མ་འོངས་པར་ཞི་བདེ་དང་ཆེ་མཐོང་འཚོལ་བའི་གྲོགས་པོ་ཚོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

20January200913ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡་ཚེས་༢༢ཉིན་སྤེལ། མི་རིགས་ནག་པོ་ཞིག་ཨ་རིའི་སྲིད་འཛིན་ཐེངས་༤༤པར་སླེབས་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷ་རག་ཧུ་སེན་ཨོ་བྷ་མ་མཆོག་ཨ་རིའི་ལོ་རྒྱུས་རང་བཞིན་ལྡན་པའི་ཨ་རིའི་སྲིད་འཛིན་དུ་ཟླ་༠༡ཚེས་༢༠ཉིན་དུ་དངོས་སུ་བཀོད་བཞག་དམ་འབུལ་བྱས་ཡོད་ཅིང༌། ཁོང་གིས་ང་ཚོ་ཨ་མི་རི་ཀ་ནི་མ་འོངས་པར་ཞི་བདེ་དང་ཆེས་མཐོང་འཚོལ་བའི་རྒྱལ་ཁབ་ཀུན་དང༌། བུད་མེད་དང་སྐྱེས་པ། དེ་བཞིན་ཕྲུ་གུ་ཚུན་གྱི་གྲོགས་པོ་ཚོར་སྣེ་འཁྲིད་རྒྱུར་ཐེངས་གཅིག་སླར་ཡང་གྲ་སྒྲིག་བྱས་ཡོད་ཅེས་གསུངས་ཡོད་པ་རེད།

གནམ་གཤིས་གྲང་ངར་ཆེན་པོ་ཡོད་མེད་ལ་མ་ལྟོས་པར་ཟླ་༠༡ཚེས་༢༠ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་ཨ་རིའི་གྲོས་ཚོགས་ཀྱི་ཁང་ཆེན་དཀར་པོ་ཕྱི་ནང་ཕྱོགས་བཞི་མཚམས་བརྒྱད་དུ་སྲིད་འཛིན་དམ་འབུལ་གྱི་མཛད་སྒོའི་སྐབས་སུ་མི་མང་ས་ཡ་༡་ལྷག་དང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཁྱོན་བསྡོམས་མི་མང་ས་ཡ་༢ལྷག དེ་བཞིན་རྒྱལ་ཡོངས་སུ་མི་མང་ས་ཡ་མང་པོས་ཡིད་ཆེས་དང་རེ་བ་ཆེན་པོས་ཁོང་གིས་སྲིད་འཛིན་ཐེངས་༤༤པའི་གསུང་བཤད་ཐེངས་དང་པོར་དོ་དབྱིངས་གཟབ་པོས་དགའ་སྤྲོའི་རྣམ་པས་འཁེངས་ཏེ་བལྟ་ཉན་ཞུས་ཡོད་ཅིང༌། ཡང་ཁོང་གིས་མཐའ་གཅིག་ཏུ་འཇིགས་སྐུལ་རིང་ལུགས་པ་ཕམ་ཉེས་གཏོང་དགོས་ཞེས་དང༌།  མེ་ཤུགས་ཕུར་མདའ་དང་ལྕགས་ཁྲབ་འཁོར་ལོ་སོགས་ཀྱི་ཉེན་འཚབ་ཙམ་མ་ཡིན་པར་དམར་པོའི་རིང་ལུགས་དང་ཕ་ཤིའི་རིང་ལུགས་བཅས་ལ་མི་རབས་གོང་མ་ཚོས་ཇི་ལྟར་གདོང་ལེན་གནང་ཡོད་པར་ང་ཚོས་དྲན་གསོ་ཞུ་དགོས་ཞེས་དང༌། འོན་ཀྱང་དེ་དང་འབྲེལ་ནས་ང་ཚོའི་མནའ་འབྲེལ་ཡུལ་གྲུ་ཁག་དང་ཁོ་ཚོ་དང་ང་ཚོའི་དབར་ད་བར་གནས་པའི་རྒྱུན་རིང་གི་འབྲེལ་ལམ་རྒྟུན་སྐྱོང་དགོས་ཞེས་སོགས་གསུངས་ཡོད་ལ། མདོར་ན་ཁོང་གི་གསུང་བཤད་དུ་སྣེ་འཁྲིད་པ་དང་ཞི་བདེ། འོས་འགན་དང་རབ་དབང་བཅས་གནད་དོན་བཞི་རུ་བསྡུས་ཡོད་པ་རེད།

དེར་བརྟེན་ཁཽང་གི་གསུང་བཤད་ནང་དམར་པོའི་རིང་ལུགས་དང་དང་ཕ་ཤིའི་རིང་ཞེས་ལྟ་བ་མི་མཐུན་པའི་རིང་ལུགས་སོགས་ཚིག་འགའ་ཤས་བེད་སྤྱོད་གནང་བར་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ནང་ཐད་ཀར་དོན་བསྒྱུར་མ་བྱས་པར་ཚིག་དེ་རིགས་བཀག་ཐབས་བྱས་ཡོད་ཀྱང་བརྙན་འཕྲིན་ནང་བསྒྱུར་བཅོས་བྱེད་པའི་སྐབས་ཐད་ཀར་ཚིག་བསྒྱུར་བྱེད་མི་ཐུབ་པ་རྒྱལ་སྤྱིའི་ཐོག་དེ་བས་དངོས་གསལ་དོད་པོ་ངོ་ཚ་དགོས་པ་ཞིག་ཆགས་ཡོད་པ་ཅིང༌། རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་བརྒྱུད་ལམ་ནང་ཐད་ཀར་རྒྱང་སྲིད་བྱེད་བཞིན་པའི་སྐབས་གོང་གསལགྱི་ཚིག་གློ་བུར་དུ་བརྙན་འཕྲིན་བར་མཚམས་བཞག་སྟེ་རྒྱང་བསྲིངས་བྱེད་མཁན་གྱིས་གཡོ་ཐབས་ཀྱིས་བཅར་འདྲི་བྱེད་ཁུལ་བྱས་པ་སོགས་བྱེད་པའི་གནས་ཚུལ་ཐོན་ཡོད་པ་རེད།

བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ྋརྒྱལ་དབང་ཐམས་ཅད་མཁྱེདན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་བྷ་རག་ཨ་བྷ་མ་མཆོག་གིས་ཨ་རིའི་སྲིད་འཛིན་ཐེངས་ཞེ་བཞི་པའི་ཐུགས་འགན་བཞེས་གནང་རྒྱུ་ཡིན་པར་འཚམས་འདྲི་དང་ཁོང་གི་ལས་དོན་རྣམས་ལམ་ལྷུང་ཡོང་བའི་ཐུགས་སྨོན་ཡོད་ལུགས་བཀའ་གནང་ཡོད་པ་རེད།

བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ྋརྒྱལ་དབང་ཐམས་ཅད་མཁྱེདན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་འཛམ་གླིང་གི་མི་རིགས་འབོར་ཆེན་འཛོམས་ས་དང་མི་སྣ་དེ་དག་ཞི་བདེ་ངང་གནས་ཐུབ་ས་རྒྱ་གར་ཏ་མིལ་ན་དྷུ་ནང་དུ་ཡོད་པའི་གྲོང་ཁྱེར་ཨོ་རོ་ཝེ་ལེ་ཞེས་པར་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་ཞིག་དབུ་གནང་ཡོད་ཅིང༌། སྐབས་དེར་མགོན་པོ་གང་ཉིད་ནས་ཨ་རིའི་སྲིད་འཛིན་བྷ་རག་ཨ་བྷ་མ་མཆོག་གིས་ཨ་རིའི་སྲིད་འཛིན་ཐེངས་ཞེ་བཞི་པའི་ཐུགས་འགན་བཞེས་གནང་རྒྱུ་ཡིན་པར་འཚམས་འདྲི་དང་ཁོང་གི་མ་འོངས་པའི་ལས་དོན་རྣམས་ལམ་ལྷུང་ཡོང་བའི་ཐུགས་སྨོན་ཡོད་ལུགས་བཀའ་གནང་ཡོད་པ་རེད།

བྷ་རག་ཨོ་བྷ་མ་མཆོག་གིས་སྲིད་འཛིན་གྱི་དམ་འབུལ་མ་ཞུ་བའི་ཉིན་༡གི་སྔོན་ཟླ་༡ཚེས་༡༩ཉིན་ཨ་རིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དོ་སྣང་གིས་འགྲེལ་བརྗོད་གནང་དགོས་པའི་སྐོར་གསུངས་ཡོད་པ་དང༌། དེ་ཡང་ཁོང་གིས། ད་ལྟ་ང་ཚོས་བོད་ནང་གི་བོད་མི་ཚོའོ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐོག་འགྲེལ་བརྗོད་གནང་རྒྱུ་དེ་འགོ་འཛུགས་བྱེད་ཐུབ་ཀྱི་རེད་ཅེས་གསུངས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
གླིང་བཞིའི་སྐྱབས་གནས་ཨ་རི་བ། ལྷག་ཏུ་བཀུར་འོས་ཨོ་བྷ་མའི། མུན་ནག་གླ་ཀློའི་ཡུལ་ཁམས་སུ། འཆི་མེད་ཚེ་དབང་ཐེངས་གཅིག་གནང༌། ང་དྲུག་བདེན་མཐའ་སེལ་ལ་ཉེ། བཀྲ་ཤིས་ཉི་མ་མྱུར་ཆེར་སྨོན།



བརྗོད་གཞི་གཞན་ཁག་ལ་གཟིགས།