ྋགོང་ས་མཆོག་ལ་ཨི་ཊ་ལིའི་མི་སེར་གྱི་ཆེ་བསྟོད་འབུལ་རྒྱུའི་གདན་ཞུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

14January200955ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༡༥ཉིན་སྤེལ། བོད་ཀྱི་ཆོས་སྲིད་གཉིས་ཀྱིུ་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཟླ་༢ནང་ཨི་ཊ་ལིའི་རྒྱལ་ས་རོམ་གྲོང་ཁྱེར་གཞུང་གིས་གྲོང་ཁྱེར་དེའི་མི་སེར་གྱི་ཆེ་བསྟོད་འབུལ་རྒྱུའི་ཆེད་གདན་ཞུའི་གསོལ་འདེབས་ཞུས་ཡོད་པའི་སྐོར་ཨི་ཊ་ལིའི་རྒྱལ་ས་རོམ་གྲོང་ཁྱེར་སྤྱི་ཁྱབ་ཇི་ཡ་ནི་ཨ་ལེ་མ་ནོ་མཆོག་གི་མགྲིན་ཚབ་པ་ཞིག་གིས་ཟླ་འདིའི་༡༣ཉིན་གསལ་བསྒྲགས་གནང་ཡོད་འདུག

དེ་ཡང་བོད་ཀྱི་ཆོས་སྲིད་གཉིས་ཀྱིུ་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཟླ་༢ནང་ཨི་ཊ་ལིའི་རྒྱལ་ས་རོམ་གྲོང་ཁྱེར་གཞུང་གིས་གྲོང་ཁྱེར་དེའི་མི་སེར་གྱི་ཆེ་བསྟོད་འབུལ་རྒྱུའི་ཆེད་གདན་ཞུའི་གསོལ་འདེབས་ཞུས་ཡོད་པའི་སྐོར་ཨི་ཊ་ལིའི་རྒྱལ་ས་རོམ་གྲོང་ཁྱེར་སྤྱི་ཁྱབ་ཇི་ཡ་ནི་ཨ་ལེ་མ་ནོ་མཆོག་གི་མགྲིན་ཚབ་པ་ཞིག་གིས་ཁ་ས་གསལ་བསྒྲགས་གནང་ཡོད་ནའང་ྋགོང་ས་མཆོག་ཆིབས་བསྒྱུར་བསྐྱང་ཐུབ་རྒྱུ་ཡིན་མིན་ཐད་ད་ལྟའི་ཆར་གཏན་ཁེལ་གནང་མེད་ལུགས་ཀྱང་གསུངས་ཡོད་པ་རེད།

ཨི་ཊ་ལིའི་རྒྱལ་ས་རོམ་གྲོང་ཁྱེར་གཞུང་གིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་སྤྱི་དང་ལྷག་དོན་དུ་འཚེ་མེད་ཞི་བའི་ཐབས་ལམ་གྱི་སྒོ་ནས་བོད་ཀྱི་གནད་དོན་སེལ་ཐབས་གནང་བཞིན་པར་ཆེ་བསྟོད་ཞུ་རྒྱུའི་ཆེད༢༠༠༨ལོའི་ཟླ་༩པའི་ནང་ྋགོང་ས་མཆོག་ལ་གྲོང་ཁྱེར་དེའི་མི་སེར་གྱི་མཚན་གནས་འབུལ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་ཡོད་པ་རེད།

ཡང་རོམ་གྲོང་སྡེའི་སྤྱི་ཁྱབ་ཀྱི་མགྲིན་ཚབ་པ་དེས་༢༠༠༨ལོར་ྋགོང་ས་མཆོག་ལ་ཡུལ་དེའི་མི་སེར་གྱི་ཆེ་བསྟོད་འབུལ་ལམ་ཞུ་འཆར་ཡོད་ན་ཡང་སྐབས་དེར་མགོན་པོ་གང་ཉིད་ནས་སྙུངས་གཞི་བཞེས་པའི་རྐྱེན་གྱིས་ཆིབས་བསྒྱུར་བསྐྱངས་ཐུབ་མེད་སྐོར་ཡང་འགྲིན་ཚབ་པ་དེས་མུ་མཐུད་གསུངས་ཡོད་པ་རེད།

གསར་གནས་དེའི་མུ་མཐུད་འཁོད་དོན་ལྟར་ན། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ྋགོང་ས་ཏཱ་ལའི་བླ་མ་མཆོག་ཕྱི་ལོ་༢༠༠༧ལོའི་ཟླ་༡༢པའི་ནང་ཨི་ཊྲ་ལིའི་ནང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་པའི་ལྷན་ཚོགས་ཐོག་ཆིབས་བསྒྱུར་བསྐྱངས་གནང་བའི་སྐབས་ཨི་ཊ་ལིའི་གཞུང་གི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་ཡོད་པ་དང༌། སྐབས་དེར་རྒྱ་ནག་གཞུང་གི་གནོན་ཤུགས་ཆེན་པོ་སྤྲད་ཡོད་པར་བརྟེན་ཨི་ཊ་ལིའི་སྲིད་བློན་རོའོ་མ་ནོ་པོརོ་ཌི་མཆོག་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཐུབ་མེད་ཀྱང༌། རྒྱ་ནག་གཞུང་གིས་ཨི་ཊ་ལིའི་ཕྱི་སྲིད་ལས་ཁང་བརྒྱུད་ནས་ྋགོང་ས་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་བཅུགས་པར་ཡང་ངོ་རྒོལ་ཆེན་པོ་བྱས་ཡོད་པའི་སྐོར་མུ་མཐུད་གནས་ཚུལ་སྤེལ་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།