ྋགོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་ཨོ་བྷ་མཆོག་ལ་འཚམས་འདྲི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

24november20081ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡་ཚེས་༢༠ཉིན་སྤེལ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ྋརྒྱལ་དབང་ཐམས་ཅད་མཁྱེདན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་བྷ་རག་ཨ་བྷ་མ་མཆོག་གིས་ཨ་རིའི་སྲིད་འཛིན་ཐེངས་ཞེ་བཞི་པའི་ཐུགས་འགན་བཞེས་གནང་རྒྱུ་ཡིན་པར་འཚམས་འདྲི་དང་ཁོང་གི་ལས་དོན་རྣམས་ལམ་ལྷུང་ཡོང་བའི་ཐུགས་སྨོན་ཡོད་ལུགས་བཀའ་གནང་ཡོད་པ་རེད།

བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ྋརྒྱལ་དབང་ཐམས་ཅད་མཁྱེདན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་འཛམ་གླིང་གི་མི་རིགས་འབོར་ཆེན་འཛོམས་ས་དང་མི་སྣ་དེ་དག་ཞི་བདེ་ངང་གནས་ཐུབ་ས་རྒྱ་གར་ཏ་མིལ་ན་དྷུ་ནང་དུ་ཡོད་པའི་གྲོང་ཁྱེར་ཨོ་རོ་ཝེ་ལེ་ཞེས་པར་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་ཞིག་དབུ་གནང་ཡོད་ཅིང༌། སྐབས་དེར་མགོན་པོ་གང་ཉིད་ནས་ཨ་རིའི་སྲིད་འཛིན་བྷ་རག་ཨ་བྷ་མ་མཆོག་གིས་ཨ་རིའི་སྲིད་འཛིན་ཐེངས་ཞེ་བཞི་པའི་ཐུགས་འགན་བཞེས་གནང་རྒྱུ་ཡིན་པར་འཚམས་འདྲི་དང་ཁོང་གི་མ་འོངས་པའི་ལས་དོན་རྣམས་ལམ་ལྷུང་ཡོང་བའི་ཐུགས་སྨོན་ཡོད་ལུགས་བཀའ་གནང་ཡོད་པ་རེད།

ཡང་མགོན་པོ་གང་ཉིད་ནས་འཛམ་གླིང་ཞི་བདེ་དང་འབྲེལ་བའི་ཐོག་བཀའ་སློབ་གནང་དོན། གལ་ཏེ་སྒེར་དོན་ཁོ་ནར་མི་བསམ་པར་ཐུན་མོང་གི་ཐོག་ནས་རྒྱལ་ཁབ་དང་མི་རེ་ངོ་རེ་ནས་ཕྱ་གྲུ་མཉམ་འདེགས་གནང་ཚེ་ཞི་བདེ་དང་བྱམས་བརྩེ་ནས་ཕན་ཐོགས་ཆེ་བ་ཡོང་ཐུབ་རྒྱུ་ཡིན་ལུགས་དང༌། འོན་ཀྱང་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ། སྒེར་སྤྱོད་རིང་ལུགས། མི་སེར་སྤེལ་ཡུལ་ཆགས་པ། དེ་བཞིན་མི་གཞན་གྱི་ཐོབ་ཐང་དང་ཚོར་སྣང་ལ་འགན་སྲུང་མ་གནང་བ་སོགས་ཀྱིས་མཚོན་མི་མང་པོགཞིག་གིས་ནོར་འཁྲུལ་ཆེན་པོ་ཤོར་ཡོད་པར་བརྟེན། ད་ལྟ་ང་ཚོར་དགོས་པ་དེ་ནི་མིའི་ཡ་རབས་ཀུན་སྤྱོད་དར་སྤེལ་གཏོང་ཐབས་དང་ཀུན་ལ་གུས་བཀུར་གྱི་བསམ་བློ་དགོས་ལུགས་གསུངས་ཡོདཔ་རེད།

གཞན་ཡང་བྷ་རག་ཨོ་བྷ་མ་མཆོག་གིས་སྲིད་འཛིན་གྱི་དམ་འབུལ་མ་ཞུ་བའི་ཉིན་༡གི་སྔོན་ཟླ་༡ཚེས་༡༩ཉིན་ཨ་རིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དོ་སྣང་གིས་འགྲེལ་བརྗོད་གནང་དགོས་པའི་སྐོར་གསུངས་ཡོད་པ་དང༌། དེ་ཡང་ཁོང་གིས། ད་ལྟ་ང་ཚོས་བོད་ནང་གི་བོད་མི་ཚོའོ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐོག་འགྲེལ་བརྗོད་གནང་རྒྱུ་དེ་འགོ་འཛུགས་བྱེད་ཐུབ་ཀྱི་རེད་ཅེས་གསུངས་ཡོད་འདུག རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཟླ་༠༡་ཚེས་༢༠ཉིན་སྤེལ་བའི་གནས་ཚུལ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང༌། བྱ་བ་དང་དམ་བཅའ་ལམ་འགྲོ་ཡོང་བའི་སྨོན་འདུན་ཡོད།
བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང༌། ཨ་རིའི་སྲིད་འཛིན་གསར་ཨོ་བག་མ་མཆོག་གིས་བོད་དོན་སྐོར་དོ་ཁུར་ཆེན་པོས་ཞེ་བདེ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒཡང་སྒྲོག་གནང་བར་བཀའ་དྲིན་ཆེ། བསྟན་འཛིན་སྐལ་བཟང༌།



བརྗོད་གཞི་གཞན་ཁག་ལ་གཟིགས།