གསར་འགྱུར་གསར་པ།:

རྒྱ་ནག་ནང་གསར་འགོད་རང་དབང་ལ་དམ་དྲག

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༢༢ཉིན། རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་ལྟར་ན། ཉེ་ཆར་རྒྱ་ནག་གཞུང་གིས་གསར་འགོད་པ་ཚོས་གསར་ཤོག་ཕན་ཚུན་དབར་རྩོམ་ཡིག་བརྗེ་ལེན་དང༌། དེ་བཞིན་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་ཚུལ་རིགས་གང་བྱུང་དུ་འགོད་འགྲེམས་མི་ཆོག་པའི་བཀག་སྡོམ་གྱི་སྒྲིག་གཞི་གསར་པ་ཞིག་གཏན་འབེབས་བྱས་ཡོད་འདུག

ཧྥ་རན་སིའི་རྒྱལ་ས་པེ་རི་སིའི་ནང་བརྟེན་གཞི་བྱས་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གིས། རྒྱ་ནག་གི་འཇིགས་རྔམ་ཅན་གྱིས་རྩ་འཛིན་གྱི་སྒྲིག་གཞི་གསར་པ་དེས། མ་འོངས་གསར་འགོད་རང་དབང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་ཞིག་དང༌། མ་ཚད་བཀག་འགོག་གི་སྒྲིག་གཞི་གསར་པ་འདིའི་ཐོག རྒྱ་ཁབ་ཀྱི་གསང་བ་ཕྱི་བསྒྲགས་དང༌། རྒྱལ་ཁབ་རྩ་གཏོར་གཏོང་རྒྱུའི་ཉེན་ཁ་ཡོད་ལུགས་སོགས་ཀྱི་ཉེས་འཛུགས་འོག་རྒྱ་ནག་དབང་འཛིན་པའི་མདུན་ནས་གསར་འགོད་པར་མནར་གཅོད་མང་པོ་ཕོག་བཞིན་ཡོད་པ་རེད་ཅེས་བརྗོད་འདུག

ཡང་ཧོང་ཀོང་ནང་བརྟེན་གཞི་བྱས་པའི་ཡོད་མི་མང་ཉིན་རེ་ཚགས་པར་ནས་གནས་ཚུལ་ཐོན་གསལ་ལྟར་ན། འདི་ལོ་ཕྱི་ཟླ་༧པའི་ཚེས་༡ནས་འགོ་འཛུགས་ཀྱིས་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༤ཡི་ནང་ནས་སྤེལ་བའི་གནས་ཚུལ་རྣམས་ལ་དོ་སྣང་དང་འདྲི་ཞིབ་བྱེད་ཀྱི་ཡོད་འདུག་པ་དང༌། རྒྱ་ནག་པེ་ཅིང་དང༌། གུན་ཏུང༌། ཧྲན་ཏུང་སོགས་སུ་ཡོད་པའི་ས་གནས་ཀྱི་རང་དབང་གསར་ཁང་ཁག་གིས་ཀྱང༌། ཁོང་ཚོའི་རྒྱལ་སྤྱིའི་གསར་འགྱུར་སྡེ་ཚན་ནང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གི་འགྲེམས་སྤེལ་བྱས་པའི་གནས་ཚུལ་ཁོ་ན་ལས་ཁྱབ་སྤེལ་བྱེད་མི་ཆོག་པ་བཟོས་ཡོད་འདུག

དེ་ལྟར་དེང་སང་རྒྱ་ནག་ནང་གསར་འགྱུར་བརྒྱུད་ལམ་ཐོག་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པའི་ཐོག སྤྱི་ཚོགས་བརྒྱུད་ལམ་གྱི་དྲ་རྒྱ་པེ་སི་བྷོ་ཁེ་དང༌། གཞན་ཡང་རྒྱལ་སྤྱིའི་འཚོ་ཞིབ་སྡེ་ཚན་གྱི་དྲ་བ་ལ་སོགས་པར་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་སོགས། རྒྱ་ནག་ནང་སྨྲ་བརྗོད་རང་དབང་ཐེ་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བཀག་སྡོམ་ནན་མོ་བྱེད་བཞིན་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།