ྋགོང་ས་མཆོག་གིས་རྒྱ་ནག་ནང་འགྱུར་བ་ཡོང་ངེས་རེད་ཅེས་བཀའ་བསྩལ་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

13january20094ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༡༥ཉིན་སྤེལ། རྒྱ་ནག་ནང་འགྱུར་བ་ཡོང་ངེས་པ་དང་བོད་དོན་བདེན་མཐའ་གསལ་ངེས་ཡིན་སྐོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་ལྦ་ར་ན་སིར་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་བཞི་སྟོང་སྐོར་ལ་དམིགས་བསལ་བཀའ་སློབ་གནང་སྐབས་བཀའ་གནང་འདུག

དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དར་བའི་དམར་པོའི་ཚོགས་པ་གཅིག་ཉིད་ཀྱིས་སྲིད་དབང་བཟུང་བའི་ལམ་ལུགས་དེ་རྒྱལ་ཁབ་མང་པོའི་ནང་ཐོར་ཞིག་ཏུ་སོང་བ་རེད་ཅེས་དང་རྒྱ་ནག་ནང་འགྱུར་བ་འགྲོ་བཞིན་པ་རེད། འདི་མུར་གནས་ཐབས་མེད་པ་རེད་ཅེས་དང་མཐར་ཐུག་བོད་དོན་བདེན་མཐའ་གསལ་གྱི་རེད་ཅེས་ྋགོང་ས་མཆོག་གིས་བཀའ་གནང་འདུག

ྋགོང་ས་མཆོག་གིས་ཕྱི་ཟླ་དང་པོའི་ཚེས་བརྒྱད་ནས་བཅུ་བཞི་བར་འཕགས་པ་ཐོག་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་དང་མཁན་ཆེན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་བཅས་ཀྱི་གསུང་ཆོས་གནང་བཞིན་པ་རེད། གནས་མཆོག་ལྦ་ར་ན་སིར་རྒྱལ་ཁབ་སུམ་ཅུ་ལྷག་ནས་དད་ལྡན་ཆོས་ཞུ་བ་ཉིས་ཁྲི་བརྒལ་བ་འབྱོར་ཡོད་ཅིང་ཧི་མ་ལ་ཡའི་རི་རྒྱུད་ཤར་མོན་ནས་ནུབ་ལ་དྭགས་བར་དང་བལ་ཡུལ་དང་འབྲུག།འབྲས་ལྗོངས་བཅས་ནས་ཕེབས་པའི་ཆོས་ཞུ་བ་སྟོང་ཕྲག་མང་པོ་དང་བོད་དང་ཕྱི་རྒྱལ་ཡུལ་གྲུ་བཅས་ནས་ཁྱོན་ཆོས་ཞུ་བ་ཉིས་ཁྲི་བརྒལ་བ་འཛོམས་ཡོད་པ་རེད། ཡང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚོར་དམིགས་བསལ་བཀའ་སློབ་གནང་བའི་ནང་དེང་གི་བོད་ཀྱི་གནས་སྟངས་ཛ་དྲག་ཡོད་པ་མ་ཟད་རྒྱ་ནག་གིས་དབང་བསྒྱུར་འོག་བོད་ཀྱི་ཆོས་དང་རིག་གཞུང་ཆགས་འཇིག་གི་གནས་སུ་གྱུར་ཡོད་པ་དེ་ལྟར་ཡང་དེང་འཛམ་གླིང་ཡོངས་ནང་འགྱུར་འགྲོས་ཡོང་བཞིན་ལྟར་རྒྱ་ནག་ནང་ཡར་འགྱུར་འགྲོས་ཡོང་བཞིན་པ་རེད་ཅེས་དང་ཡང་སྔར་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་བཟུང་བོད་ཆོལ་ཁ་གསུམ་གྱི་ནང་རྒྱ་ནག་གཞུང་གིས་བཙན་གནོན་ལ་ངོ་རྒོལ་བྱུང་བ་ལྟར་འཛམ་གླིང་ནང་བོད་དོན་བདེན་པ་དང་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་ཇེ་མང་དུ་འགྲོ་བཞིན་པ་རེད་ཅེས་དང་ལྷག་པར་དུ?ཉེ་བའི་ཆར་བོད་ཀྱི་བདེན་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་རྒྱ་མི་རིགས་སྤྱི་དང་ཁྱད་པར་དུ་རྒྱ་རིགས་ཤེས་ཡོན་ཅན་ཚོས་བོད་དོན་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་སྟོན་གྱི་ཡོད་སྐོར་ྋགོང་ས་མཆོག་གིས་གནས་མཆོག་ལྦ་ར་ན་སིར་བཀའ་གནང་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
རི་དྲུག་མུན་སེལ་ཉི་མ་མཆོག འཛམ་གླིང་གླིང་བཞིའི་རྩེ་ནས་ཤར། ལྟ་སྤྱོད་འཚེ་མེད་འབྲུག་བཞིན་སྒྲོཌ། དམ་པའི་སློབ་བུ་སྐར་ཚོགས་ནས། རི་དྭགས་སྒྲ་ལ་ཆགས་པ་བཞིན། དམ་ཆོས་བདུད་བརྩི་བཏུང་བཞིན་གནས། རིང་མིན་ཐབས་ཤེས་ཟུང་འབྲེལ་ཞིག མྱུར་ཏུ་རྒྱུ་འཁྲུངས་གདོན་མི་ཟ། ཨེ་མ་སྐལ་བཟང་གོ་སྐབས་འདིར། སྲིད་གསུམ་འཚོལ་ན་སུ་ཞིག་རྙེད། རྨད་བྱུང་དཔལ་ལྡན་བླ་མ་མཆོག སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ལི་ལྗོངས་ཕོ་ཉ། 20?'–ðú—Ø



བརྗོད་གཞི་གཞན་ཁག་ལ་གཟིགས།