རྒྱལ་སྤྱིའི་གསར་འགྱུར་གྲགས་ཆེ་ཤོས་བཅུའི་ནང་གི་བོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

05january20091ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༠༢ཉིན་སྤེལ། རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཐེངས་འདིར་ཉི་ཧོང་གི་ཉི་རུ་ཨུ་བུམ་ཤི་རུ་ཞེས་པའི་ཚགས་པར་ཐོག་བཏོན་པའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༠༨ ལོའི་གྲགས་ཆེ་བའི་གནས་ཚུལ་བཅུའི་ཁོངས་ནས་བརྒྱད་པ་དེ་ནི་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་ནས་བཟུང་བོད་ས་ཁྱོན་ཡོངས་ནས་བོད་མི་ཚོས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་གྱིས་སྒེར་ལངས་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་དེའི་སྐོར་བཀོད་ཡོད།

05january20091ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༠༢ཉིན་སྤེལ། རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཐེངས་འདིར་ཉི་ཧོང་གི་ཉི་རུ་ཨུ་བུམ་ཤི་རུ་ཞེས་པའི་ཚགས་པར་ཐོག་བཏོན་པའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༠༨ ལོའི་གྲགས་ཆེ་བའི་གནས་ཚུལ་བཅུའི་ཁོངས་ནས་བརྒྱད་པ་དེ་ནི་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་ནས་བཟུང་བོད་ས་ཁྱོན་ཡོངས་ནས་བོད་མི་ཚོས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་གྱིས་སྒེར་ལངས་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་དེའི་སྐོར་བཀོད་ཡོད།

  དེ་ཡང་ཐོག་མར་གསུམ་བཅུའི་དུས་དྲན་གྱི་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གདན་སའི་དགེ་འདུན་པ་རྣམས་ཀྱིས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་པར་རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་པས་དྲག་ཤུགས་སྤྱད་དེ་གནོན་ཐབས་བྱས་པ་དང༌། དེ་ནས་ཕྱི་ལོ་ ༣ ཚེས་ ༡༤ ཉིན་ལྷ་སའི་ནང་སྒེར་ལངས་ཀྱི་ལས་འགུལ་དེ་བས་ཤུགས་ཆེ་སྤེལ་བར་རྒྱ་གཞུང་ནས་གནོན་ཤུགས་དེ་བས་ཚབས་ཆེ་སྤེལ་སྟེ་མི་ཤི་རྨས་ཀྱི་གནས་ཚུལ་བྱུང་བར་རྒྱ་ནག་གཞུང་ཕྱོགས་ནས་ཕྱོགས་ལྷུང་གི་དྲིལ་བསྒྲགས་རྒྱ་ཆེ་ཞིག་བྱས་ཡོད། མདོར་ན་འདི་ལོའི་གསུམ་བཅུའི་དུས་དྲན་ནས་བཟུང་བོད་མདོ་དབུས་ཁམས་གསུམ་གྱི་བོད་མི་རྣམས་ནས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞི་རྒྱ་ཆེན་པོ་ཞིག་སྤེལ་བར་རྒྱ་གཞུང་གིས་དྲག་ཆས་ཉེན་རྟོག་དང་དམག་མི་དུ་མ་ཞིག་བཏང་སྟེ་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཏེ་བོད་མི་ ༢༡༩ བསད་པ་དང༌། ༡༣༠༠ ཙམ་ལ་རྨས་སྐྱོན་བཏང་བ། སྟོང་ཕྲག་མང་པོ་འཛིན་བཟུང་དོ་དམ་བྱས་ཡོད། གཞན་ཡང་བོད་ནང་གི་གནད་དོན་དེ་ལྷིང་འཇགས་ཡོང་རྒྱུར་དམིགས་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་གི་སྐུ་ཚབ་དབར་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་གཞུང་ཕྱོགས་ནས་ལྷག་བསམ་རྣམ་དག་གིས་འབྲེལ་མོལ་གང་ཡང་མ་བྱས་པའི་ཁར། ད་དུང་བོད་ནང་གི་ཞི་རྒོལ་དེ་དག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བརྒྱུད་བསྐུལ་བྱས་པ་རེད། ཅེས་སྐྱོན་འཛུགས་ཁོ་ན་བྱས་ཡོད། འོན་ཀྱང་རྒྱལ་སྤྱིའི་ཐོག་ནས་བོད་ཀྱི་གནད་དོན་དེ་འབྲེལ་མོལ་ཐེངས་བརྒྱད་པའི་ཐོག་དཀའ་སེལ་ཡོང་རྒྱུའི་རེ་བ་ཆེན་པོ་བྱས་ཡོད་ནའང་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་དོན་སྙིང་ལྡན་པའི་གྲུབ་འབྲས་གང་ཡང་ཐོན་མེད་སྐོར་སྐུ་ཚབ་རྣམ་པས་གསལ་བསྒྲགས་གནང་ཡོད།

  དེ་བཞིན་ལོ་འདིར་བྱུང་བའི་རྒྱལ་སྤྱིའི་གསར་འགྱུར་གྲགས་ཆེ་ཤོས་དགུ་པ་དེ་ཡང་བོད་དང་འབྲེལ་བའི་གནས་ཚུལ་ཞིག་ཆགས་ཡོད་པ་རེད། དེ་ཡང་པེ་ཅིང་ཨོ་ལེམ་པིཀ་དཔལ་འབར་རྒྱལ་སྤྱིའི་ཡུལ་གྲུ་ཁག་ནང་སྐོར་བསྐྱོད་བྱེད་སྐབས་ས་གནས་ཡུལ་མིའི་རྒྱབ་སྐྱོར་ལ་བརྟེན་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་གྱི་ལས་འགུལ་ཧ་ཅང་ཤུགས་ཆེ་སྤེལ་བར་བརྟེན། དཔལ་འབར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་ནི་ཐོག་མར་རྒྱ་ནག་གཞུང་གིས་རེ་འདོད་བཞིན་རྒྱ་ནག་ལ་ཕན་པའི་དྲིལ་བསྒྲགས་ཤིག་ཏུ་འགྱུར་རྒྱུའི་ཚབ་ཏུ་རྒྱ་གཞུང་གིས་བོད་ལ་འཛིན་པའི་བཙན་གནོན་དང་གདུག་རྩུབ་ཀྱི་སྲིད་བྱུས་དེ་ཚོའི་ཐད་རྒྱལ་སྤྱིའི་ཐོག་ད་ཕན་བྱུང་མྱོང་མེད་པའི་དོ་སྣང་བྱེད་ཡུལ་གྱི་གནས་ཚུལ་ཆེན་པོ་ཞིག་ཏུ་གྱུར་ཡོད། དཔལ་འབར་སྐོར་བསྐྱོད་སྐབས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་ཤོས་ནི་ཕ་རན་སིའི་རྒྱལ་ས་པེ་རི་སེ་དང༌། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན། དེ་བཞིན་ཨ་རིའི་གྲོང་ཁྱེར་སན་ཕེ་རན་སེ་སེ་ཀོ། ཉི་ཧོང་གི་གྲོང་ཁྱེར་ན་ཁ་ནོར་སོགས་ནང་བྱུང་ཡོད། རྒྱ་ནག་གི་དཔལ་འབར་ས་གནས་དེ་ཚོའི་ནང་བརྒྱུད་སྤྲོད་བྱེད་སྐབས་བརྒྱུད་སྤྲོད་བྱེད་ཡུལ་གྱི་སྲང་ལམ་གཡས་གཡོན་གང་སར་ངོ་རྒོལ་བྱེད་མཁན་གྱིས་ཁེངས་ཏེ་རྒྱ་གཞུང་གི་ཐོག་མའི་འཆར་གཞི་མང་པོར་བསྒྱུར་བ་གཏོང་དགོས་པ་བྱུང་སྟེ་པེ་ཅིང་ཨོ་ལེམ་པིཀ་དཔལ་འབར་དེ་མི་མང་གི་དགའ་བསུ་ཐོབ་སྟེ་འཁྱེར་རྒྱུའི་ཚབ་ཏུ་སྲུང་སྐྱོབ་དང་དམ་བསྒྲགས་ཆེན་པོའི་འོག་ཏུ་སྦས་གསང་བྱས་ཏེ་འཁྱེར་དགོས་པའི་གནས་ཚུལ་བྱུང་ཡོད་པ་དེ་ནི་ཕྱི་ལོ་ ༢༠༠༨ ལོར་བྱུང་བའི་རྒྱལ་སྤྱིའི་གསར་འགྱུར་གྲགས་ཆེ་ཤོས་དགུ་པ་ཆགས་ཡོད་པ་བཅས་ཀྱི་གནས་ཚུལ་དུ། བོད་གཞུང་དྲ་གནས་སུ་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
སྤུན་དཔའ་རྒོད་འདི་ཚོའི་དྲན་བསམ་ཞིང་བསམ་ཞིང་ཡིད་སེམས་སྐྱོ། གཞིས་བྱེས་སྤུན་ཟླ་ཚོ་ད་དཀོན་མཆོག་མཁྱེན།
དངོས་གནས་རྒྱལ་སྤྱིའི་དཔའ་རྒོད་རེད་ད། ཀུན་མཆོག་མཁྱེན།
གལ་ཆེ་ཤོས་ཚང་མ་བཤད་མི་འདུག བོད་གཞུང་གི་སྙན་ཐོ་ཡིན་པ་འདྲ་ མི་མང་ན་རོ་མང་ དཔེར་ཡོད་ ཁ་དྲོ་ཚེ་རིང་ སྡུག་དཀའ་ལས་བརྒྱབ་རོགས་



བརྗོད་གཞི་གཞན་ཁག་ལ་གཟིགས།