འཛམ་གླིང་གིས་བོད་མིར་ཆབ་སྲིད་ཀྱི་སྡིངས་ཆ་སྤྲད་མི་འོས།
མཐའ་མའི་བསྐྱར་བཅོས། (༡༥༢༠༡༠༡༨༤༣) འབྲི་མཁན། ཡེ་ཤེས ་ ཆོས་བཟང་། ༡༥༢༠༡༠༡༨༤༠
ཕྱི་སྲིད་བློན་ཆེན་ཡང་ང་ཅེ་ཧྲི་ཟེར་བས་བཤད་དོན། རྒྱ་ནག་ཕྱོགས་ཀྱིས་དབྱིན་ཇིའི་སྲིད་གཞུང་གསར་པ་དང་རྒྱ་ནག་བར་མཉམ་ལས་དང་བརྗེ་རེས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ཚུལ་དང༌། འཛམ་གླིང་རྒྱལ་ཁབ་སུ་འདྲ་ཞིག་གིས་རྒྱ་ནག་ལ་རྒོལ་བའི་བོད་མི་དེ་རྣམས་ལ་ཆབ་སྲིད་ཀྱི་སྡིངས་ཆ་མཁོ་འདོན་བྱེད་པ་དེ་ནི་མི་འོས་པ་ཞིག་ཡིན་ཚུལ་འཇིགས་སྐུལ་གྱི་ཉེན་བརྡ་བཏང་ཡོད་པ་རེད།
ད་དུང་ཡང་ཅེ་ཧྲི་ཟེར་བས་དབྱིན་ལན་ཌིའི་ཕྲི་སྲིད་བློན་ཆེན་ཧའེ་གྷོ་ལ་མུ་མཐུད་ཧམ་བཤད་བྱས་དོན། བོད་ཀྱི་གནས་ཚུལ་ནི་རྩོད་གླེང་ཆེན་མོ་དང་དོན་དངོས་གཉིས་ལས་དོན་དངོས་ཀྱིས་རྣམ་པར་རྒྱལ་ཡོད་དེ། བོད་དོན་ནི་རྒྱ་ནག་གི་ནང་སྲིད་ཁོ་ན་ཡིན་པ་དང༌། བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་གྱི་ལོ་ངོ༥༠ཡི་ཚུན་ལ། བོད་ལྗོངས་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས་བཅས་ཀྱི་ཁྱབ་ཁོངས་སོ་སོས་གྲུབ་འབྲས་མི་དམན་པ་ཞིག་བླངས་ཡོད་པ་དང༌། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་ཕྱིན་པ། མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་བ་དང༌། ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་ལེགས་པོ་ཐོབ་ཡོད་པ། བོད་མི་སེར་ཀྱིས་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་བཞིན་པ་མ་ཟད། བཅའ་ཁྲིམས་ཀྱིས་གནང་པའི་དབང་ཆ་ཁག་ཀྱང་ལོངས་སུ་སྤྱོད་ཀྱིན་ཡོད། ཅེས་ཧམ་བཤད་བྱས་ཡོད་པ་རེད།
ཡང་ཁོ་པས་མུ་མཐུད་ནས་ཧམ་བཤད་བྱས་དོན། བོད་འབྲེལ་གནད་དོན་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཁོ་ནར་གཏོགས་པས། དོན་དག་དེ་རྒྱ་ནག་བདག་དབང་དང་མངའ་ཁོངས་གཅིག་གྱུར་ལ་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། རྒྱ་ནག་གི་རྩ་བའི་ཁེ་ཕན་ལ་འབྲེལ་བ་དམ་པོ་ཡོད། རྒྱལ་ཁབ་སུས་རྒྱ་ནག་གི་བདག་དབང་ལ་བརྩི་འཇོག་དང༌།བོད་རང་བཙན་གྱི་ལས་འགུལ་གྱིས་གཙོས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རྩོམ་མཁན་བོད་པ་དེ་ཚོར་ཆབ་སྲིད་ཀྱི་སྡོངས་ཆ་དང་མཐུན་རྐྱེན་མི་བསྐྲུན་པར་གལ་ཆེན་ཡིན་ཚུལ་ཧམ་བཤད་ནན་པོ་བྱས་ཡོད་པ་རེད། གསར་ལམ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དབྱིན་ལན་ཌིའི་ཕྱི་སྲིད་བློན་ཆེན་ཧའེ་གྷོ་ལགས་ཀྱིས་བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་དང་བོད་མི་ཚོར་རང་སྐྱོང་གི་གནས་བབས་སྤྲོད་དགོས་ལུགས་སྐོར་རྒྱ་ནག་གི་དཔོན་རོགས་ཚོར་འགྲེལ་བརྗོད་བྱས་ཡོད་པ་རེད།།