དགོངས་ཚུལ།

རྒྱ་ནག་ཏུ་མེ་ཏོག་བ་སྤུ་གསར་བརྗེའི་ལས་འགུལ་ཐེངས་གཉིས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༢༨ཉིན། ཟླ་འདིའི་ཚེས་༢༧ཁ་སང་རེས་གཟའ་ཉི་མའི་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་དང་ཤིང་ཅང་གི་རྒྱལ་ས་ཨུ་རུ་མུ་ཆིང༌། རྒྱ་ནག་གི་གྲོང་ཁྱེར་པེ་ཅིང་དང་ཧྲང་ཧེ་ཐེ་བའི་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་༢༣ནང་༼མེ་ཏོག་བ་སྤུ་གསར་བརྗེའི་ལས་འགུལ་༽ཐེངས་གཉིས་པ་དེ་སྤེལ་ཡོད་པ་རེད།

དེ་ཡང་གཙོ་བོར་དྲ་ལམ་བརྒྱུད་རྒྱ་ནག་ནང་མེ་ཏོག་བ་སྤུའི་ལས་འགུལ་ཐེངས་དང་པོ་དེ་ཟླ་འདིའི་ཚེས་༢༠བདུན་ཕྲག་སྔོན་མའི་རེས་གཟའ་ཉི་མ་ཉིན་རྒྱ་ནག་གི་གྲོང་ཁྱེར་པེ་ཅིང་དང་ཧྲང་ཧེ་ཐེ་བའི་གྲོང་ཁྱེར་ཁག་༡༣ཙམ་གྱི་ནང་སྤེལ་ཡོད་པ་དང༌། ལས་འགུལ་ཐེངས་གཉིས་པ་དེ་ཁ་སང་ཕྱི་དྲོ་ཆུ་ཚོད་༢པའི་ཐོག་འགོ་འཛུགས་བྱས་ཡོད་ཅིང༌། སྐབས་དེར་རྒྱ་ནག་གཞུང་གིས་དྲག་ཆས་ཉེན་རྟོག་དམག་དཔུང་མང་པོ་གང་སར་འགྲེམས་འཇོག་བྱས་པས་མ་ཚད། གང་བྱུང་སྔོག་བཤེར་གྱིས་མི་མང་པོ་ཞིག་འཛིན་བཟུང་བཀག་ཉར་སོགས། དམ་དྲག་ཆེན་པོ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཉེན་རྟོག་པས་མི་མང་གི་ལག་ནང་པར་ཆས་དང་ལག་ཐོག་ཁ་པར་སོགས་བཙན་འཕྲོག་བྱས་པ་དང༌། མི་མང་འདུ་འཛོམས་བྱེད་སར་གསར་འགོད་པ་བཀག་འགོག་ཡང་བྱས་ཡོད་འདུག་པ་དང༌། ཁ་སང་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རུ་མི་༥དངོས་སུ་འཛིན་བཟུང་བྱས་པ་ཤེས་རྟོགས་བྱུང་ཡོད་འདུག་ལ། དེ་དག་་ནང་མི་གཅིག་གིས་འདྲ་པར་བརྒྱབ་པའི་རྐྱེན་དང་། གཞན་བཞི་པོ་གནས་ཚུལ་གང་གིས་རྐྱེན་པས་འཛིན་བཟུང་བྱས་པ་སོགས་ཤེས་རྟོགས་བྱུང་མེད་པ་རེད།

མ་ཚད་རྒྱ་ནག་ནང་ཡོད་པའི་དབྱིན་ཇིའི་རྒྱང་སྒྲོག་བརྙན་འཕྲིན་གསར་ཁང་ BBC དང༌། ཨ་རིའི་སི་ཨན་ཨན་གསར་ཁང་ CNN བཅས་ཀྱི་གསར་འགོད་པ་ས་གནས་རྒྱ་ནག་ཉེན་རྟོག་པས་སྐབས་དེར་བཀག་ཉར་ཡང་བྱས་ཡོད་འདུག རྒྱ་ནག་ནང་༼མེ་ཏོག་བ་སྤུ་གསར་བརྗེའི་ལས་འགུལ་༽འདི་ནི་ཕྱི་དྲོ་ཆུ་ཚོད་༢པའི་ཐོག་རེས་གཟའ་ཉི་མ་ནམ་ཡིན་ལས་འགུལ་སྤེལ་རྒྱུ་ཡིན་ལུགས་ལས་འགུལ་སྣེ་ཁྲིད་པས་བསྒྲགས་གཏམ་སྤེལ་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༠༡༢༠༡༡༡༦༡༥
མེ་ཏོག་བ་སྤུའི་གསར་བརྗེའི་ལས་འགུལ་ཞིག་རྒྱ་ནག་གི་གྲོང་ཁྱེར་མང་བོའི་ནང་དུ་སྤེལ་བ་བདེན་ན་ལས་འགུལ་གྱི་ངོ་བོ་གང་ཡིན་དང་སྤེལ་མི་དེ་སུ་ མི་རིགས་སུ་ཞིག་ཡིན་ནམ་ སྔར་ཡོད་ཀྱི་ཚོགས་པ་ཤིག་ཡིན་ནམ་ དྲི་བ་འདི་དག་ལ་ལན་གསལ་བོ་ཞིག་གནང་རོགས་མཁྱེན།
གྲོགས་པོ་སངས་རྒྱས་ལགས་ཁྱེད་ཀྱིས་ཐུགས་ཉམས་ཅང་མ་བཞག་ནས་ཚིག་ཁ་ཤས་ཞིག་གིས་དོན་ནོར་ཅང་ཟད་ཕྱིན་འདུག་པས། དེ་ལ་བསམ་བློ་རྣམས་དག་གིས་གསལ་གཤད་བྱེད་འདོད་པ་ལས་་གཞན་ཅི་ཡང་མ་འཆིས། འདིར་ཁྱེད་ཀྱིས་གསུངས་པ་ལ།
(ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༢༨ཉིན། ཟླ་འདིའི་ཚེས་༢༧ཁ་སང་རེས་གཟའ་ཉི་མའི་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་དང་ཤིང་ཅང་གི་རྒྱལ་ས་ཨུ་རུ་མུ་ཆིང༌། རྒྱ་ནག་གི་གྲོང་ཁྱེར་པེ་ཅིང་དང་ཧྲང་ཧེ་ཐེ་བའི་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་༢༣ནང་༼མེ་ཏོག་བ་སྤུ་གསར་བརྗེའི་ལས་འགུལ་༽ཐེངས་གཉིས་པ་དེ་སྤེལ་ཡོད་པ་རེད།) ཅེས་གསུངས་པ་ལྟར་ན་བོད་ཀྱི་རྒྱལ་ས་ལྷ་ས་དང་ཤིང་ཅང་གི་རྒྱལ་ས་ཨུ་རུ་མུ་ཆིང་བཅས་རྒྱ་ནག་གི་གྲོང་ཁྱེར་ཡིན་པར་རང་བཞིན་གྱིས་འགྱུར་འགྲོ་བས། དེའི་རིགས་ལ་ཟབ་ཟབ་རེ་གནངས་རོགས།།



བརྗོད་གཞི་གཞན་ཁག་ལ་གཟིགས།