དགོངས་ཚུལ།

ཡོ་རོབ་གྲོས་ཚོགས་ཀྱི་གཟེངས་རྟཌ་རྒྱ་རིཌ་ཧུ་ཇི་ཡ་ལ་ཐོབ་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

200810232227intl1ཡོ་རོབ་གྲོས་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་མཐོ་ཤོས་དེ་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཧུ་ཇི་ཡ་ལ་གསོལ་བསྩལ་གནང་རྒྱུ་གཏན་ཁེལ་བྱས་ཡོད་པ་དེས་ཡོ་རོབ་མི་མང་གི་ངོས་ནས་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ལ་ལན་འདེབས་གསལ་པོ་ཡོད་པ་རེད།

དེ་ཡང་ས་ཁ་རོ་གཟེངས་རྟགས་ཞེས་ཡོ་རོབ་གྲོས་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་མཐོ་ཤོས་དེ་རྒྱ་ནག་གི་མང་གཙོ་དོན་གཉེར་བ་ཧུ་ཇི་ཡ་ལ་གསོལ་བསྩལ་གནང་རྒྱུ་ཡིན་སྐོར་ཡོ་རོབ་མི་མང་ཚོགས་པ་ཞེས་ཡོ་རོབ་གྲོས་ཚོགས་ནང་གི་ཆབ་སྲིད་ཚོགས་པ་ཆེ་ཤོས་ནས་གསལ་བསྒྲགས་སྤེལ་ཡོད་འདུག

རྒྱ་རིགས་མང་གཙོ་དོན་གཉེར་བ་ཧུ་ཇི་ཡ་ལགས་ཀྱིས་རྒྱ་ནག་ནང་སྤྱི་དམངས་ཀྱི་རང་དབང་དང་ཁོར་ཡུག་སྲུང་སྐྱོབ་གནང་མཁན་ཞིག་ཡིན་པ་དང༌། བོད་མི་རྣམས་ལའང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལ་དོ་ཁུར་ཆེན་པོ་གནང་མཁན་ཞིག་ཡིན་ལ། ༢༠༠༧ལོར་ཡོ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབཐང་གི་ཉམས་ཞིབ་ལྷན་ཚོགས་སྐབས་རྒྱ་རིགས་ཧུ་ཇི་ཡ་ལགས་ཀྱིས་བརྙན་འཕྲིན་བརྒྱུད་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་གསུང་བཤད་གནང་བའི་རྗེས་སུ་རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་ཇུས་བཤམས་པའི་ནག་ཉེས་འོག་དོ་དམ་འཛིན་བཟུང་བྱས་ཏེ་ཁྲིམས་ཐོག་ནས་ལོ་གསུམ་དང་ཕྱེད་ཀའི་རིང་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་རེད།

ཡོ་རོབ་མི་མང་ཚོགས་པ་ཞེས་ཡོ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཆེ་ཤོས་ཀྱི་མགྲིན་ཚབ་པ་ཞིག་གིས་གསུངས་གསལ་གཞིགས་ན། ཡོ་རོབ་མཉམ་འབྲེལ་འཐུས་མི་ཚོིགས་ཆེན་གྱི་དབུ་ཁྲིད་རྣམས་ནས་འདི་ལོའི་ཡོ་རོབ་གྲོས་ཚོགས་ཀྱི་ས་ཁ་རོ་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་དེ་བཞིན་མཐའ་མའི་འོས་དམིགས་གསུམ་ནས་རྒྱ་རིགས་མང་གཙོ་དོན་གཉེར་བ་ཧུ་ཇི་ལགས་སུ་འབུལ་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད།

དེ་ཡང་གཟེངས་རྟགས་འབུལ་རྒྱུའི་གཞུང་འབྲེལ་གྱི་གསལ་བསྒྲགས་ཀྱང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་རྒྱུའི་ཡོ་རོབ་དང་ཨེ་ཤི་ཡའི་ཡུལ་གྲུ་ཁག་གི་དབུ་ཁྲིད་ཚོའི་དབར་ལྷན་ཚོགས་མ་འཚུགས་སྔོན་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་ནས་གསལ་བསྒྲགས་གནང་རྒྱུ་ཡིན་སྐོར་དང་དེས་རྒྱ་ནག་ལ་ཁོང་ཁྲོ་ཡང་སློང་སྲིད་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།