མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་དོ་སྣང་གནང་རོགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༠ཚེས་༢༥ཉིན། ཟླ་འདིའི་ཚེས་༢༣ཉིན་རྒྱ་གར་དབུས་མཱ་དྷི་ཡ་མངའ་སྡེའི་རྒྱལ་ས་བྷོ་པལ་ནང༌། རྒྱ་གར་བོད་དོན་ཞི་བའི་ལས་འགུལ་བ་གསུམ་གྱིས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས། བོད་དོན་ཐུགས་ཁུར་གནང་དགོས་པའི་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་འདུག

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་མཱ་ཧི་ཤིས་ཡ་དྷབ་དང༌། ཁོང་གི་ཕྱག་རོགས་ཨེ་ཇའེ་དང་པོ་ཇ་རའེ་གསུམ་གྱིས་བོད་མི་རྣམས་ལ་རྒྱབ་སྐྱོར་དང་། མི་གཞན་གྱིས་དོ་སྣང་སླེབས་ཆེད་ཁོང་ཚོ་སོ་སོའི་ངོ་གདོང་ལ་བོད་དང༌། རྒྱ་ནག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གསུམ་གྱི་རྒྱལ་དར་དང་བོད་རང་བཙན་ཡིན་ཞེས་བྲིས་ཡོད་པ་རེད།

སྐུ་ཞབས་ཡ་དྷབ་ལགས་ཀྱིས། གལ་སྲིད་རྒྱ་ནག་གཞུང་གིས་བཙོན་པ་ཆུང་ཤོས་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང༌། བོད་ནང་གི་ཆབ་སྲིད་བཙོན་པ་གཞན་རྣམས་གློད་བཀྲོལ་བཏང་ནས། བོད་ལ་རང་བཙན་སྤྲད་པ་ཡིན་ན། འཛམ་གླིང་འདི་ཞི་བདེ་དང་ལྡན་པའི་ལྷ་ཡུལ་ལྟ་བུ་ཞིག་ཆགས་སྲིད་ལ། རྒྱ་ནག་གཞུང་གིས་གལ་སྲིད་ངོས་ལ་བཙན་འཇུག་དང་སྲོག་ཐོག་གི་ཁྲིམས་ཆད་གང་ཞིག་གཅོད་འདོད་ཡོད་རུང༌། ངོས་ལ་གྲ་སྒྲིག་ཡོད་ཅེས་གསུངས་འདུག

སྐུ་ཞབས་མཱ་ཧེ་ཤིས་ཡ་དྷབ་ལགས་ནི། བདག་ཉིད་ཆེན་མོ་གྷན་དྷིའི་འཚེ་མེད་ཞི་བའི་ལྟ་གྲུབ་རྗེས་སུ་འབྲངས་ནས། ཧ་ལམ་ཁོང་གི་འདས་པའི་མི་ཚེ་ཕྱེད་ཀ་ཙམ་གྱི་རིང༌། རང་ཉིད་ཀྱི་ཁྲག་བཏོན་ནས་བོད་དོན་ཁྱབ་བསྒྲགས་ཡི་གེ་དང་རི་མོ་འབྲི་མཁན་ཞིག་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བྱམས་བརྩེ་དྲང་བདེན་གྱིས་ང་ཚོར་རྒྱབ་སྐྱོར་གནང་མཁན་གྱི་ཕྱིའི་རྒྱལ་ཁབ་ཀྱི་གྲོགས་པོ་འདི་དག་བཀའ་དྲིན་ཆེ་སྙིང་ནས་ཞུ་གི་ཡོད་བན་ཤུལ་ཚང་།



བརྗོད་གཞི་གཞན་ཁག་ལ་གཟིགས།