དགོངས་ཚུལ།

རྒྱ་གར་གྱི་སྲིད་འཛིན་ཟུར་པས་ྋགོང་ས་མཆོག་ལ་མཇལ་འཕྲད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

02january200810ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༠༢ཉིན་སྤེལ། ༢༠༠༩ཟླ་༠༡ཚེས་༢ཉིན་རྒྱ་གར་དུ་མཚན་སྙན་ཆེ་བའི་སྲིད་འཛིན་ཟུར་པ་ཨབ་དྷུལ་ཀ་ལམ་མཆོག་ཧི་མ་ཅལ་མངའ་ཁུལ་ཀང་རའི་གནམ་ཐང་དུ་འབྱོར་མ་ཐག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པ་ྋགོང་ས་མཆོག་ལ་མཇལ་འཕྲད་ཞུས་ཡོད་པ་དེ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ཡིན་ལུགས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གིས་གསུངས་པ་རེད།

དེ་ཡང་རྒྱ་གར་གྱི་རྡུལ་ཕྲན་མཚོན་ཆའི་ཡབ་རྗེ་མཚན་རིག་མཁས་པ་ཌོག་ཊར་ཨབ་དྷུལ་ཀ་ལམ་མཆོག་ཧི་མ་ཅལ་མངའ་ཁུལ་དུ་ཡོད་པའི་རྒྱལ་ཡོངས་དྲིལ་བསྒྲགས་མཐོ་རིམ་སློབ་གྲ་ཆེན་མོར་ཉིན་༢རིང་གི་མཛད་འཆར་ཡོད་ཚུལ་རྒྱ་གར་གྱི་གསར་ལམ་ཁག་ཏུ་ཐོན་པ་ལྟར་ཟླ་༠༡ཚེས་༠༢ཉིན་གྱི་ཉིན་གུང་ཀང་རའི་གནམ་ཐང་ཏུ་ཕེབས་འབྱོར་གནང་སྟེ་བོད་ཀྱི་དབུ་ཁྲིད་ྋགོང་ས་མཆོག་དང་མཇལ་འཕྲད་ཞུས་པ་མ་ཟད། དབུ་ཁྲིད་རྣམ་གཉིས་ནས་གནམ་ཐང་དུ་གསར་འགོད་པ་ཚོའི་དྲི་བ་ཁག་ལ་བཀའ་ལན་གནང་ཡོད་པ་དང༌། དེ་རྗེས་གནམ་ཐང་ནས་སྐུའི་ཕོ་བྲང་བར་ཆིབས་འཁོར་གཅིག་ནང་དུ་བཞུགས་ཏེ་ཕེབས་སྐབས་བཞུགས་སྒར་དུ་ཡོད་པའི་བོད་མི་དང་རྒྱ་གར་ཡུལ་མི། ཕྱི་རྒྱལ་བ་བཅས་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད།

སྐུའི་ཕོ་བྲང་དུ་དབུ་ཁྲིད་རྣམ་གཉིས་ནས་ཆུ་ཚོད་ཕྱེད་ཙམ་རིང་བཀའ་མོལ་གནང་གྲུབ་རྗེས་སྲིད་འཛིན་ཟུར་པ་ཨབ་དྷུལ་ཀ་ལམ་མཆོག་སྐུའི་ཕོ་བྲང་ནས་ཐོན་ཏེ་ཧི་མ་ཅལ་མངའ་ཁུལ་ཧམ་མེར་པུར་དུ་ཡོད་པའི་རྒྱལ་ཡོངས་དྲིལ་བསྒྲགས་མཐོ་རིམ་སློབ་གྲ་ཆེན་མོར་ཕེབས་ཡོད་པ་རེད།

གནད་དོན་དེའི་སྐོར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐུའི་ཕོ་བྲང་གི་མདུན་དུ་བོད་མི་གསར་ཁག་ཅིག་ལ་བཀའ་ལན་ཕེབས་དོན། སྤྱིར་རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨབ་དྷུལ་ཀ་ལམ་མཆོག་བཞུགས་སྒར་དང་ས་ཐག་ཉེ་བའི་ཀང་རའི་གནམ་ཐང་དུ་ཕེབས་ཀྱི་ཡོད་པ་དང་གནམ་གྲུ་ཉིན་རྒྱབ་ཡིན་པར་བརྟེན་གནམ་གྲུ་རྗེས་ལུས་ཐེབས་མི་ཡོང་བསམས་ཏེ་ྋགོང་ས་མཆོག་གནམ་ཐང་དུ་མར་ཆིབས་བསྒྱུར་བསྐྱངས་པ་རེད། འོན་ཀྱང་གནམ་གྲུ་དུས་ཐོག་སླེབས་པར་བརྟེན་དབུ་ཁྲིད་རྣམ་གཉིས་སྐུའི་ཕོ་བྲང་དུ་ཕེབས་ཏེ་མཇལ་མོལ་གནང་བ་ཞིག་ཡིན་ལུགས་གསུངས་ཡོད་པ་དང༌། ལྷག་པར་དུ་རྒྱ་གར་སྲིད་འཛིན་ཟུར་པ་ཞིག་གིས་ྋགོང་ས་མཆོག་སྐུའི་ཕོ་བྲ་ང་དུ་མཇལ་འཕྲད་ཞུས་པ་འདི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་དང་བཙན་བྱོལ་བོད་གཞུང་གི་ངོས་ནས་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་ཅེས་དང༌། སྤྱིར་རྒྱ་གར་གྱི་སྲིད་ཟུར་པ་བཞུགས་སྒར་དང་ས་ཐག་ཉེ་བར་མཛད་འཆར་ཡོད་པ་དང་དེ་བཞིན་དབུ་ཁྲིད་རྣམ་གཉིས་དབར་མཇལ་འཕྲད་མ་བྱུང་བར་དུས་ཡུན་གང་འཚམས་ཕྱིན་པ་རེད། སྲིད་འཛིན་ཟུར་པ་ཨབ་དྷུལ་ཀ་ལམ་མཆོག་ནི་རྒྱ་གར་གྱི་སྲིད་འཛིན་ཟུར་པ་གཞན་རྣམས་དང་འདྲ་བ་ྋགོང་ས་མཆོག་དང་རྒྱུན་དུ་ནས་ཐུགས་འདྲིས་བཟང་པོ་ཡོད་པ་ཞིག་ཡིན་པར་བརྟེན་མཇལ་འཕྲད་གནང་བ་ཡིན་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད། 

ྋགོང་ས་ཏཱ་ལའི་བླ་མ་མཆོག ཁོང་གི་ཐུགས་ཀྱི་བཞེས་དགོངས་དག་ལ་ངོས་ནས་དགའ་གུས་ཡོད་ལ། ཁོང་གི་རིན་ཐང་ཆེ་བའི་ཆོས་སྲིད་ཀྱི་མཛད་འཕྲིན་དེ་དག་རྒྱལ་ཁབ་སུ་ཞིག་ལའང་ཤིན་ཏུ་ནས་གལ་འགངས་ཆེན་པོ་རེད་ཅེས་སྲིད་འཛིན་ཟུར་པ་ཨབ་དྷུལ་ཀ་ལམ་མཆོག་གིས་གསུངས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༠༢༠༠༩༡༥༤༠
རྒྱ་གར་གྱི་དཔོན་པོ་ཆེན་པོ་ཞིག་ཕོ་བྲང་དུ་མཇལ་ཁ་ལ་དངོས་སུ་བཅར་བ་དེ་ལོ་རྒྱུས་རང་བཞིན་ཞིག་རེད། སྐྱབས་སུ་མཆིས།



བརྗོད་གཞི་གཞན་ཁག་ལ་གཟིགས།