ྋགོང་ས་མཆོག་ལ་སྲིད་འཛིན་གྱིས་མཇལ་མོལ་ཞུ་རྒྱུའི་ཐོབ་ཐང་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

07february0094ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༢་ཚེས་༡༡ཉིན་སྤེལ། ཕི་རན་སིའི་སྲིད་བློན་ཕ་རན་ཀོ་ཕི་ལོན་མཆོག་གིས་ཉེ་དུས་ཕི་རན་སི་སྲིད་འཛིན་སར་ཀོ་ཟི་མཆོག་གིས་བོད་ཀྱི་ཆོས་སྲིད་གཉིས་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པ་དེ་ནི་འོས་ཤིང་འཚམས་པ་ཞིག་དང་སྲིད་འཛིན་མཆོག་གིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་བཀའ་མོལ་གནང་རྒྱུའི་ཐོབ་ཐང་ཡང་ཡོད་པ་ཞིག་ཡིན་ལུགས་གསུངས་ཡོད་པ་རེད།

ཕི་རན་སི་སྲིད་འཛིན་ནི་ཀོ་ལ་སི་སར་ཀོ་ཟི་མཆོག་གིས་ཉེ་དུས་བོད་ཀྱི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུས་པ་དེ་ནི་འོས་འཚམས་ཤིག་རེད་ལ། སྲིད་འཛིན་སར་ཀོ་ཛི་མཆོག་གིས་བོད་ཀྱི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་བཀའ་མོལ་གནང་ཆོག་པའི་ཐོབ་ཐང་ཡོད་པ་རེད་པ་ཅེས་ཕི་རན་སིའི་སྲིད་བློན་ཕ་རན་ཀོ་ཕི་ལོན་ཡིས་ཟླ་༠༢ཚེས་༦དང་རེས་གཟའ་པ་སངས་ཉིན་གསུངས་ཡོད་པ་རེད།

ཕི་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཟི་མཆོག་གིས་སྔ་ལོའི་ཕྱི་ཟླ་༡༢ཚེས་༠༦ཉིན་ཡོ་རོབ་ཀྱི་ཡུལ་གྲུ་པོ་ལན་ཌིའི་ཡུལ་དུ་བོད་ཀྱི་ཆོས་སྲིད་གཉིས་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པར་བརྟེན་ནས། རྒྱ་ནག་གཞུང་གིས་སར་ཀོ་ཟི་མཆོགལ་སྐྱོན་བརྗོད་དྲག་པོ་བྱས་པ་མ་ཟད། ཁོང་ཁྲོ་ཆེན་པོས་རྒྱ་ནག་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དབར་གྱི་ལྷན་ཚོགས་ནང་མཉམ་ཞུགས་མ་བྱས་པར། ལྷན་ཚོགས་དེ་འཚོག་རྒྱུར་རྒྱ་ནག་གཞུང་གིས་ཕྱིར་འཐེན་བྱས་ཡོད་པར་བརྟེན་འཚོག་ཡོད་པ་མ་རེད།

ཟླ་༠༢ཚེས་༠༥དང་རེས་གཟའ་ཕུར་བུའི་ཉིན་ཕི་རན་སི་གྲོས་ཚོགས་ཀྱི་དྲི་བ་དྲི་ལན་གྱི་ཚོགས་དུས་སྐབས་སུ་ཕི་རན་སིའི་སྲིད་བློན་ཕ་རན་ཀོ་མཆོག་ལ་སྲིད་བློན་ཟུར་པ་རྗོན་པི་ཡེར་ར་ཕ་རིན་མཆོག་གིས་༢༠༠༨ལོར་བོད་ཀྱི་ྋགོང་ས་མཆོག་ཏཱ་ལའི་བླ་མ་མཆོག་དང་ཕི་རན་སིའི་སྲིད་འཛིན་གྱི་མཇལ་འཕྲད་གནང་བའི་སྐོར་གྱི་གནས་ཚུལ་བཀའ་འདྲི་ཞུས་པའི་སྐབས་སུ། ཁོང་གིས་སྲིད་འཛིན་མཆོག་དང་བོད་ཀྱི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་རྣམ་གཉིས་མཇལ་འཕྲད་ཞུས་པ་འོས་ཤིང་འཚམས་པ་ཞི་ག་རེད་ཡོད་པ་དང་སྲིད་འཛིན་གྱིས་བོད་ཀྱི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་བཀའ་མོལ་གནང་ཆོག་པའི་ཐོབ་ཐང་ཡོད་པ་རེད་ཅེས་དང༌། འོན་ཀྱང་རྒྱ་ནག་ཕྱོགས་ནས་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་ཀྱི་གནད་དོན་ཐོག་སྐྱོན་བརྗོད་བྱ་རྒྱུ་ཡིན་པ་དེ་ནི་སྔོན་ཚུད་ནས་ཚོད་དཔགས་བྱེད་ཐུབ་པ་ཞིག་རེད་ཅེས་ལན་འདེབས་གནང་ཡོད་པ་རེད།

ཕི་རན་སི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོས་ཕེ་རན་སི་རྒྱལ་ཡོངས་གྲོས་ཚོགས་ལྷན་ཚོགས་སུ་རྒྱ་ནག་གི་གཞུང་ཚབ་ཁང་གི་དཔོན་རིགས་གཞུང་འབྲེལ་ལས་དོན་ཁག་ཏུ་མཉམ་ཞུགས་བྱེད་པའི་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་སྟེ་ཇི་སྲིད་བོད་ཀྱི་གནད་དོན་ཐག་གཅོད་མ་བྱུང་བར་ཏུ་རྒྱ་ནག་གི་དཔོན་རིགས་གང་དུ་སླེབས་ཀྱང་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་ཞེས་ངོ་རྒོལ་བྱས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།