ཨོ་བྷ་མའི་རྒྱ་གར་དུ་རྒྱལ་དོན་གཟིཌ་སྐོར་ལ་བོད་མིའི་རེ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༠༩ཚེས་༡༡ཉིན། འདི་ལོའི་ཟླ་༡༡ནང་དུ་ཨ་རིའི་སྲིད་འཛིན་ཨོ་བྷ་མཆོག་གིས་རྒྱ་གར་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་གཏན་ཁེལ་ཡོད་པ་དང་སྐབས་དེར་ཨ་རི་དང་རྒྱ་གར་དབར་གལ་ཆེའི་གྲོས་མོལ་བྱེད་རྒྱུའི་ཁོངས་སུ་བོད་ཀྱི་གནད་དོན་ཡོད་སྲིད་པ་དེར་བཙན་བྱོལ་བོད་མིའི་ཁྲོད་དུ་གལ་གནད་ཆེན་པོའི་སྒོ་ནས་རེ་བ་རྒྱག་བཞིན་ཡོད་ལུགས་གསར་ལམ་ཁག་ཏུ་གནས་ཚུལ་ཡོད་པ་རེད།

དེ་ཡང་ཉེ་དུས་ཕྱི་ཟླ་༨པའི་ནང་ཨོ་བྷ་མའི་གཞུང་གིས་བཏོན་པའི་བོད་ནང་གི་གནས་སྟངས་སྐོར་ཏེ་ཕྱི་ལོ་༢༠༠༩ལོའི་ཟླ་༣པ་ནས་༢༠༡༠ལོའི་ཟླ་༢བར་རྒྱ་ནག་གཞུང་གི་བོད་ནང་དུ་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་ཇི་ལྟར་བྱས་ཡོད་མེད་དང་བོད་རྒྱའི་དབར་གྲུབ་འབྲས་ཐོན་གྲོས་མོལ་འགོ་འཛུགས་དགོས་པའི་སྐུལ་མ་བྱས་པ་སོགས་བོད་དང་བོད་མིར་སེམས་འགུལ་ཐེབས་པའི་རྒྱབ་སྐྱོིར་གནང་བཞིན་པའི་རྣམ་འགྱུར་ལས་སླེབས་ལ་ཉེ་བའི་སྲིད་འཛིན་ཨོ་བྷ་མའི་རྒྱ་གར་དུ་རྒྱལ་དོན་འཚམས་གཟིགས་ལ་རེ་བ་ཞིག་རྒྱག་བཞིན་ཡོད་ལུགས་འཁོད་ཡོད་པ་རེད།

བཙན་བྱོལ་བོད་མིའི་ཁྲོད་དུ་རེ་བ་དེ་འདྲ་སླེངས་དགོས་དོན་གཙོ་བོ་སྲིད་འཛིན་ཨོ་བྷ་མས་དབུ་འཁྲིད་པའི་ཨ་རིའི་གཞུང་གིས་བོད་ཀྱི་དཀའ་རྙོག་སེལ་བར་བོད་ཀྱི་ཆོིས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པ་དབར་ཕན་ཐོགས་ལྡན་པའི་གྲོས་མོལ་བརྒྱུད་དོན་འབྲས་སོན་པ་ཞིག་ཡོང་བའི་འབོད་སྐུལ་ཤུགས་ཆེན་བྱས་ཡོད་པ་རེད།

དེ་ཡང་སྙན་ཐོ་དེའི་ནང་དུ་རྒྱ་ནག་གཞུང་དང་བོད་ཀྱི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མའམ་ཡང་ན་ཁོང་གི་སྐུ་ཚབ་དབར་་དོན་འབྲས་སོན་པའི་གྲོས་མོལ་འགོ་འཛུགས་གནང་སྟེ་བོད་ཀྱི་དཀའ་རྙོག་སེལ་ཐབས་གནང་དགོས་ལུགས་འཁོད་ཡོད་ཅིང༌། སྙན་ཐོ་དེ་ཡང་༢༠༠༩ནས་༢༠༡༠བར་གྱི་ཨ་རིས་བོད་ཐོག་འཛིན་པའི་སྲིད་བྱུས་ཞེས་རིམ་བཞིན་སྲིད་འཛིན་དང་ཕྱི་འབྲེལ་དྲུང་ཆེ་བཅས་ནས་ཆེད་དཔྱད་གནང་སྟེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱ་ཁབ་དང་བོད་ཀྱི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་དང་ཡང་ན་ཁོང་གི་སྐུ་ཚབ་དབར་གྲོས་མོལ་བརྒྱུད་བོད་ཀྱི་དཀའ་རྙོག་སེལ་སླད་གྲོས་ཆོད་དོན་སྨན་ཡོང་བའི་འབོད་སྐུལ་ཞུ་ཡི་ཡོད་ལུགས་འཁོད་ཡོད་པ་རེད།

ད་དུང་སྙན་ཐོ་དེའི་ནང་དུ་མུ་མཐུད་བརྗོད་གསལ་གཞིགས་ན། ཨ་རིའི་ངོས་ནས་བོད་ནང་གི་ས་ཁུལ་ཁག་ཏུ་མུ་མཐུད་ཛ་དྲགལ་གི་གནས་སྟངས་འོག་ལུས་བཞིན་ཡོད་པར་བརྟེན་དེ་དག་སེལ་ཐབས་ཡོང་བར་ྋགོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་ནག་དང་ལྷན་དུ་གྲོས་མོལ་དཀའ་རྙོག་སེལ་ཐབས་གནང་མཁན་དེ་ཡིན་པའི་ཡིད་ཆེས་བྱེད་བཞིན་ཡོད་ཅེས་དང༌། ཏཱ་ལའི་བླ་མ་ཁོང་གི་གཟིགས་ཕྱོགས་དེ་དག་ནི་བོད་མིའི་སྤྱི་ཚོགས་སུ་གུས་བཀུར་ཆེ་བ་དང་ཁོང་གི་འཚེ་མེད་ཞི་བའི་བཞེངས་ཕྱོགས་དེ་ནི་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་བོད་རྒྱ་གྲོས་མོལ་ཡར་རྒྱས་ཐབས་ཀྱི་གཙོ་བོ་ཞིག་ལ་ངོས་འཛིན་ཞུ་ཆོག་གི་རེད་ཅེས་འཁོད་ཡོད་པ་རེད།

བོད་རྒྱ་དབར་འགྲོ་བཞིན་པའི་གྲོས་མོལ་གྱི་གནད་དོན་དེ་དག་ནི་བོད་རྒྱ་གཉིས་ཀའི་མི་མང་གི་དཀའ་རྙོག་ཅིག་ཡིན་ལ། དེས་རྒྱ་ནག་ནང་དུ་སེམས་ཚབས་རང་བཞིན་དུ་གནས་རྒྱུ་ཡིན་པ་དང་རྒྱ་ནག་གི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་གཉིས་ཀར་ཡར་རྒྱས་ཡོང་བར་གནོད་སྐྱོན་ཐེབས་རྒྱུ་རེད།

གཞན་ཡང་སྙན་ཐོ་དེའི་ནང་འཁོད་གསལ་ལྟར་ན། ཨ་རིའི་གཞུང་གི་ངོས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་སྐད་ཡིག རིག་གཞུང་བཅས་ལ་རྒྱ་ནག་གཞུང་གིས་གུས་བཀུར་ཞུ་དགོས་པ་དང་ཆབས་ཅིག བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་ཚོགས་ཀྱི་ཁས་དབང་བཅས་ལའང་སྲུང་སྐྱོབ་གུས་བཀུར་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད་ལུགས་སོགས་བཀོད་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༡༦༢༠༡༠༢༠༠༤
ཨོ་བྷ་མ་ལ་རེ་བ་བྱེད་རྒྱུ་གང་ཡང་ལྷག་མེད། ཨོ་བྷ་མས་བོད་དེ་རྒྱ་ནག་དང་ཨ་རིའི་ཚོང་འབྲེལ་གྱི་དགོས་མཁོར་དམིགས་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། དངོས་ཡོད་ཀྱི་གནས་སྟངས་ཤེས་བཞིན་དུ་དེ་དག་ཐམས་ཅད་རྡོག་བརྫིས་བཏང་སྟེ་བོད་དེ་རྒྱ་ནག་ལ་བཙོང་ཟིན་པ་རེད། ད་དུང་རེ་བ་བྱེད་རྒྱུ་གང་ཞིག་ལྷག་ཡོད་དམ།
ད་རེ་ང་ཚོས་ངེས་པར་དུ་ཨོ་བྷ་མ་ལ་བཙན་བྱོལ་མི་མང་གིས་རེ་བ་ཆེན་པོ་བཅངས་ཡོད་པ་རྒྱ་གར་ས་ཐོག་རང་ནས་སྟོན་ཐུབ་པར་དགོས་



བརྗོད་གཞི་གཞན་ཁག་ལ་གཟིགས།