ནེལ་སོན་མན་ཌེའི་ལཱ་མཆོག་ལ་ནད་གཞི་ལྕི་མོ་ཞིག་ཕོག་ཡོད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༢༨ཉིན། ལྷོ་ཨ་ཧྥི་རི་ཁའི་གསར་བརྗེ་དཔའ་བོ་དང་སྲིད་འཛིན་ཟུར་པ་ནེལ་སོན་མན་ཌེའི་ལཱ་མཆོག་ལ་ནད་གཞི་ལྕི་མོ་ཞིག་ཕོག་སྟེ། མེལ་ཕལ་ཁུ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་འདུག

གསར་བརྗེ་དཔའ་བོ་ནེལ་སོན་མན་ཌེའི་ལཱ་ལགས་ནི་ཕྱི་ལོ་༡༩༡༨ཟླ་༧ཚེས་༡༨ཉིན་སྐུ་འཁྲུངས་བ་དང༌། ཕྱི་ལོ་༡༩༩༤ནས་༡༩༩༩ལོའི་བར་མི་མང་གིས་མང་གཙོའི་འོས་འདེམས་བརྒྱུད་དེ་ལྷོ་ཨ་ཧྥུ་རི་ཁའི་སྲིད་འཛིན་དུ་འདེམས་ཐོན་བྱུང་ཡོད་ལ། ཕྱི་ལོ་༡༩༩༣ལོར་ནོར་བྷེལ་ཞི་བདེའི་གཟེངས་ཐོབ་ཡོད་པ་དང༌། ད་ལྟ་དགུང་ལོ་༩༢ལ་སླེབས་ཡོད་པ་བཅས་སྐུ་ཚེ་ཧྲིལ་བོར་མི་མང་གི་ཆེད་དུ་མི་མང་གི་སྣེ་ཁྲིད་དེ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཞིག་ཡིན་པ་རེད།

གཟའ་འཁོར་སྔོན་མའི་རེས་གཟའ་ཕུར་བུའི་ཉིན། ལྷོ་ཨ་ཧྥུ་རི་ཁའི་སྲིད་འཛིན་གྱིས་གསར་ལམ་ཁག་ཏུ་འགྲེལ་བརྗོད་བྱས་པ་ལྟར་ན།   ནེལ་སོན་མན་ཌེའི་ལཱ་ལགས་བཙོན་ཁང་ཡོད་དུས་གཅོང་ནད་སོགས་ཀྱི་ནད་གཞི་འདི་ཕོག་ཡོད་ཀྱང༌། ནད་རིགས་འདི་བགྲེས་བོ་ཚོར་རྒྱུན་དུ་ན་བ་ཞིག་ཡིན་པས། ཁོང་གི་སྐུ་ཚེ་ལ་གནོད་སྐྱོན་གང་ཡང་བྱུང་གི་མ་རེད་ཅེས་བརྗོད་པ་དང༌།  ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཀྱང་ཁོང་མྱུར་ཏུ་དྲག་སྐྱེད་ཡོང་པའི་འཚམས་འདྲི་ཞུས་ཡོད་འདུག ཡང་སྨན་ཁང་གི་འབྲེལ་ཡོད་མི་སྣ་ཞིག་གིས། སྤྱིར་ཁོང་གི་ནད་གཞི་ག་རེ་ཡིན་མིན་ངོས་ཟིན་མེད་ཀྱང་ཚེ་སྲོག་ལ་ཉེན་ཁ་མི་འདུག་ཅེས་བརྗོད་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
འཛམ་གླིང་ཞི་བདེ་དང་ལྷག་པར་དུ་ཉམ་ཐག་པའི་མི་དམངས་གི་མགོན་སྐྱབས་གནངས་མཁན་རླབས་ཆེན་གྱི་མི་སྣ་དེ་འདྲ་བ་ནི་འཛམ་གླིང་འདིར་ཉིན་རེ་བཞུགས་ནའང་རང་དབང་དང་ཞི་བདེ་འདོད་མཁན་རྣམས་ལ་ཕན་ཐོག་ཆེན་པོ་སྣང་། ནེལ་སོན་མན་ཌེའི་ལྭ་ལགས། ཁྱོད་ནི་ཨ་ཧྥི་རི་ཀའི་མི་དམངས་ཙམ་མ་ཟད་གོ་ལ་ཧྲིལ་བོའི་སྒང་གི་ཞི་བདེ་དང་། རང་དབང་། དམང་གཙོ་འདོད་པའི་ཉམས་ཐག་སྐྱེ་འགྲོ་རྣམས་ཀྱི་ལམ་སྟོན་ནམ་སློབས་དཔོན་ཆེན་པོ་ལེགས་ན། ཁྱེད་ད་དུང་དེ་འདྲར་ཕེབས་མི་རུང་།



བརྗོད་གཞི་གཞན་ཁག་ལ་གཟིགས།