བོད་དོན་རྒྱབ་སྐྱོར་བ་རིས་ཆར་ཌི་གྷེར་ལ་གཟེངས་བསྟོད་བྱ་དགའ་ཐོབ་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

09january200920ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༠༩ཉིན་སྤེལ། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རིས་ཆར་ཌི་གྷེར་ལགས་ཨ་རིའི་བརྙན་འཕྲིན་ཝེ་ཨེ་ཆི་ཝེན་VH1ཞེས་པའི་སྤྱི་ཚོགས་ཞབས་ཞུའི་གཟེངས་བསྟོད་བྱ་དགའ་ཐེངས་༡༤པ་དེ་ཐོབ་ཡོད་ཅིང༌། ཁོང་ནི་རྒྱུན་དུ་ྋགོང་ས་མཆོག་ལ་དད་གུས་ཆེན་པོ་ཡོད་པའི་མི་སྣ་ཞིག་དང་བོད་དོན་ལ་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཨ་རིའི་སྙན་གྲགས་ཆེ་བའི་མི་སྣ་ཞིག་ཡིན་པ་རེད།

དེ་ཡང་ཨ་རིའི་སྙན་གྲགས་ཆེ་བའི་བརྙན་འཕྲིན་ཝེ་ཨེ་ཆི་ཝེན་VH1ཞེས་པས་འཛམ་གླིང་དུ་ཡ་མཚན་དངོས་བྱུང་གི་གནས་ཚུལ་ཁག་གིས་མཚོན་སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་ཁག་དུས་ནས་དུས་སྟོན་གྱི་ཡོད་པར་བརྟེན་མི་ཚོས་དོ་སྣང་ཆེན་པོ་ཡོད་པའི་བརྙན་འཕྲིན་ཞིག་ཡིན་པ་དང་ཐེངས་འདིར་སྐུ་ཞབས་རིས་ཆར་ཌི་གྷེར་ལགས་སུ་སྤྱི་ཚོགས་ཞབས་ཞུའི་གཟེངས་བསྟོད་བྱ་དགའ་ཐེངས་༡༤པ་དེ་ཐོབ་ཡོད་པ་དེ་ཡང་ཁོང་གིས་བོད་དོན་ལ་བདེན་དཔང་རྒྱབ་ལངས་གནང་གནང་བ། རྒྱུན་དུ་གོ་ལ་ཁྱོན་དུ་ཨེ་ཛིའི་ནད་ཡམས་ཀྱིས་མཚོན་པའི་སྔ་ཕྱི་བར་གསུམ་དུ་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྣ་མང་ཞིག་བསྒྲུབས་ཡོད་པས་ཡིན་པ་རེད།

ཁོང་གིས་འཁྲབ་སྟོན་གནང་བའི་སྙན་གྲགས་ཆེ་བའི་བརྩེ་དུང་གི་གློག་བརྙན་བུ་མོ་མཛེས་མ་ཞེས་པ་དང་རྒྱ་ནག་དམར་ཤོག་ལ་སྐྱོན་བརྗོད་བྱས་པའི་སྐོར་ཟུར་ཆ་དམར་པོ་སོགས་འཛམ་གླིང་ཁྱོན་དུ་སྐད་གྲགས་ཆེན་པོ་ཡོད་པ་མ་ཟད། ༡༩༩༩ལོར་ཁོང་འཛམ་གླིང་གི་སྐྱེས་པ་རྣམ་པ་ཡག་ཤོས་སུ་འདེམས་ཐོན་ཡང་བྱུང་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༡༠༢༠༠༩༡༨༣༠
ལི་ལྗོངས་ཀྱི་གངས་ཕྲུག
སྐྱོན་མེད་མི་ཞིག་ག་ལ་སྲིད་ཡ་ཁོ་རེ།
ཤར་པ་ཤ་ཀྲི་གི་Kissདྲན་སོང༌། ཧཧཧཧ ཧེཧེཧེཧེ
བོད་དོན ལ་རྒྱལ་ཁ་ཆེན་པོ་ཞིག་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།