༧གོང་ས་མཆོག་གིས་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཁྲིད་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༠ཚེས་༡༣ཉིན། ཁ་སང་ཞོགས་པ་ཨ་རིའི་མངའ་སྡེ་ཁལ་པོ་ནི་ཡའི་གྲོང་ཁྱེར་སེན་ཨོ་སིའི་ནང་རྟེན་གཞི་བྱས་ཡོད་པའི་རྒྱུད་སྟོད་གསང་སྔགས་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་བཀའ་ཁྲིད་གནང་ཡོད་པ་རེད།

མགོན་པོ་གང་ཉིད་ཀྱི་དུས་ཡུན་ཆུ་ཚོད་༢རིང་དུས་རབས་༡༡པའི་ནང་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཁྲིད་གནང་སྐབས་སུ། དབྱི་རི་ལན་ཌི་ནས་ཡིན་པའི་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ཕི་སི་བྷོ་སི་ནཱ་ཐེ་བའི་ཁྱོན་མི་གྲངས་༡༡༠༠༠ཙམ་འདུ་འཛོམས་བྱས་ཡོད་པ་རེད།

སྐབས་དེར་མགོན་པོ་གང་ཉིད་ཀྱིས་དད་ལྡན་ཆོས་ཞུ་བ་རྣམས་ལ། དུས་རྒྱུན་དུ་ནང་ཆོས་ཀྱི་བསླབ་བྱ་འདི་ཡང་ཡང་དུ་བློ་ལ་སྦྱོང་ནས་ནང་སེམས་ཀྱི་ ཞི་བདེ་སྤེལ་ཐབས་བྱེད་དགོས་པ་ལས། རེ་བ་དང་སྨོན་ལམ་ཁོ་ནའི་ལམ་ནས་མ་རིག་པའི་བློ་དེ་གཙང་མ་བཟོ་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག ཡང་ཕྱི་ཚེས་༡༣ཉིན་ཨ་རིའི་མངའ་སྡེ་ཁེལ་ཕོ་ནི་ཡའི་གྲོང་ཁྱེར་སེན་ཨོ་སི་ནང་བརྟེན་གཞི་བྱས་ཡོད་པའི་བཙུན་དགོན་དགེ་ལྡན་ཆོས་གླིང་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འོད་དཔག་མེད་ཀྱི་རྗེས་གནང་ བསྩལ་རྒྱུ་ཡིན་འདུག
བློ་སྦྱོང་ཚིག་བརྒྱད་མ།།

བདག་ནི་སེམས་ཅན་ཐམས་ཅད་ལ།།
ཡིད་བཞིན་ནོར་བུ་ལས་ལྷག་པའི།།
དོན་མཆོག་བསྒྲུབ་པའི་བསམ་པ་ཡིས།།
རྟག་ཏུ་གཅེས་པར་འཛིནཔར་ཤོག།

གང་དུ་སུ་དང་འགྲོགས་པའི་ཚེ།།
བདག་ཉིད་ཀུན་ལས་དམན་བལྟ་ཞིང༌།།
གཞན་ལ་བསམ་པ་ཐག་པ་ཡིས།།
མཆོག་ཏུ་གཅེས་པར་འཛིན་པར་ཤོག།

སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ།།
བརྟག་ཅིང་ཉོན་མོངས་སྐྱེས་མ་ཐག།
བདག་གཞན་མ་རུངས་བྱེད་པས་ན།།
བཙན་ཐབས་གདོད་ནས་བཟློག་པར་ཤོག།

རང་བཞིན་ངན་པའི་སེམས་ཅན་རྣམས།།
སྡིག་སྡུག་དྲག་པོས་ནོན་པ་ལ།།
རིན་ཆེན་གཏེར་དང་འཕྲད་པ་ལྟར།།
རྙེད་པར་དཀའ་བས་གཅེས་འཛིན་ཤོག།

བདག་ལ་གཞན་གྱིས་ཕྲག་དོག་གིས།།
གཤེ་སྐུར་ལ་སོགས་མི་རིགས་པའང༌།།
གྱོང་ཁ་རང་གིས་ལེན་པ་དང༌།།
རྒྱལ་ཁ་གཞན་ལ་འབུལ་བར་ཤོག།

གང་ལ་བདག་གིས་ཕན་བཏགས་པའམ།།
རེ་བ་ཆེ་བ་གང་ཞིག་གིས།།
ཤིན་ཏུ་མི་རིགས་གནོད་བྱས་ནའང༌།།
བཤེས་གཉེན་དམ་པར་བལྟ་བར་ཤོག།

མདོར་ན་དངོས་སམ་བརྒྱུད་པ་ཡིས།།
ཕན་བདེ་མ་རྣམས་ཀུན་ལ་འབུལ།།
མ་ཡི་གནོད་དང་སྡུག་བསྔལ་ཀུན།།
གུས་བས་རང་གིས་ལེན་པར་ཤོག།

དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི།།
རྟོག་པའི་དྲི་མས་མ་སྦགས་པར།།
ཆོས་རྣམས་སྒྱུ་མར་ཤེས་པ་ཡིས།།
ཞེན་པའི་འཆིང་བ་ལས་གྲོལ་ཤོག།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༣༡༢༠༡༠༢༠༢༥
དབང་པོ་རྟུལ་པོ་རྣམས་ཀྱི་བློ་ལ་འཛིན་བདེ་ཕྱིར་ཚིགས་བཅད་དུ་བསྒྲིགས་པ་ཙམ་ལསདོན་ལ་བདག་གཞན་མཉམ་བརྗེ་སྒོམ་ཚུལ་རང་རེད།
སློབ་སྦྱོང་ཚིག་བརྒྱད་མ་འདི་ལག་ལེན་དུ་འཁྱོལ་ཐུབ་ན།རབ་ལ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པ་དང་།དེ་ལྟར་མ་བྱུང་ནའང་།འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་འཆམ་མཐུན།རྒྱལ་ཁབ་བདེ་འཇགས།མི་ཚེ་སྐྱིད་པོ་ཡོང་བ་དང་།དུས་བདེ་ཞི་འཇགས་ཀྱི་ངང་ནས་འཚོ་བ་རོལ་ཐུབ་པའི་དགེ་མཚན་ཁྱད་འཕགས་ཀྱི་ཡོན་ཏན་འདུག་པས།བཀའ་ཁྲིད་གསན་པའི་མི་དེ་དག་སྐལ་བ་བཟང་པོ་རེད་སྙམ།



བརྗོད་གཞི་གཞན་ཁག་ལ་གཟིགས།