ཤིན་ཅང་གིས་བོད་ཀྱི་ཞི་རྒོལ་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༠ཚེས་༢༨ཉིན། གཟའ་འཁོར་འདི་ནང་བོད་ཀྱི་ས་ཁུལ་གང་སར་སློབ་མ་ཚོས་ཞི་རྒོལ་གྱི་ལས་འགུལ་སྤེལ་རྗེས། ཤར་ཏུང་ཀི་སི་ཐན་ནམ་ཡུ་གུར་སྐྱབས་བཅོལ་སློབ་མས་ཀྱང་བོད་ཀྱི་སྐད་ཡིག་རང་དབང་གི་ཞི་རྒོལ་ལ་རྒྱབ་སྐྱོར་གྱི་ལས་འགུལ་ཞིག་སྤེལ་འདུག མ་ཚད་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལའང་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ཡོད་པ་རེད།

སློབ་གསོ་སྒྱུར་བཅོས་ཀྱི་ལམ་ལུགས་ཀྱིས་བོད་ཡིག་གི་སློབ་ཚན་ཆ་ཚང་རྒྱའི་སྐད་ཡིག་ཐོག་ནས་སློབ་འཁྲིད་བྱེད་རྒྱུ་ཡིན་པར། ད་ལྟའི་བར་དུ། མདོ་སྨད་ཁུལ་གྱི་བོད་མི་༩༠༠༠ལྷག་གིས་ངོ་རྒོལ་བྱས་ཡོད་པ་རེད།

ཤིན་ཅང་མི་རིགས་ལའང་རྒྱ་ནག་གཞུང་གིས་སྐད་ཡིག་གི་རང་དབང་ལ་བཙན་གནོན་གྱི་ལས་འགུལ་སྤེལ་ཡོད་པ་དང། སྲིད་བྱུས་འདི་དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པའི་དཀྱིལ་ཙམ་ནས་མན་ཇུའི་སློབ་གྲྭ་ཆེན་མོ་ནས་འགོ་བརྩམས་ཏེ་སྲིད་བྱུས་ལག་ལེན་བསྟར་ཡོད་པ་རེད།

༢༠༠༦ལོར། རྒྱ་གཞུང་གིས་སྲིད་བྱུས་ལག་བསྟར་གྱིས་རྒྱའི་སྐད་ཡིག་སློབ་ཁྲིད་ཀྱི་ངོ་སྤྲོད་མཚམས་སྦྱོར་གནང་ཡོད་པ་རེད།

ཤིན་ཅང་ལྷོ་ཁུལ་གྱི་གྲོང་སྡེའི་དགེ་རྒན་དང་སློབ་མ་མོས་མཐུན་མེད་པའི་སྙན་ཞུ་ཕུལ་བར། གལ་སྲིད་གཞུང་གི་ཤེས་ཡོན་སྲིད་བྱུས་དེར་ངོ་རྒོལ་བྱས་པ་ཡིན་ན་ཉེས་ཆད་སོགས་གཏོང་བའི་ཉེན་བརྡ་བཏང་ཡོད་པ་རེད། རྒྱ་ནག་གཞུང་གིས་དྲ་རྒྱའི་བརྒྱུད་ལམ་གྱི་ཞི་རྒོལ་དང་འབྲེལ་བའི་ཡིག་ཆ་སོགས་བཀག་སྡོམ་བྱེད་རྩིས་ཡོད་ཀྱང་གནས་ཚུལ་དེ་གང་སར་ཁྱབ་བཞིན་ཡོད།

ཤིན་ཅང་ནས་ཡོང་བའི་སློབ་མ་ཞིག་གིས་འདི་ག་གསར་ཁང་ལ་བརྗོད་རྒྱུར། ༼ས་གནས་སྲིད་གཞུང་གིས་མཚོ་སྔོན་བོད་ཀྱི་སློབ་གྲྭ་ཆེན་མོའི་ཞི་རྒོལ་གྱི་གནས་ཚུལ་སོགས་སྤེལ་བའི་དྲ་རྒྱ་ཁག་ལ་བཀག་སྡོམ་བྱས་ཡོད་ཀྱང། པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱིས་ངོ་རྒོལ་བྱེད་བཞིན་ཡོད་པའི་གནས་ཚུལ་རྣམས་གྲོགས་པོ་ཚོ་བརྒྱུད་ནས་གོ་ཐོས་བྱུང་སོང་༽ཞེས་དང།

ཡིན་ནའང། ད་ལྟ་རྒྱ་ནག་དུ་ཡོད་པའི་སློབ་གྲྭ་ཆེན་མོ་ཁག་ཚང་མ་དང་ཤིན་ཅང་འཛིན་གྲྭ་བཅས་ལ་བཀག་སྡོམ་ནན་མོ་བྱེད་ཀྱི་འདུག་ཅེས་༽འགྲེལ་བརྗོད་བྱས་ཡོད་པ་རེད། Uyghurbiz.net,ནི་ཀུན་གྱིས་དགའ་བསུ་ཐོབ་པའི་ཤིན་ཅང་གི་གནད་དོན་གླེང་སའི་སྟེགས་བུ་ཞིག་ཡིན་པ་དང༌། ཉེ་ལམ་དྲ་རྒྱ་འདིའི་ནང་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གཞུང་གིས་ཤིན་ཅང་འཛིན་གྲྭ་ལ་བོད་ཡིག་གི་ཁེ་དབང་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་གྱི་ལས་འགུལ་གང་ཡང་སྤེལ་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་རེད་ཅེས་བཀོད་པ་དང།

ཤིན་ཅང་གི་སློབ་མའི་ཁྱིམ་བདག་རྣམས་ལ་ཉེན་རྟོག་པས་ཁ་པར་བཏང་ཏེ། བུ་ཕྲུག་གིས་ཞི་རྒོལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ན་མཇུག་འབྲས་ལེགས་པོ་མེད་ཚུལ་གྱི་ཉེན་བརྡ་བཏང་པ་ཡོད་པ་སོགས་བཀོད་འདུག པེ་ཅིང་ཤིན་ཅང་མི་རིགས་སློབ་གྲྭ་ཆེན་མོ་དང་Uighurbiz.netདྲ་རྒྱའི་གཙོ་གཉེར་བ་སྐུ་ཞབས་ལམ་ཐའོ་ཐའི་ལགས་ཀྱིས། ༼ཤིན་ཅང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཚོར་བོད་རིགས་སློབ་མའི་ཞི་རྒོལ་ལ་མཉམ་ཞུགས་བྱེད་པའི་རེ་འདོད་ཆེན་པོ་ཡོད་པ་དང།

མཚོ་སྔོན་ནས་བཟུང་ཏེ་ཞི་རྒོལ་ཁྲོམ་སྐོར་བྱུང་པའི་སྐབས་སུ། ངའི་ཤིན་ཅང་སློབ་ཆེན་གྱི་སློབ་མ་ཚོས་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་གི་ཡོད་པ་མ་ཟད། སློབ་མ་ཁ་ཤས་ངའི་གཞུང་ལས་ཁང་དུ་ཡོང་ནས་བོད་རིགས་སློབ་མའི་ཞི་རྒོལ་ལ་མཉམ་ཞུགས་བྱེད་པའི་རེ་བ་བརྒྱབ་ཀྱང། ངས་ང་ཚོས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཆོག་ཅེས་བཤད་པ་ཡིན་༽ཞེས་གསུངས་འདུག

ཁོང་གིས་འདི་ག་གསར་འགྱུར་ཁང་ལ། ༼ཤིན་ཅང་གི་དགེ་སློབ་ཡོངས་ཀྱིས་བོད་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོབ་བྱེད་ངེས་ཡིན། གང་ཡིན་ཟེར་ན། གནད་དོན་འདིའི་ཐོག་ལ་ང་ཚོ་ཚང་མར་གཅིག་མཚུངས་རེད་ཅེས་༽བརྗོད་བྱུང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༣༡༢༠༡༠༢༠༥༩
ལི་ཡུལ་གྱི་སློབ་མ་ཁྱེད་ཚོས་བཙན་པོའི་སློབ་མ་ཚོར་རྒྱབ་སྐྱོར་གནང་བ་ཡག་བྱུང་། འོན་ཀྱང་རང་གི་གནས་སྟངས་་ཀྱང་བརྗེད་མི་ཉན།
1 ༣༡༢༠༡༠༡༥༢༩
ཤིན་ཅང་གི་སློབ་མ་ཚོས་བོད་རིགས་སློབ་མ་ཚོར་རྒྱབ་སྐྱོབ་གནང་བ་དེས་གནད་དོན་གཉིས་མཚོན་ཡོད། གཅིག་ནི་བོད་རིགས་སློབ་མ་ཚོར་སྙིང་རྗེ་པས་རེད་ལ། ཕྱོགས་གཞན་ནི་ཤོང་ཅང་ཡང་བོད་རིགས་སློབ་མ་དང་མཚུངས་པས་རེད་ཅེས་ཞུ་འདོད་བྱུང་། གང་ལྟར་ཡང་ངས་ཤིང་ཅང་སློབ་མ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། །



བརྗོད་གཞི་གཞན་ཁག་ལ་གཟིགས།