ཉི་ཧོང་གི་གྲོས་ཚོགས་འཐུས་མིས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

09january200913ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༡༡ཉིན་སྤེལ། ཉི་ཧོང་གི་ཕྱོགས་འགལ་མང་གཙོ་ཚོགས་པའི་འཐུས་མི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་ཞིག་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་མཆོག་དང་བོད་ཀྱི་དཀའ་རྙོག་ཐོག་མུ་མཐུད་ཐུགས་འཁུར་ཆེ་བཞེས་ཀྱིས་རྒྱབ་སྐྱོར་གནང་བཞིན་ཡོད་ལུགས་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་ད་ལྟའི་ཉི་ཧོང་གི་སྲིད་གཞུང་དང་ཕྱོགས་འགལ་ཚོགས་པ་ཡིན་ཉི་ཧོང་གི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ནང་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་ཐུགས་འཁུརེ་ཆེ་བཞེས་གནང་བའི་ཚོགས་ཆུང་ཞིག་ཡོད་པ་དང༌། དགུང་གྲངས་༤༤ལ་སོན་པའི་སྐུ་ཞབས་ཡུ་ཀི་ཡོ་ཨེ་ཌ་ནོ་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་དེའི་དབུ་ཁྲིད་ཡིན་པ་དང༌། ཁོང་ནི་མ་འོངས་པར་ཉི་ཧོང་གི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ལ་སླེབས་རྒྱུའི་འོས་ཆོས་ལྡན་པའི་དབུ་ཁྲིད་ཅིག་ཡིན་ལུགས་སྤེལ་ཡོད་པ་རེད།

ཉི་ཧོང་གྲོས་ཚོགས་ནང་བོད་དོན་ཚོགས་ཆུང་དེ་བཞིན་ཕྱི་ལོ་༡༩༩༥ལོར་གྲོས་ཚོགས་ཀྱི་འཐུས་མི་སེ་ཤུ་མ་ཀི་ནོ་ཡིས་ཐོག་མར་དབུ་བཙུགས་གནང་བ་ཞིག་ཡིན་པ་དང༌། ཚོགས་ཆུང་དེས་རྒྱ་ནག་གིས་སྐྱོན་བརྗོད་གནང་མིན་ལ་མ་ལྟོས་པར་ཕྱི་ལོ་༢༠༠༣ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་གདན་འདྲེན་ཞུ་རྒྱུའི་ཐུགས་འགན་རྐང་བཞེས་གནང་ཡོད་པ་རེད། གལ་སྲིད་ལོ་རྗེས་ཉི་ཧོང་གི་རྒྱལ་ཡོངས་འོས་བསྡུའི་ནང་མང་གཙོ་ཚོགས་པར་མང་མོས་འོས་ཤོག་ཐོབ་སྟེ་མང་གཙོ་ཚོགས་པས་གཞུང་བསྐྱངས་རྒྱུ་ཡིན་ན་ཉི་ཧོང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཡོང་སྲིད་པ་ཞིག་རེད་ཅེས་ཆབ་སྲིད་དཔྱད་ཞིབ་པ་ཚོས་ཚོད་དཔག་གནང་གི་ཡོད་པ་རེད།

༢༠༠༨ཟླ་༡༡ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་ཞབས་སོར་འཁོད་པའི་སྐབས་ཉི་ཧོང་གྲོས་ཚོགས་ནང་བོད་དོན་ཚོགས་ཆུང་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་སེ་ཤུ་མ་ཀི་ནོ་མཆོག་དང་མཇལ་འཕྲད་གནང་ཡོད་ལ། ྋགོང་ས་མཆོག་གིས་མགྲོན་འབོད་གནང་དོན་བཞིན་སྐུ་ཞབས་མ་ཀི་ནོ་མཆོག་གིས་རྒྱལ་ས་ལྡི་ལིར་ཚོགས་པའི་རྒྱལ་ཁབ་༣༠ཐམ་པའི་འཐུས་མི་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ནང་མཉམ་བཞུགས་གནང་ཡོད་པ་རེད།

དལྟའི་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡུ་ཀི་ཨོ་ཨེ་ཌ་ནོ་ཡིས་ཁོང་གི་ཚོགས་ཆུང་དེས་རྒྱ་ནག་ལ་གནོད་པའི་ལས་འགུལ་སྤེལ་གྱི་མེད་ཀྱང་བོད་མིའི་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐོག་ལ་རྒྱ་ནག་གིས་དྲག་གནོན་བྱེད་བཞིན་པར་ང་ཚོས་སྣང་ཆུང་དང་ལྷོད་གཡེང་བྱས་ནས་སྡོད་ཐབས་གཏན་ནས་ཡོད་པ་མ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཟླ་༠༡་ཚེས་༠༩ཉིན་སྤེལ་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༡༢༢༠༠༩༡༦༣༥
ལི་ལྗོངས་ཀྱི་གངས་ཕྲུག
ཁོ་རེ་གྲོགས་པོ་ཚོ་གནས་ཚུལ་དེ་ཡག་ག་Ñ
འདི་ནི་གལ་ཆེན་དང་རེ་བ་ཡང་ཆེན་པོ་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།