༧གོང་ས་མཆོག་ལ་ལོ་འཁོར་གཟེངས་རྟགས་ཤིག་ཕུལ་བ།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༣༡ཉིན། ཨེ་ཊ་ལའི་གྲོང་ཁྱེར་ཇེལ་སིས་ཟླ་འདིའི་ཚེས་༢༧ཉིན་སུད་སིའི་གྲོང་ཁྱེར་ཇེ་ནིང་ཝའི་ནང་ཡོད་པའི་༧གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བསྟན་བསམ་འགྲུབ་ལགས་བརྒྱུད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལོ་འཁོར་གཟེངས་རྟགས་ཤིག་ཕུལ་ཡོད་པ་རེད།
གཟེངས་རྟགས་དེ་ནི་རྒྱུན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་བཟང་དང༌། མཛའ་བརྩེ། བྱམས་སྙིང་བརྗེ་ཀྱི་བཀའ་སློབ་ལ་བརྟེན་ནས་ཕུལ་བ་ཞིག་ཡིན་འདུག་ལ། སྐབས་དེའི་མཛད་སྒོ་ཐོག་མི་གྲངས་སྟོང་ཕྲག་༢༠ཙམ་འདུ་འཛོམས་བྱས་ཡོད་འདུག
མ་ཚད་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དགོན་པ་ནས་དགེ་འདུན་པ་བཞི་ཆེད་ཕེབས་ཀྱིས་མཎྜལ་འདེབས་འབུལ་དང་གསོལ་བ་སྨོན་ལམ་བྱས་ཡོད་འདུག་པ་དང༌། སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བསྟན་བསམ་འགྲུབ་ལགས་ཀྱིས་ཨི་ཊ་ལའི་གྲོང་ཁྱེར་ཇེལ་སི་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལ་ཆེ་མཐོང་དང༌། བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་གནང་བར་བཀའ་དྲིན་ཆེ་ཞུས་འདུག
ཡང་ཕྱི་ཚེས་༢༨ཉིན་གྱི་སྔ་དྲོར་ཨི་ཊ་ལའི་མངའ་སྡེ་མོ་ལེ་སིའི་ས་ཁུལ་གྱི་ས་གནས་སྲིད་འཛིན་སྐུ་ཞབས་མེ་ཆལ་ཨའོ་རའོ་ལགས་ཀྱིས། མེ་ལི་སིའི་ས་གནས་སྲིད་གཞུང་གི་གཞུང་ལས་ཁང་དུ་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བསྟན་བསམ་འགྲུབ་ལགས་དང་མཇལ་འཕྲད་ཀྱིས། ཁོང་གིས་ཏཱ་ལའི་བླ་མའི་ཞེ་བདེ་དང༌། འཚེ་བའི་མེད་པའི་བཀའ་སློབ་དེ་ནི་མི་རྣམས་ཀྱི་སྲིད་པའི་དཔལ་ཡོན་ནམ་ལམ་བཟང་འཕེལ་རྒྱས་ཀྱི་རིམ་པར་མཚོན་ན་ཆེས་གལ་གནད་ཆེ་བ་ཞིག་རེད་ཅེས་དང༌། ཡང་ཁོང་གིས་ཏཱ་ལའི་བླ་མའི་དགོངས་དོན་ལྟར་བོད་མིའི་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།