་ཁྲིད་རྣམས་དང་སྲིད་གཞུང་ཁག དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་བཅས་སུ་དྲན་བསྐུལ་གསར་པ་ཞིག་སླེབས་རྒྱུ་ཡིན་པ། ༢༠༠༨ལོའི་ཕྱི་ཟླ་༣པ་ནས་ད་བར་བོད་ནང་རྒྱ་གཞུང་གིས་དྲག་གནོན་གྱི་ལས་འགུལ་ཇི་འདྲ་ཞིག་སྤེལ་དང་སྤེལ་བཞིན་པའི་གནད་དོན་སོགས་ཀྱི་སྐོར་ཡང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བསྟན་པའི་དགྲ་བོ་མུན་ནག་ཀླ་ཀློའི་ཡུལ་ནས། བསྟན་འཛིན་དྲང་བདེན་དགའ་བའི་ཟུར་ནས་རྣམས། མི་ཁའི་ངན་གཡོཌ་སྲོག་བཅད་བཙོན་དུ་གཅུག བསྟན་པའི་གཞི་མ་ལྷག་པའི་ཚུལ་ཁྲིམས་ཡིན། དེ་བསྟན་ཉམས་བྱེད་མཛེས་མ་བཙན་གྱིས་སྐུལ། ཆོས་རིག་སྲོལ་རྒྱུན་འཛིན་མཁན་ན་གཞོན་རྣམས། དེང་དུས་སྒྱུ་མའི་མིག་འཕྲུལ་དབང་དུ་འཁྲིད། བོད་རིགས་ཉམས་བྱེད་སྐྱེ་སྒོ་བཙན་གྱི་བཀག འཚོ་བསྟེན་ཉམས་བྱེད་ངན་དགུ་བསླུ་བསུ་བྱས། རྒྱལ་ཁམས་ཀུན་ལ་གནས་པའི་སྤུན་ཟླ་རྣམས། ན་གཞོན་རེ་སྒུག་རྫོགས་པའི་རེ་སྐུལ་ཞིག། བསྟན་པའི་དགྲོ་བོ་ཚར་ཞིག་མ་གཅོད་ན། བསྟན་འཛིན་ཀུན་ལ་སངས་ཞིག་མི་རྒྱས་དཔེ། ད་ནི་དུས་ལ་བབས་སོ་སྤུན་ཟླ་ཚོ། ཡིད་བཞིན་ནོར་བུ་ཁྲི་ལོར་བརྟན་དང་གཅིག གཞིས་བྱེས་འཛོམས་པའི་བཀྲ་ཤིས་ཉི་ཤར་གཉིས། སྤུན་ཟླ་ནང་མཐུན་མི་འགྱུར་རྟག་བརྟན་གསུམ། རིགས་གསུམ་མགོན་པོ་ལྟ་བུ་ཡོང་བར་སྨོན། ། ། ལི་ལྗོངས་ཕོ་ཉ›¥.謀



བརྗོད་གཞི་གཞན་ཁག་ལ་གཟིགས།