ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་གཟིཌ་སྐོར་དང་བོད་དོན་གླེང་སློང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

23january20094ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༢་ཚེས་༡༡ཉིན་སྤེལ། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་རིང་མིན་རྒྱ་ནག་ཐེ་བའི་ཤར་ཨེ་ཤི་ཡའི་ཡུལ་གྲུ་ཁག་འགའ་ཤས་སུ་གཟིགས་སྐོར་ལ་ཕེབས་རྒྱུ་ཡིན་པ་དང་སྐབས་དེར་ཁོང་གིས་རྒྱ་ནག་གི་དཔོན་རིགས་ལྷན་དུ་བོད་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གླེང་སློང་ཤུགས་ཆེན་གནང་རྒྱུ་ཡིན་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ལ་གསུངས་ཡོད་སྐོར་སྤེལ་ཡོད་པ་རེད།

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་ཟླ་༠༢ཟླ་མཇུག་ཏུ་རྒྱ་ནག་ཐེ་བའི་ཤར་ཨེ་ཤི་ཡའི་ཡུལ་གྲུ་འགའ་ཤས་སུ་ཕེབས་རྒྱུ་ཡིན་པ་དང་སྐབས་དེར་རྒྱལ་ས་པེ་ཅིང་དུ་འཚམས་འདྲིར་ཕེབས་ཏེ་རྒྱ་ནག་གི་དཔོན་རིགས་ལྷན་དུ་བོད་ཀྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད། རིང་མིན་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་ཨེ་ཤེ་ཡའི་ནང་འཚམས་འདྲིར་ཕེབས་ཀྱི་ཡོད་པའི་གནས་ཚུལ་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་གསལ་བསྒྲགས་གནང་བའི་རྗེས་སུ་ཨ་རིའ་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་རོ་བྷ་ཏེ་ཝུ་ཌིི་ལསག་ཀྱིས་གསར་འགོད་པར་གསུངས་དོན། བོད་ཀྱི་གནད་དོན་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གཉིས་ནི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་སྐབས་གླེང་སློང་གནང་རྒྱུ་རེད་ལ། དེའི་རྒྱུ་མཚན་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ནི་ཨ་རིའི་གཞུང་གསར་པའི་ངོས་ནས་གལ་འགངས་ཧ་ཅང་ཆེ་བའི་གནད་དོན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་དང༌། དེར་བརྟེན་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་གིས་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་དུ་བཀའ་མོལ་གནང་བའི་སྐབས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནད་དོན་དེ་དག་གླེང་སློང་གནང་གི་རེད་ཅེས་གསུངས་ཡོད་པ་རེད།

ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་གིས་ཉེ་ཆར་ཨ་རིའི་སྲིད་གཞུང་གསར་པའི་ནང་ཕྱི་སྲིད་དྲུང་ཆེའི་མཛད་འགན་བཞེས་པའི་རྗེས་ཟླ་༠༢ཚེས་༡༦ནས་༢༠བར་གཟའ་འཁོར་གཅིག་རིང་ཨེ་ཤེ་ཡའི་རྒྱལ་ཁབ་ཉི་ཧོང་དང་ལྷོ་ཀོ་རི་ཡ། རྒྱ་ནག་བཅས་སུ་ཐེངས་དང་པོ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་དང་རྒྱ་ནག་ཏུ་ཕྱི་ཚེས་༢༠ནས་༢༢བར་ཉིན་གསུམ་རིང་འཚམས་འདྲི་གནང་རྒྱུ་ཡིན་པ་རེད། ཁོང་གིས་འདི་སྔོན་སྲིད་འཛིན་ཨོ་བྷ་མ་མཆོག་གིས་སྲིད་འཛིན་གྱི་དམ་འབུལ་མ་བྱས་པའི་སྔོན་ཙམ་དུ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལྷན་ཁང་གི་ཚོགས་འདུ་ཞིག་གི་སྐབས་བོད་མི་ཚོས་བོད་རང་སྲིད་རང་སྐྱོང་གི་གནས་བབས་ཞིག་ལ་ལོངས་སུ་སྤྱོད་རྒྱུའི་ཐོབྠང་ཡོད་པ་དང༌། རྒྱ་ནག་གི་དཔོན་རིགས་ཚོས་ྋགོང་ས་ཏཱ་ལའི་བླ་མཆོག་དང་ལྷན་དུ་བོད་ཀྱི་དཀའ་རྙོག་སེལ་རྒྱུར་གྲོས་མོལ་གནང་རྒྱུར་གལ་འགངས་ཆེན་པོ་ཡིན་ལུགས་གསུངས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ང་ཚོའི་རེ་བ་བྱས་པ་ནང་བཞིན་གནང་མ་སོང༌། ཁོ་ཚོ་དམིགས་ཡུལ་གཞན་ཞིག་དང༌། ཡང་ན་ལྐོག་དངུལ་ཞིག་གིས་བསླུས་པ་མིན་འགྲོའ། གངས་རྒོདm



བརྗོད་གཞི་གཞན་ཁག་ལ་གཟིགས།