རྒྱ་ནག་གཞུང་གི་གནོན་འོག་ཨོ་ལིམ་ཕིག་གདན་ཞུ་ཕྱིར་འཐེན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

23january20091ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡་ཚེས་༢༤ཉིན་སྤེལ། ༢༠༠༩ལོའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་དེ་ཨ་རིའི་མངའ་སྡེ་ཨ་ཡི་ཌ་ཧོ་ཞེས་པར་འཚོག་རྒྱུ་ཡིན་པ་དང་རྩེད་འགྲན་དེའི་དབུ་འབྱེད་ཀྱི་མཛད་སྒོར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་མཆོག་གདན་ཞུ་ཕུལ་བ་དེར་རྒྱ་ནག་གཞུང་ཕྱོགས་ནས་རྩེད་འགྲན་གོ་སྒྲིག་གནང་མཁན་ཚོར་ངོ་རྒོལ་གྱིས་གནོན་ཤུགས་སྤྲོད་བཞིན་ཡོད་པར་བརྟེན་གདན་ཞུ་ཕྱིར་འཐེན་གནང་དགོས་ཆགས་ཡོད་པའི་སྐོར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ྋགོང་ས་མཆོག་གི་སྐུ་ཚབ་ཀྱིས་གསུངས་ཡོད་པ་རེད།

དེ་ཡང་གནད་དོན་དེའི་སྐོར་ཨ་རིའི་ནེའུ་ཡོགཏུ་ཡོད་པའི་བོད་གཞུང་གི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་གིས་འགྲེལ་བརྗོད་གནང་དོན། ༢༠༠༩ལོའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་དེ་ཨ་རིའི་མངའ་སྡེ་ཨ་ཡི་ཌ་ཧོ་ནང་མི་རིང་བར་ཕྱི་ཟླ་༢ཚེས་༧ཉིན་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་ནས་རྩེད་འགྲན་འགོ་ཚུགས་བྱ་རྒྱུ་ཡིན་པར་བརྟེན། རྩེད་འགྲན་གྱི་གོ་སྒྲིག་གནང་མཁན་ནས་ྋགོང་ས་མཆོག་ཟླ་དེའི་ཚེས་༧ཉིན་གྱི་དབུ་འབྱེད་མཛད་སྒོར་གདན་ཞུ་ཕུལ་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་དགུན་དུས་ཀྱི་ཨོ་ལིམ་ཕིག་གོ་སྒྲིག་གནང་མཁན་ལ་ྋགོང་ས་མཆོག་རྩེད་འགྲན་དབུ་འབྱེད་མཛད་སྒོའི་ཐོག་གདན་ཞུ་འབུལ་རྒྱུ་ཕྱིར་འཐེན་བྱ་དགོས་པའི་གནོན་ཤུགས་སྤྲད་དང་སྤྲོད་བཞིན་ཡོད་པ་དང་དེར་བརྟེན་རྩེད་འགྲན་གོ་སྒྲིག་གནང་མཁན་གྱི་ངོས་ནས་ཀྱང་གལ་ཏེ་ྋགོང་ས་མཆོག་རྩེད་འགྲན་དབུ་འབྱེད་དུ་ཆིབས་བསྒྱུར་མ་གནང་བར་རྩེད་འགྲན་མཇུག་སྒྲིལ་བའི་ཉིན་མཐའ་མ་སྟེ་ཚེས་༡༢་དང༡༣ཉིན་ཆིབས་བསྒྱུར་གནང་རྒྱུའི་དགོངས་འཆར་གསུང་ཀྱི་ཡོད་པ་རེད། འོན་ཀྱང་གོང་ཚེས་༡༢དང་༡༣སྐབས་དེར་ྋགོང་ས་མཆོག་གི་ཨ་རིའི་ནང་དང་དེ་རྗེས་ཇར་མ་ནི་ནང་གི་ཆིབས་བསྒྱུར་དང་ཆོས་འབྲེལ་གྱི་མཛད་འཆར་ཁག་སྔོན་ནས་གཏན་ཁེལ་གོ་སྒྲིག་གནང་ཟིན་པ་ལྟར་དུས་ཚོད་སྟབས་འགྲིགས་ཡོང་གི་མེད་པའི་སྐོར་གསུངས་ཡོད་པ་རེད།

རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྩེད་འགྲན་ཚོགས་པའི་མགྲིན་ཚབ་པས་རེས་གཟའ་ལྷག་པའི་ཉིན་ྋགོང་ས་མཆོག་རྩེད་འགྲན་གྱི་མཛད་སྒོར་གདན་ཞུ་འབུལ་རྒྱུ་ཕྱིར་འཐེན་བྱས་པ་དེ་ནི་རྒྱ་ནག་གི་གནོན་ཤུགས་ཡིན་པ་ཞིག་ལ་ངོས་ལེན་བྱས་མེད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད།

རྩེད་འགྲན་དེའི་དཔལ་འབྱོར་རམ་ནོར་སྲིད་འགན་འཛིན་ལྕམ་ཀར་སི་ཊེན་ལ་ལགས་ཀྱིས་གདན་ཞུ་དེ་དེ་སྔར་ཕུལ་ཡོད་པ་རེད་ཅེས་གསུངས་པ་ལས་གདན་ཞུ་ཕུལ་བ་དེ་དབུ་འབྱེད་མཛད་སྒོའི་སྐབས་ཡིན་མིན་དང་ཟླ་༢ཚེས་༡༢དང་༡༣ཉིན་བཅས་གང་ཡིན་མིན་སྐོར་གསལ་ཁ་ཡོད་པ་ཞིག་གང་ཡང་འགྲེལ་བརྗོད་གནང་ཡོད་པ་མ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།