རྒྱ་རིཌ་མི་མང་ལ་ཡིད་ཆེས་གཡོ་འགུལ་མེད་པ་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

19january20091ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡་ཚེས་༡༩ཉིན་སྤེལ། ཚེས་༡༧ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཚོགས་པའི་ཆོས་ལུགས་ཁག་གི་ལྷན་ཚོགས་ཐོག་བོད་ཀྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ མཆོག་ཚོགས་མགོན་དུ་ཕེབས་པ་ལྟར་སྐབས་དེར་གསར་འགོད་པའི་དྲི་བ་ཁག་ལ་བཀའ་ལན་གནང་སྐབས་སུ། བཙན་བྱོལ་བོད་གཞུང་གི་ངོས་ནས་རྒྱ་ནག་གཞུང་ལ་འབྲེལ་བ་གནང་རྒྱུར་དཀའ་ཚེགས་ཆེན་པོ་ཡོད་ལུགས་ཟླ་འདིའི་ཚེས་༡༨ཉིན་བཀའ་གནང་ཡོད་པ་རེད། 

དེ་ཡང་མགོན་པོ་གང་ཉིད་ནས་གསར་འགོད་པའི་དྲི་བ་ཁག་ལ་བཀའ་ལན་གནང་སྐབས་སུ། བཙན་བྱོལ་བོད་གཞུང་གི་ངོས་ནས་རྒྱ་ནག་གཞུང་ལ་འབྲེལ་བ་གནང་རྒྱུར་དཀའ་ཚེགས་ཆེན་པོ་ཡོད་ལུགས་སོགས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་རུ་ཟླ་༠༡ཚེས་༡༨ཉིན་བཀའ་ལན་ཕེབས་ཡོད་པ་དང༌། མུ་མཐུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ངོས་ལ་རྒྱ་ཆེའི་རྒྱ་རིགས་མི་མང་ལ་ཡིད་ཆེས་གཡོ་འགུལ་མེད་པ་ཞིག་ཡོད་ཅེས་དང༌། འོན་ཀྱང་རྒྱ་ནག་གཞུང་ལ་ཡོད་པའི་ཡིད་ཆེས་དེ་ཇེ་ཕྲ་ནས་ཇེ་ཕྲ་འགྲོ་བཞིན་ཡོད་ཅེས་ྋགོང་ས་མཆོག་གིས་བཀའ་ལན་ཕེབས་གནང་ཡོད་པ་རེད།

གཞན་ཡང་སྤྱིར་རྒྱ་ནག་ཏུ་འགྱུར་བ་ཆེན་པོ་འགྲོབཞིན་ཡོད་པའི་སྐོར་ཡང་གསུངས་དོན། དེང་སང་རྒྱ་ནག་གི་ཟང་ཁང་དང་ཚོང་ཁང༌།མཐའ་ན་ཇ་ཁང་ཚུན་ཆད་ཀྱི་ནང་དུ་རྒྱ་ནག་གི་དཔོན་རིགས་ཚོར་སྐྱོན་བརྗོད་བྱེད་རྒྱུ་དེ་སྤྱི་བཏང་བ་ཞིག་ཆགས་བསྡད་ཡོད་པ་དང༌། དེར་བརྟེན་གནས་ཚུལ་ལ་འགྱུར་བ་འགྲོ་བཞིན་ཡོད། གཞུང་ལ་འགྱུར་བ་འགྲོ་བཞིན་ཡོད་ལ། དེ་མཚུངས་དཔོན་རིགས་ཚོར་ཡང་འགྱུར་བ་འགྲོ་བཞིན་ཡོད་པས་གཞུང་གི་སྲིད་བྱུས་ལའང་རིམ་པས་འགྱུར་བ་འགྲོ་རྒྱུ་རེད་ཅེས་བཀའ་སློབ་ཕེབས་གནང་ཡོད་པ་རེད།

དེ་དང་ཕྱོགས་མཚུངས་སྐབས་དེར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་༢༠༠༨ལོའི་ཟླ་༡༡ནང་ྋགོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་རྒྱ་ནག་ཏུ་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་གནང་རྒྱུའི་ཆེད་ཕེབས་པའི་སྐབས་རྒྱ་ནག་གཞུང་ལ་ཕུལ་བའི་བོད་མིའི་མངོན་འདོད་ལྟར་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་སྐོར་གྱི་བསམ་འཆར་ཕུལ་ཡོད་པ་དེར་ཡང་ད་བར་རྒྱ་ནག་གཞུང་གི་ཕྱོགས་ནས་བཙན་བྱོལ་བོད་གཞུང་ལ་ལན་འདེབས་གང་ཡང་འབྱོར་མ་བྱུང་ལུགས་གསུངས་ཡོད་པ་དང༌། བསམ་འཆར་དེའི་ནང་དོན་ཐད་ལ་རྒྱ་ནག་གིས་ཡོ་རོབ་དང་ཨ་མི་རི་ཀའི་ཡུལ་གྲུ་ཁག་སོགས་སུ་རྒྱ་ནག་གཞུང་གི་ལྟ་ཚུལ་རྣམས་འགྲེལ་བརྗོད་བྱེད་རྒྱུར་གཞུང་གི་སྐུ་ཚབ་ཁག་ཆེད་གཏོང་བྱེད་ཀྱི་ཡོད་པའི་གནས་ཚུལ་དེ་དག་ལ་ཡ་མཚན་སྐྱེས་དགོས་པ་ཞིག་བྱུང་ལུགས་དང༌། ང་ཚོས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོ་ལ་ཕུལ་བའི་བསམ་འཆར་དེའི་ནང་བོད་ལ་རང་བཙན་མི་དགོས་ཀྱང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཉམས་གསོ་རྒྱུན་སྐྱོང་བྱ་རྒྱུའི་ཆེད་དུ་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཤིག་ལ་འབད་བརྩོན་གནང་གི་ཡོད་པའི་རྒྱུ་མཚན་འགྲེལ་བརྗོད་གནང་ཡོད་ཅེས་གསུངས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
རབ་མཛེས་གངས་རིའི་བསྐོར་བའི་ཡུལ་ལྗོངས་སུ། རབས་ཡངས་ལྷ་ཡི་རྒྱལ་པོའི་འོད་མདངས་ཀྱིས། རབ་མཛེས་ལྷ་ཡི་གཞོན་ནུའི་ལང་ཚོ་རྒྱས། རབ་དཀར་དྭངས་བའི་ཡིད་ཀྱིས་མཆོད་སྤྲིན་གྱི། རབ་མཛེས་ཆོས་རྒྱལ་སྐུ་ཚེ་བརྟན་པར་ཤོག ལི་ལྗོངས་ཕོ་ཉp
དེ་དངོས་གནས་རེད་སྐྱབས་སུ་མཆི། གངས་འབྲུག །



བརྗོད་གཞི་གཞན་ཁག་ལ་གཟིགས།