རྒྱ་ནག་གིས་ཆབ་སྲིད་དང་ཡོ་རོབ་མཉམ་འབྲེལ་གྱི་ཚོང་འབྲེལ་མཉམ་བསྲེས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༡༦ཉིན་སྤེལ། ཕྷི་རན་སིའི་ཡུལ་ནས་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྲིད་སྐྱོང་གི་ཚོགས་གཙོའི་འགན་བཞེས་པའི་སྐབས་ཡོ་རོབ་མཉམ་འབྲེལ་དང་ཡོ་རོབ་གྲོས་ཚོགས་ནས་བོད་དོན་ཐད་དོ་ཁུར་ཆེན་པོ་གནང་བ་དང་སྲིད་འཛིན་སར་ཀོ་ཟི་མཆོག་གིས་ྋགོང་ས་མཆོག་དང་མཇལ་འཕྲད་གནང་ཡོད། ཅེག་སྤྱི་མཐུན་་ཡུལ་གྲུས་ད་ལོ་ནས་ཟླ་༦གི་རིང་ཚོགས་གཙོའི་འགན་བཞེས་སྐབས་ྋགོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུའི་ལས་འཆར་སོགས་མེད་ཚུལ་བརྗོད་ཡོད་པ་རེད། 06december2008121དེ་ཡང་ཕྷི་རན་སིའི་ཡུལ་ནས་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྲིད་སྐྱོང་གི་ཚོགས་གཙོའི་འགན་བཞེས་པའི་སྐབས་ཡོ་རོབ་མཉམ་འབྲེལ་དང་ཡོ་རོབ་གྲོས་ཚོགས་ནས་བོད་དོན་ཐད་དོ་ཁུར་ཆེན་པོ་གནང་བ་དང་སྲིད་འཛིན་སར་ཀོ་ཟི་མཆོག་གིས་ཀྱང་ྋགོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གི་དཔོན་རིགས་ཚོས་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་ཐད་ཀར་གྲོས་མོལ་གནང་དགོས་པའི་སྐོར་ཤུགས་ཆེན་པོས་ཡོངས་ཁྱབ་གཏམ་བཤད་སྤེལ་ཡོད། འོན་ཀྱང་ཅེག་ཡུལ་གྲུས་༢༠༠༩ལོའི་ཟླ་༠༡ནས་ཟླ་༦རིང་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྲིད་སྐྱོང་གི་ཚོགས་གཙོའི་འགན་བཞེས་པའི་སྐབས་ཡུལ་དེའི་དཔོན་རིགས་ཚོས་གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུའི་ལས་འཆར་སོགས་གང་ཡང་མེད་པའི་སྐོར་གནས་ཚུལ་ཐོན་ཡོད་ནའང་བོད་ཀྱི་གནད་དོན་ལ་དོ་ཁུར་མེད་པ་དང་ྋགོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུུ་མིན་ལུགས་བརྗོད་མེད་པ་རེད།

རྒྱ་ནག་གིས་རྩེད་མོ་དང་ཆབ་སྲིད་མཉམ་བསྲེས་བྱས་ན་མི་འགྲིགས་པའི་སྐོར་བརྗོད་བཞིན་མཐར་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱད་པར་བརྟེན་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཚོགས་ཆུང་ལའང་འུ་ཐུག་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད། ཕྱོགས་གཞན་ནས་དེ་སྔ་ནས་རྒྱ་ནག་གིས་ཚོང་འབྲེལ་དང་ཆབ་སྲིད་མཉམ་བསྲེས་བྱས་ཏེ་ཚོང་གི་ཆ་རྐྱེན་དུ་བོད་དང་ཐེ་ཝན་རྒྱ་ནག་གི་ཆ་ཤས་སུ་ངོས་ལེན་བྱེད་དགོས་ལུགས་བརྗོད་པ་ལྟར། ཡོ་རོབ་དང་རྒྱ་ནག་གི་ཚོང་འབྲེལ་ཐད་གཅིག་མཚུངས་ཀྱི་ཆ་རྐྱེན་བཏོན་དང་འདོན་བཞིན་ཡོད། རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལོ་ནས་མ་འོངས་ཟླ་༦རིང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་པའི་རིང་རྒྱ་ནག་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དབར་གྱི་ཚོར་བ་རྣོ་བའི་འབྲེལ་ལམ་ཞེས་པའི་ནང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཡུལ་གྲུ་དེའི་ནང་ཆིབས་བསྒྱུར་བསྐྱང་རྒྱུའི་ལས་འཆར་མེད་པའི་སྐོར་པེ་ཅིང་དུ་ཡོད་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོས་ཟླ་འདིའི་ཚེས་༡༥ཉིན་འགྲེལ་བརྗོད་གནང་ཡོད་པ་རེད།

༢༠༠༨ལོའི་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཚོགས་གཙོའི་འགན་ཁུར་བཞེས་མཁན་ཕེ་རན་སི་ཡིན་པའི་སྐབས་ཡུལ་དེའི་སྲིད་འཛིན་སར་ཀོ་ཟི་མཆོག་གིས་རྒྱ་ནག་གཞུང་ཕྱོགས་ནས་ངོ་རྒོལ་དང་ཚོར་རྣོ་དྲག་པོའི་སྐྱོན་བརྗོད་སོགས་ལ་མ་ལྟོས་པར་ྋགོང་ས་མཆོག་དང་མཇལ་འཕྲད་གནང་བ་དེས་ཕི་རན་ན་སི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཙམ་མ་ཟད། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ལ་ཡང་དོ་ཕོག་ཆེན་པོ་བྱུང་ཡོད་ཚུལ་རྒྱ་ནག་གིས་བཤད་པར་བརྟེན། ཕྱོགས་གཉིས་ཀྱི་འབྲེལ་ལམ་སླར་གསོའམ་ཇེ་སྡུག་ཏུ་མི་འགྲོ་རྒྱུའི་ཆེད་དུ་ྋགོང་ས་ཏཱ་ལའི་བླ་མ་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་མེད་ཚུལ་དང་ྋགོང་ས་མཆོག་ཅེག་ཡུལ་གྲུར་ཕེབས་ནས་རིང་པོར་སོང་མེད་སྐོར་གཞུང་ཚབ་ཆེན་མོས་གསུངས་པ་ལས་ྋགོང་ས་མཆོག་ཡུལ་དེར་ཕེབས་རྒྱུ་མིན་ཚུལ་དང་བོད་དོན་ལ་དོ་ཁུར་མེད་ལུགས་འགྲེལ་བརྗོད་གང་ཡང་བྱས་ཡོད་པ་མ་རེད། བོད་ཀྱི་ཆ་འཕྲིན་ལ་སྤེལ་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ང་ཚོས་གཞིས་བྱེས་ལྷན་འཛོམས་ཀྱི་སྐལ་བཟང་ལ་རེ་སྒུག་བྱེད།



བརྗོད་གཞི་གཞན་ཁག་ལ་གཟིགས།