དགོངས་ཚུལ།

རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་རྒྱ་གར་ལ་སླེབས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༡༦ཉིན། ཟླ་འདིའི་ཚེས་༡༥རེས་གཟའ་ལྷག་པའི་ཉིན། རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་གཙོས་པའི་རྒྱ་རིགས་ཚོང་ལས་མི་སྣ་ ༤༠༠ ཙམ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྒྱལ་དོན་འཚམས་གཟིགས་སུ་འབྱོར་ཡོད་པ་དང་། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་གཞུང་འབྲེལ་མི་སྣར་ངོ་རྒོལ་ཤུགས་ཆེ་བྱས་ཡོད།

རྒྱ་གར་དང་པ་ཀི་སི་ཐན་གྱི་སྲིད་བློན་གཉིས་ནས་གདན་འདྲེན་བྱས་པ་ལྟར། རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་དང་རྒྱ་རིགས་ཚོང་ལས་མི་སྣ་གལ་ཆེན་༤༠༠ཙམ་རྒྱ་གར་གྱི་རྒྱལ་ས་ལལྡི་ལི་རུ་ཐོན་ནས་ཉིན་གྲངས་གསུམ་ཙམ་གྱི་རིང་ལ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་ཡར་རྒྱས་དང་མཉམ་ལས་རྒྱ་བསྐྱེད། ས་མཚམས་རྩོད་རྙོག་བཅས་ཀྱི་ཐད་ལ་གྲོས་བསྡུར་བྱེད་བཞིན་ཡོད་པ་མ་ཟད། དེའི་སྐོར་གྱི་གྲོས་ཆོད་ཁག་ཅིག་ཀྱང་འཇོག་རྩིས་ཡོད་འདུག

དེ་མིན་རྒྱ་དཀར་ནག་བར་གྱི་ འབྲེལ་བ་གོང་འཕེལ་དུ་གཏོང་བར་བྱས་རྗེས་བཞག་པའི་རྒྱ་གར་གྱི་མི་སྣ་དགུ་ལ་༼རྒྱ་དཀར་ནག་གི་མཛའ་བརྩེའི་བྱ་དགའ༽་ཞེས་པའི་དགའ་རྟགས་ཤིག་ཀྱང་བཏགས་ཡོད་ལ། སྲིད་བློན་ཝུན་ཅ་པའོ་ཡིས་མུ་མཐུད་ནས་རྒྱལ་ཁབ་གཉིས་བར་གྱི་མཛའ་བརྩེའི་འབྲེལ་བ་ཟབ་ཏུ་གཏོང་དགོས་པའི་སྐུལ་མ་བྱས་ཡོད་འདུག

ཐེངས་འདིར་བུན་ཅ་པའོ་རྒྱ་གར་ནང་གཟིགས་སྐོར་དུ་འབྱོར་བ་དང་བསྟུན་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ཚེས་ ༡༤ ཉིན་རྒྱལ་ས་ལྡི་ལིའི་སྲིད་འཛིན་ལས་ཁུངས་རཱ་ཤི་ཊི་རཱ་པ་ཊི་བྷ་མདུན་ཐང་དུ། གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་གཙོས་པའི་བོད་མི་ཁག་ཅིག་གིས་ཝུན་ཅཱ་པའོ་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པ་མ་ཟད། ཚེས་༡༥ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠དང་ཕྱེད་ཀ་མས་ཡས་སུ། བོད་མི་མང་པོ་ལྡི་ལིའི་ཇན་ཊར་མཱ་ཊར་ས་གནས་སུ་འདུ་འཛོམས་བྱས་སྟེ།  ༼བོད་རྒྱ་ནག་གི་ཆ་ཤས་མིན།  བོད་རང་བཙན་གཙང་མ་ཡིན། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་༽ཅེས་པའི་འབོད་ཚིག་བསྒྲགས་སྟེ་ཉིན་གྲངས་གསུམ་རིང་ལ་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པ་དང། ལས་འགུལ་དེའི་མཇུག་སྡོམ་མཛད་སྒོའི་སྟེང་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཁིར་ཊི་ཨ་ཛུ་ལགས་དང༌། གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ཀྱང་ཆེད་ཕེབས་ཀྱིས་གཏམ་བཤད་སྤེལ་རྒྱུ་རེད།

དེ་བཞིན། སྲིད་བློན་ཝུན་ཅ་པའོ་རྒྱ་གར་དུ་འབྱོར་བའི་ཉིན་དང་པོར། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཞི་སྟེ། བོད་ཀྱི་བུད་མེད་ལྷན་ཚོགས་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག རྒྱ་གར་གྱི་ཁ་སུའུ་ར་ན་ཚོགས་ཁང་དུ་བགྲོ་གླེང་ཚོགས་འདུ་འཚོགས་ནས་བོད་དང་རྒྱ་དཀར་ནག་གསུམ་གྱི་འབྲེལ་བའི་སྐོར་བགྲོ་གླེང་བྱས་ཡོད་པ་དང། སྐབས་དེར་གསུང་བཤད་གནང་མཁན་གཙོ་བོ་གསུམ་ནི།  རྒྱ་ནག་གི་ཆེད་མཁས་དང་ཆབ་སྲིད་བསྟི་གནས་ཁང་གི་མགོ་ཁྲིད་སྐུ་ཞབས་གྷའུ་རའུ་སུ་བ་མའི་དང༌། སྤྱི་ཚོགས་ལས་འགུལ་བ་སྐུ་ཞབས་ཇའི་ལིའི། ལྡི་ལི་རུ་ཡོད་པའི་སྐུ་ཚབ་བསྟན་པ་ཚེ་རིང་ལགས་བཅས་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་པ་རེད།

དེ་ཡང་ཧིན་དྷི་དུས་བབ་ཏུ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་སྐོར་གསུངས་དོན། དངོས་གནས་བཤད་ན། རྒྱ་དཀར་ནག་གི་ས་མཚམས་ཟེར་བ་ཞིག་མེད། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ཟེར་བ་དེ་བོད་དང་འབྲེལ་བ་དམ་པོ་ཡོད། རྩོད་རྙོག་འདི་སེལ་བར་ཕྱོགས་གཉིས་ཀར་ཆབ་སྲིད་ཀྱི་ཆོད་སེམས་བརྟན་པོ་དགོས། ཇི་སྲིད་བོད་ཀྱི་གནད་དོན་བཏང་སྙོམས་སུ་བཞག་པ་དེ་སྲིད་དུ་འབྲེལ་ཡོད་ས་ཁུལ་དུ་དུས་ཡུན་རིང་པོར་ཞི་བདེ་ཡོང་བའི་རེ་བ་དེ་སྟོང་པ་རེད་ཅེས་གསུངས་འདུག

ལོ་འདིར་རྒྱ་གར་གྱི་སྲིད་འཛིན་པ་ཊེལ་ལ་མཆོག་དང་ཕྱི་སྲིད་བློན་ཆེན་ཁེར་ཤི་ན་གཉིས་སྔ་རྗེས་སུ་རྒྱ་ནག་ཏུ་ཕེབས་ཏེ་རྒྱ་དཀར་ནག་གི་ས་མཚམས་གནད་དོན་སྐོར་གྲོས་མོལ་བྱས་ཡོད་ལ། དེ་བཞིན། འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་ནག་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཀྲུའུ་ཡུན་ཁཱང་རྒྱ་གར་ལ་རྒྱལ་དོན་འཚམས་གཟིགས་སུ་བཅར་ཏེ་གྲོས་མོལ་བྱས་ཡོད། ཕྱི་ཚེས་ ༡༥ ཉིན་སྲིད་བློན་ཝུན་ཅཱ་པའོ་རྒྱ་གར་དུ་གཞུང་འབྲེལ་ལྟ་སྐོར་དུ་ཡོང་ནས་རྒྱ་དཀར་ནག་གི་འབྲེལ་བ་བཙུགས་ཏེ ལོ་  ༦༠ འཁོར་བའི་དུས་དྲན་མཛད་སྒོའི་སྟེང་ཞུགས་རྒྱུ་ཡིན་པ་རེད།

ཕྱི་ཚེས་ ༡༧ ཉིན་སྲིད་བློན་ཝུན་ཅ་པའོ་ཡིས་རྒྱ་གར་ནང་གི་བྱ་བ་རྣམས་ཡོངས་སུ་འགྲུབ་སྟེ་པ་ཀི་སི་ཐན་དུ་འགྲོ་རྒྱུ་ཡིན་པ་དང༌། པ་ཀི་སི་ཐན་གྱི་མཐོ་རིོམ་མི་སྣར་ཐུག་འཕྲད་དང་རྒྱལ་ཁབ་གཉིས་བར་གྱི་ཚོང་དོན་མཉམ་ལས་ཀྱི་ཚོགས་འདུར་ཞུགས་རྒྱུ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་ཕྱོགས་བསྡུས་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
རྒྱ་ནག་དང་རྒྱ་དཀར་དབར་གྱི་འབྲེལ་བས་བོད་མིའི་བདེ་སྡུག་ལ་ཁྱེ་གྱོང་ཇི་ཡོད། རིག་གཞུང་ཐད་ནས་བཤད་ན་བོད་དང་རྒྱ་གར་དབར་སྔ་མོའི་གནའ་རབས་ཀྱི་ཤེས་རིག་གང་ཅིའི་ཐད་ནས་འབྲེལ་བ་ཆེན་པོ་ཡོད་པ་དང། བོད་བརྒྱུད་ནང་བསྟན་གྱི་འཛིན་སྐྱོང་སྤེལ་གསུམ་ཡང་གནའ་རབས་རྒྱ་གར་བས་མཛད་པ་དང་སྤེལ་བའི་དགོས་དོན་ཡོངས་རྫོགས་ད་ཆ་བོད་མིས་རྒྱལ་སྤྱིའི་ནང་ངོམས་ཆོག་པ་ཞིག་འཛིན་སྐྱོང་བྱེད་བཞིན་ཡོད། ད་ཆ་རྒྱལ་སྤྱིའི་གནས་འབབ་ལ་ཞིག་ན་རྒྱ་གར་དང་རྒྱ་ནག་གཉིས་དབར་འགྲན་རྩོད་དང་དར་རྒྱས་འགྲོ་ཤུགས་ཆེ་ཆུང་ཡང་ཧད་བག་ཆེན་པོ་ཡོད་པ་དེ་དངོས་གསལ་འདོད་པོ་ཡོད། རྒྱལ་ཁབ་ཆེན་པོ་དེ་གཉིས་ཀྱི་བར་ན་མྱལ་བ་མི་ཡུལ་དུ་མྱང་བཞིན་པ་ནི་ཆོས་ལྡན་བོད་མི་རྣམས་ཀྱི་ལས་དབང་དངོས་སུ་ཡོད་པ་དེ་རེད། རང་གི་འདོད་བློ་དང་མཐུན་པའི་བདེ་སྐྱིད་ནམ་ཡང་ལོང་སྤྱོད་བྱེད་མེད་པ་དང་མི་རབས་དེས་མྱང་བ་དེ་བོད་ཀྱི་ལོ་རྒྱུད་ནང་སྔོན་བྱུང་མ་མྱོང་བ་ཞིག་ཡང་ཡིན། དེ་ནི་རྒྱ་ནག་གི་འཕེལ་རྒྱས་དང་འབྲེལ་བ་ཆེན་པོ་ཡོད། ལྷག་པར་དུ་རྒྱ་ནག་གུང་ཕྲན་རིང་ལུགས་ཀྱི་སྲིད་དབང་དངོས་སུ་༡༩༤༩ལོའི་ཟླ་བ་༡༠ཚེས་༡ཉིན་ནས་འགོ་འཛུགས་བྱས་པ་ནས་བོད་མིའི་ཁེ་དབང་མདོར་འགོ་འཛུགས་ཡོད། མི་ལོ་དྲུག་ཅུ་ལྷག་རིང་བོད་མིས་ཁེ་ཕན་མེད་པ་དང་རང་མི་རིགས་ཀྱི་ཤུལ་ཙམ་ལ་འཛིན་སེམས་དང་གནའ་དེང་གང་གི་ཐད་ནས་བལྟས་ཀྱང་ལས་དབང་སྐྱོ་བོ་ཞིག་ཏུ་འགྱུར་ཡོད། ལོ་རབས་དྲུག་ཅུ་བདུན་ཅུ་སོགས་ནང་རྒྱ་ནག་ནང་དུའང་ཧ་ཅང་གི་ཐབས་སྐྱོ་བོའི་གནས་སྟངས་ཞིག་གུང་ཕྲན་གི་འཛིན་ཡོད་བོད་ལ་ལྟ་ཅི་དགོས། དེ་ནས་ལོ་རབས་གྱ་ཅུའི་ནང་མཚོན་བྱེད་གསུམ་ཟེར་བ་དང་དེ་མིན་དཔལ་འབྱོར་ཐད་རྒྱ་ནག་གི་སྒོ་གཡེ་སོགས་བྱས་ནས་ལོ་གསུམ་ཅུའི་ནང་རྒྱལ་སྤྱིའི་ཁྲོམ་ར་གསུམ་ཆ་གཉིས་ད་ཆ་རྒྱ་ནག་ལག་ཏུ་སྟངས་འཛིན་བྱེད་བཞིན་ཡོད་པའི་གནས་སྐབས་དེར་སླར་ཡང། བོད་མིའི་སེམས་ཀྱི་ཁུར་བོ་དེ་ཇི་ཚད་སྔར་ལས་ལྷག་པ་ཡོད་པ་བརྗོད་དགོས་མེད། ཐ་ན་སྟོབས་ཆེན་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་སོགས་ཟེར་བའི་སྟོབས་ཆེན་དང་གནས་ཡོད་ཀུན་གྱི་བཏུན་གཞི་ཞིག་ཏུ་འགྱུར་ཡོད་སྟབས། ཡང་ཡང་བསམ་ཞིབ་བྱེད་དགོས་པ་དེ་དེ་བས་སྟོང་པ་མིན་པ་དང་རང་མི་རིགས་ཀྱི་མ་འོང་ལས་དང་ཐད་ཀར་འབྲེལ་ཡོད་པས་ཐུགས་སྣང་དང་རྒྱལ་སྤྱིའི་གནས་ཚུལ་གྱི་འགྱུར་བ་ལ་དོ་སྣང་བྱས་ནས་ཕན་འབྲས་བཟང་པོ་ཞིག་རྩོད་ལེན་ཐུབ་པ་དགོས་ དེའི་ཆེད་དུ་བོད་མིའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ནི་རྒྱལ་སྤྱིའི་ནང་རྒྱ་ནག་ཐད་ཧ་ཅང་ཆུ་ཚད་མཐོ་བའི་མཁས་དབང་ཞིག་དང་ཁྲིམས་ལུགས་ལ་དམིགས་སུ་ཀར་ནས་སློབ་དཔོན་གྱི་མཚན་གནས་བཞེས་པ་ཞིག་ཡིན་སྟབས་བོད་མི་ཚོས་རང་གི་ལས་དབང་དེ་ཁོང་ལ་ཕུལ་ན་ཁོང་གི་བདེ་སྐྱིད་ཀྱི་ཉི་གཞོན་ཞིག་སླར་ཡང་ཚུང་སྦྱིན་སྲིད།
བཟང་ཕྱོགས་ཀྱི་འགྱུར་བ་དང་ངན་ཕྱོགས་ཀྱི་འགྱུར་བ་ཞེས་ཁ་ཚོད་ཆོད་དཀའ་བའི་གནས་ཡིན་པར་ཐེ་ཚོམ་མེད་། རྒྱ་དཀར་ནག་གི་འབྲེལ་ལམ་ནང་ཚོང་དོན་གྱི་འབྲེལ་ལམ་ཆེད་རྒྱ་ནག་གི་སྲིད་བཱོན་ལྦུན་ཅ་པའོ་རྒྱ་གར་ལ་མཚམས་གཟིགས་ཀྱི་མིང་ཐོག་ནས་ཆབ་སྲིད་ཀྱི་མི་སྣ་དང་ཚོང་པ་དང་སོགས་མང་གྲངས་མང་དག་འཁྲིད་དེ་རྒྱ་གར་ནང་བལྟ་བསྐོར་དང་། རྒྱ་དོན་བསྐོར་གླེང་སློངས་མང་དག་ཞིག་བྱས་ནས་སྟབས་ལེགས་པ་ཞིག་ལ་སྔར་ལྟར་མི་འདྲ་བར་རྒྱ་གར་གཞུང་ཕྱོགས་ནས་དམིགས་བསལ་གྱི་གྲ་སྒྲིགས་ཞིག་བྱས་ཡོད་པ་དེ་རྒྱ་ནག་ཕྱོགས་ནས་ཤེས་ཟིན་སྟབས། ཐེང་དེའི་གཟིགས་སྐོར་སྐབས་ས་མཚམས་བསྐོར་གྱི་ལབ་གླེང་དེ་ཙམ་མེད་དགོས་དོན་ནི་། རྒྱ་གར་གྱི་སྔོན་ཚུལ་ནས་གསར་འགྱུར་སོགས་ནང་གལ་ཏེ་རྒྱ་ནག་ངོས་ནས་ཀ་ཤི་མིར་བསྐོར་ལབ་གླེང་བྱས་ཚེ་རྒྱ་གར་གཞུང་གི་བེད་སྤྱོད་བྱས་དགོས་པའི་ལག་ཆ་གཉིས་ཡོད། ལག་ཆ་སྣོ་ངར་ཅན་ནི་བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་ར་འཔྲོད་བྱ་རྒྱུ་ཡིན་པ་དེ་ཡིན་ཡང་བརྗོད་འདོད་ཡོད་ཀྱང་དེའི་སྤོ་བ་དང་བྲལ་ཟིན། སྲིད་འཛིན་ནེ་རོས་བོད་དེ་རྒྱ་ཁུངས་ཡིན་པ་སྔར་ནས་ཁས་ལེན་བྱས་ཡོད་པ་དང་ལྷག་པར་དུ་ཁོང་གི་རྗེས་འཛིན་སྲིད་དོན་ཚོགས་པ་ཁག་གང་ནས་སླེབས་ཀྱང་དོན་དེར་དམིགས་གསལ་གྱི་འགྱུར་བ་སྟངས་བའི་ནུས་པ་མེད་པ་དེ་རེད། ད་ཆ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཞེས་འཛམ་གླིང་ནང་ཨ་རི་གཙོ་བོ་འགྱུར་པའི་ཡོ་རོབ་ནང་ཁུལ་གྱི་སྟོབས་ཆེན་རྒྱལ་ཁབ་ཚོས་རྒྱུན་གཏན་ནས་བཤད་རྒྱུའི་སྐད་ཆ་དེ་བཤད་རྒྱུ་བྱས་ཡོད་པ་རེད། གཉིས་པ་དེ་ཐེ་ལྦན་སྐོར་གྱི་གནད་དོན་དེ་རེད། གྲ་སྒྲིགས་ཡོད་ཞེས་པ་ཙམ་ལས་སོ་སོའི་དམིགས་བསལ་གྱི་བསམ་ཚུལ་གསར་པ་དང་ཡང་བདེན་པའི་གཏམ་བཤད་བྱེད་རྩིས་མེད་པ་གསལ་པོ་རེད། གཙོ་ཆེ་བོད་དོན་དང་ཐེ་ལྦན་གྱི་གནད་ཚུལ་སོགས་ཀྱི་རྒྱ་དཀར་ནག་བར་ཞི་བདེ་དང་མཐུན་ལམ་དགོས་ན་དེ་དག་དམིགས་མེད་དུ་གཏོང་དགོས་པ་དེ་ཕྱོགས་གཉིས་ནས་གསལ་ཤེས་རེད། ལྷག་པར་དུ་རྒྱ་གར་གཞུང་ལ་དེ་ཙམ་སྤོ་བ་མེད་དོན་མང་པོ་ཡོད་ཀྱང་༡༩༦༢ལོ་ནས་ད་བར་རྒྱ་ནག་གི་ངོས་ནས་རྒྱ་གར་ལ་མཐོང་ཆུང་དང་ཁྱད་གསོས་ཁོ་ནས་ལས་ཆེ་མཐོང་ནི་ཉི་མོའི་སྐར་མ་ལྟར་ཡིན་པ་ཤེས་བཞིན་དུ་སྒོ་འགུར་ནས་བསྡད་ཡོད། ཚོང་དོན་གྱི་ཐོག་ནས་རྒྱ་གར་དེ་རྒྱ་ནག་གི་ཚོང་ཤག་ཆེ་ཤོས་ཡིན་ཞེས་བཤད་ཀྱང་དོན་དངོས་ཐོག་རྒྱ་གར་གྱི་ཅ་དངོས་ཕྱིར་ཚོང་གི་ཚད་ཧ་ཅང་དམའ་བོ་དེ་རང་དུ་ལྷག་ཡོད། ཐེངས་དེའི་རྒྱལ་དོན་སྐབས་ལ་རྒྱ་གར་ལ་དགའ་དགོས་པའི་གནས་ཚུལ་གསར་པ་དང་ངོས་འཛིན་བྱེད་ཐབས་བྲལ་ཡོད། ས་མཚམས་སྐོར་གྱི་བགྲོད་མོལ་ལ་གྲུབ་བྱ་མེད་པ་དེ་རང་ཡིན། རྒྱ་དཀར་ནག་བར་གྱི་དགོས་དོན་མ་གྲུབ་པའི་ངང་འཇིགས་ཉམས་ཆེན་པོ་ལྦུན་པ་ཀི་སི་ཐན་ལ་ཁ་ཕྱོགས་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།