རྒྱ་ནག་གི་འགྲོ་བའ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྐྱོན་བརྗོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

06february0092ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༢་ཚེས་༡༡ཉིན་སྤེལ། རྒྱ་ནག་གིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་ཕུལ་བའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ཞེས་པའི་ནང་བོད་དང་ཤར་ཏུར་ཀི་སི་ཐན་ཡུལ་གཉིས་ཀྱི་འགྲོབ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གསལ་ཁ་གང་ཡང་བཏོན་མེད་པ་དང་དེར་རྒྱལ་ཚོགས་སུ་ངོས་ལེན་བྱེད་རྒྱུར་རྩིས་མེད་བཏང་དང་གཏོང་ཡོད་པ་མ་ཟད། གནད་དོན་དེ་ཕལ་ཆེར་འབྲེལ་མེད་ཡིན་ཁུལ་ཡང་རྣམ་འགྱུར་སྟོན་བཞིན་སྐྱོན་བརྗོད་དྲག་པོ་ཡོང་གི་ཡོད་པ་རེད།

དེ་ཡང་རྒྱ་ནག་གིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ཕུལ་བའི་ནང་བོད་དང་ཤར་ཏུར་ཀི་སི་ཐན་གཉིས་རྩིས་མེད་བཏང་སྟེ་གསལ་སྟོན་གང་མ་བྱས་པ་དེར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ཞེས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བརྟོག་ཞིབ་ཚོགས་པས་སྐྱོན་བརྗོད་དྲག་པོ་བྱེད་བཞིན་ཡོད་པ་རེད།

ཟླ་༠༢ཚེས་༥དང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ལྷན་ཚོགས་སུ་ཕུལ་བའི་སྙན་ཐོའི་ནང་བོད་དང་ཤར་ཏུར་ཀི་སི་ཐན་གཉིས་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་དང་དྲག་གནོན་བྱེད་བཞིན་པའི་སྐོར་ཟུར་ཅིག་ཀྱང་འཁོད་མེད་པ་དེར་ཉེས་ཡངས་ཚོགས་པས་སྐྱོན་བརྗོད་བྱས་ལ། དེ་ཡང་ཉེས་ཡངས་ཚོགས་པས་རྒྱ་ནག་གིས་སྤྱིའི་ཆ་ནས་འགྲོ་བ་མིའི་ཐོབ་ཐང་ཐད་ཡར་རྒྱས་ཕྲན་བུ་བཏང་ཡོད་པ་ངོས་ལེན་གནང་འོས་འདུག་ཀྱང་༢༠༠༩ལོ་ཕྱི་ཟླ་༡ནང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་ཚོར་དྲག་གནོན་བྱས་པ་མ་ཟད། བོད་མི་༨༡འཛིན་བཟུང་བྱས་ཡོད་པ་དང༌། རིང་མིན་འཆར་ལ་ཉེ་བའི་བོད་ཀྱི་ལོ་གསར་དང༌། ཕྱི་ཟླ་༣པའི་ནང་བོད་མི་ཚོས་རང་དབང་སྒེར་ལངས་བྱས་ནས་ལོ་ལྔ་བཅུ་འཁོར་བའི་སྐབས་འདིར་ཁྱོན་ཡོངས་ནས་ཞི་རྒོལ་ཡོང་བའི་ཉེན་ག་དང་དོགས་སོན་ཆེན་པོས་མ་བཟོད་པར་ད་ལྟ་ནས་ཆེས་གདུག་རྩུབ་དང་མནར་གཅོད། དྲག་གནོན་བྱེད་རྒྱུ་ཡང་འགོ་འཛུགས་བྱས་ཟིན་ཡོད་ལུགས་སྐྱོན་བརྗོད་བྱས་ཡོད་པ་དང༌། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དུས་ཚོད་ངེས་གཏན་གྱི་ཞིབ་འཇུག་ལྷན་ཚོགས་དེ་ཕྱི་ཟླ་གཉིས་པའི་ཚེས་དགུ་ཉིན་གནང་གཏན་འཁེལ་ཡོད་པ་ལྟར་ཚོགས་ཁོངས་རྒྱལ་ཁབ་༡༩༢ཡོད་པ་ཚང་མས་མི་ལོ་༤་རེའི་མཚམས་སུ་འགྲོ་བའ་མིའི་ཐོབ་ཐང་གི་སྐོར་སོ་སོའི་སྙན་ཐོ་ཞིག་འབུལ་སྲོལ་ཡོད་པ་ལྟར་འབུལ་རྒྱུ་ཡིན་པ་རེད།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁག་གིས་ཀྱང་ཚོགས་ཆེན་དེའི་ཐོག་བོད་ཀྱི་གནས་སྟངས་སྐོར་སྙན་ཐོ་ཟུར་དུ་འབུལ་བཞིན་ཡོད་པ་རེད། འོན་ཀྱང་གནད་དོན་དེའི་ཐད་ད་ལོར་རྒྱ་ནག་སྐྱོན་བརྗོད་དྲག་པོ་སླེབས་རྒྱུ་ཡིན་ཡང༌།  རྒྱ་ནག་གཞུང་གིས་སྔ་ཕྱི་བར་གསུམ་དུ་འགྲོ་བ྄་མིའི་ཐོབ་ཐང་གི་བཅའ་ཡིག་སྲུང་སྐྱོབ་གུས་བཀུར་དང་མ་ཉོངས་པར་ཡང་དེ་ལྟར་ཞུ་རྒྱུ་ཡིན་ཚུལ་དང་རྒྱལ་ཁབ་སོསོར་གནད་དོན་དེའི་ཐད་བལྟ་སྟངས་རིགས་མི་འདྲ་བ་ཡོད་ཚུལ་ཉེ་དུས་རྒྱ་གཞུང་ཕྱི་སྲིད་མགྲིན་ཚབ་པས་གཏམ་བཤད་སྤེལ་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
རྒྱལ་སྤྱིའི་རང་ལུགས་དགྲ་འཛིན་དམར་པོའི་ལུགས། ཇུས་ངན་རང་ལུགས་འཛིན་པའིཀླ་ཀློ་པ། དུས་གསུམ་མཁྱེན་བདག་ཡིད་བཞིན་ནོར་བུ་སོགས། ཕ་བསད་བུ་རུ་འཛིན་པའི་་སྙིང་རྗེ་ཡུལ། ལི་ལྗོངས་ཕོ་ཉ



བརྗོད་གཞི་གཞན་ཁག་ལ་གཟིགས།