དཔལ་ས་སྐྱ་གོང་མ་རིན་པོ་ཆེའི་འཚམས་གཟིགས།
མཐའ་མའི་བསྐྱར་བཅོས། (༢༤༢༠༡༠༡༥༣༦) འབྲི་མཁན། ཐུབ་བསྟན་རྒྱལ་མཚན། ༡༩༢༠༡༠༡༥༢༤
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས་༢༡ཉིན། ཟླ་འདིའི་ཕྱི་ཚེས་བཅོ་བརྒྱད་ཉིན་དཔལ་ས་སྐྱའི་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ཕྱི་རྒྱ་ཡུལ་གྲུ་ཁག་གི་མཛད་ཕྲིན་རྣམས་ལེགས་པའི་གྲུབ་ནས་ཕྱིར་བཞུགས་སྒར་ར་ཛ་སྤུར་དུ་ཞབས་སོ་བདེ་བར་འཁོད་གནང་སོང༌།ཕྱི་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་ཕ་རན་སི་བྱང་ཤར་ས་ཁུལ་strqsbourgཞེས་པའི་མངའ་སྡེ་ནང་མཁན་ཆེན་ཤེས་རབ་རྒྱལ་མཚན་ཨ་མི་པ་རིན་པོ་ཆེས་ཕྱག་གཏབ་པའི་ས་སྐྱ་བརྩེ་ཆེན་གླིང་དུ་ཞབས་སུ་འཁོད་དེ་ཕྱི་ཚེས་བཅུ་དྲུག་ཉིན་དབུ་འཛུགས་ཀྱི་དཔལ་ལྡན་ས་སྐྱ་པའི་ཡབ་ཆོས་བསྟན་པའི་སྙིང་པོ་གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་ཀྱི་བཀའ་ཆོས་དབུ་འཛུགས་གནང་འདུག་སྐབས་དེར་ཆོས་ཞུའི་ཁོངས་སུ་བཅར་བའི་འབྲེལ་ཡོད་ཞིག་གིས་གནས་ཚུལ་བརྗོད་གསལ་ལྟ་ན་ཆོས་ཞུ་བ་མཁན་ཆེན་ཤེས་རབ་རྒྱལ་མཚན་ཨ་མི་པ་རིནཔོ་ཆེ་མཆོག་གི་དབུས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་སུད་སི་ནས་ཕེབསཔའི་མདའ་དྲ་མོ་ཆེའི་མཁན་ཆེན་གྱི་ཡང་སྲིད་དང་སུད་སི་རི་ཀོང་དགོན་པའི་བླ་གྲྭ་ཁག་ཅིག་གཞན་ཡང་རྒྱ་གར་དང་ཨི་ཊ་ལི་སོགས་རྒྱལ་ཁབ་འདྲ་མིན་ཉེ་ཤུ་ལྷག་ནས་ཕེབས་པའི་དད་ལྡན་སེར་སྐྱ་ཁྱོན་མི་གྲངས་གསུམ་བརྒྱ་ཡས་མས་བཅས་ལ་ཟླ་གཅིག་མིན་ཙམ་ཞིག་ལ་གསུང་ཆོས་བསྩལ་གནང་འདུག
རིམ་བཞིན་ཁུལ་དེ་ཡོད་པའི་མཛད་རིམ་རྣམས་ལེགས་པར་གྲུབ་སྟེ་སུད་སིར་ལ་ཆིབས་ཞལ་བསྒྱུར་ནས་་མི་མང་རྣམས་ལ་བཀའ་སློབ་དང་གསུང་ཆོས་སོགས་གནང་དགོས་ཡོངས་རྫོགས་གྲུབ་ནས་མཁའ་ལམ་རྒྱུད་ལྡི་ལི་རུ་ཕེབས་ནས་ཁ་སྔོན་ཕྱི་ཚེས་༡༨ཉིན་དཔལ་ས་སྐྱ་སྒྲོལ་མ་ཕོ་བྲང་གི་འཁོན་གདུང་སྐུ་བགྲེས་རིན་པོ་ཆེ་མཆོག་དང་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་སང་གྷ་རིན་པོ་ཆེ་རྣམ་གཉིས་དབུས་པའི་གདན་ས་ཁག་གི་མཛད་གཙོ་རྣམ་པ་དང་གཞན་ཡང་ཚོགས་སྡེ་ཁག་དང་གནད་ཡོད་མི་སྣ་དང་དགེ་འདུན་པ་བཙུན་མ་བཅས་ཀྱིས་ཕེབས་སུ་ཟབ་རྒྱས་ཞུ་གནང་སོང༌། ཐུབ་བསྟན་རྒྱལ་མཚན་ནས་ཟླ༨ཚེས༡༨ཉིན།