རྒྱ་ནག་གི་སྲིད་བློན་ཝེན་ཅ་པའོ་ལ་ངོ་རྒོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༠༩ཚེས་༢༤ཉིན། ཉེ་ཆར་རྒྱ་ནག་གི་སྲིད་བློན་ཝེན་ཅཱ་པའོ་ཨ་རི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་ གཞི་བྱས་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དུ་བཅར་སྐབས་དང་ཨ་རི་སྲིད་འཛིན་བཅས་མཇལ་འཕྲད་ལྟ་སྐོར་སྐབས། བོད་རང་དབང་སློབ་ཕྲུག་ཚོགས་པས་ལས་འགུལ་ཞིག་གོ་སྒྲིག་འོག་འཁྲུལ་སྒྲ་ཞེས་པའི་ དྲ་གནས་ནས་རྒྱལ་ཁབ་འདྲ་མིན་གྱི་སློབ་མ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་བོད་དོན་སྐོར་གྱི་ཟིན་བྲིས་ཁག་གློག་བརྙན་བརྒྱུད་སྲིད་བློན་ཝིེན་ཅཱ་པའོ་སྡོད་ སའི་མགྲོན་ཁང་གི་ངོས་སུ་བསྟན་ནས་ངོ་རྒོལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག

ངོ་རྒོལ་གྱི་འབོད་ཚིག་སྣ་ཚོགས་བསྒྲགས་པ་དེ་དག་གི་ནང་དུ་བསྟན་འཛིན་དོན་ ཡོད་ཀྱིས། ཝེན་ཅཱ་པའོ༌། དྲན་བདེན་གྱི་ལས་ཤིག་བྱོས། ༧གོང་ས་མཆོག་དང་བཀའ་མོལ་བྱེད་དགོས། ང་ཚོས་བོད་ཀྱི་རྩ་དོན་གྱི་འཐབ་རྩོད་དུས་ནམ་ཡང་བཞག་གི་མ་རེད། རྡ་ས་ནས་ཡིན་པའི་བསྟན་འཛིན་ཆོས་སྒྲོན་གྱིས། རྒྱ་ནག་གིས་ང་ཚོའི་མི་མང་དང་ང་ཚོའི་ལུང་པ་ལ་གང་བྱས་པ་རེད། ངོ་རྒོལ་བྱས་དགོས་པ་ཚང་མ་ཁྱེད་རང་ཚོས་བཟོས་པ་རེད།

སྐལ་ལྡན་ནོར་གཡང་གིས། ཁྱེད་ཀྱིས་གང་བྱེད་ནའང་ཁྱད་པར་མི་འདུག ཧ་གོ་དགོས་པ་ཞིག་ལ་བོད་མི་ཚོ་ནམ་ཡང་སེམས་ཁོང་ན་རང་དབང་རེད།ཁྱེད་ཚོ་མྱུར་དུ་ ཐོན་ནས་བོད་མི་ཚོ་རང་དབང་བྱས་ནས་སྡོད་རྒྱུ་རེད། སངས་རྒྱས་བཀྲ་ཤིས་ཀྱིས། ངས་ཁྱོད་ཀྱི་གདོང་མཐོང་དུས་ངའི་རང་དབང་དྲན་གསོ་བྱེད་ཀྱི་འདུག བོད་ནང་གི་བོད་མི་ལ་དེ་དག་ཡོད་པ་མ་རེད། ཁྱོད་ཀྱིས་བོད་རང་དབང་ནམ་སྤྲོད་རྒྱུ་ཡིན།ཞེས་ཟིན་བྲིས་སྣ་ཚོགས་ཁང་ངོས་སུ་ བསྟན་ཡོད་པ་རེད། འདི་ག་གསར་ཁང་གིས་དབྱིན་ཡིག་ནས་ཕབ་བསྒྱུར་ཞུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ད་དངོན་ནས་ང་ཚོའི་བསླེབ་ལ་ཉེར་བའི་བཀའ་ཁྲི་སུ་ཡིན་ནམ་ཟེར་ན་་་་་ཧ་ཅང་བཤད་དཀའ་་་་་ཡིན་ན་གྲགས་ཆེ་བ་སློབ་དཔོན་ཆེན་པོ་མཁང་དབང་བློ་བཟང་སེང་གེ་མཆོག་དང་་་བཀའ་ཟུར་ཚོགས་གཙོ་བཀྲས་བཐོང་རྣམ་གཉིས་་གང་རུང་ཞིག་བསླེབ་ངེས་རེད་བསམ་་་་་ཡིན་ན་བཀྲད་མཐོང་གཞུང་དངུལ་སྐོག་ཟ་ཟས་པའི་ནག་ཉེས་དང་་ཆོལ་ཁ་དཀྲུག་ཤིག་རྒྱབ་པའི་ནག་ཉེས་སོགས་མང་དག་ཡོད་པས་ཁོང་་་་མ་འོང་བཀའ་ཁྲི་ནམ་ཡང་མི་འོས་་་་་་་་་་་་་་་་་གུས་པས་ཤེས་ཡོན་དང་ལྷག་བསམ་སྙིང་སྟབས་ལྡན་པའི་་་སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་ཚང་མས་རེ་སྨོན་བྱེད་རོགས་ཞེས་འབུལ་གུས་ཞུ།།



བརྗོད་གཞི་གཞན་ཁག་ལ་གཟིགས།