དགོངས་ཚུལ།

ཐེ་ཝན་གྱི་གཞས་པ་གྲགས་ཅན་བཞུགས་སྒར་དུ་གཟིགས་སྐོར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

01january20093ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༠༡ཉིན་སྤེལ། ཉེ་དུས་ནས་ཐེ་ཝན་གྱི་གཞས་པའི་ཚོགས་པ་ཤན་ལིང་ཞེས་པའི་གཞས་པ་གཙོ་བོ་ཕེ་རེ་ཌི་ཟེར་བ་དང་གཞན་ཚོགས་མི་༢བཅས་བཞུགས་སྒར་དུ་ཕེབས་ཏེ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་ལ། ཁོངགིས་ཟླ་༠༡ཚེས༠༡ཉིན་ང་ཚོའི་བཅར་འདྲི་དང་ལེན་གནང་སྟེ་བསམ་ཚུལ་ཁག་ཅིག་གསུངས་དོན། ༢༠༠༩ལོའི་ཟླ་༣པའི་ནང་བོད་རང་དབང་གི་རོལ་དབྱངས་འདུ་འཛོམས་གནང་རྒྱུའི་འཆར་གཞི་དེ་ཡང་བཙན་བྱོལ་བོད་མི་གཞན་ཡུལ་དུ་གྱར་ནས་མི་ལོ་༥༠འཁོར་བར་དུས་དྲན་ཆེད་ཡིན་ལུགས་ཀྱང་འགྲེལ་བརྗོད་གནང་སོང༌།

དེ་ཡང་ཐེ་ཝན་གྱི་གཞས་པའི་ཚོགས་པ་ཤན་ལིང་ཞེས་པའི་གཞས་པ་ཕེ་རེ་ཌི་ཟེར་བས་གཙོས་གཞས་པའི་ཚོགས་པ་དེས་ཐེངས་འདིར་༢༠༠༩ལོའི་ཟླ་༣པའི་བོད་རང་དབང་ཞེས་པའི་བརྗོད་གཞིའི་འོག་བོད་དོན་དང་འབྲེལ་བའི་གཞས་སྣ་འདུ་འཛོམས་གནང་འཆར་ཡོད་པར་ྋགོང་ས་མཆོག་གི་ཐུགས་སྨོན་སྐྱབས་འཇུག་ཞུ་ཆེད་དང༌། ལྷག་པར་དུ་རྒྱ་བོད་དཀའ་རྙོག་སེལ་ཐབས་སུ་ྋགོང་ས་མཆོག་གིས་བཏོན་གནང་བའི་གཉིས་སྨན་དབུ་མའི་ལམ་གྱི་དགོངས་གཞིར་རྒྱབ་སྐྱོར་མཚོན་ཆེད་དུ་ངོ་བཅར་ཞུས་ཡོད་པ་མ་ཟད། ༢༠༠༩ལོའི་ཟླ་༣པའི་བོད་རང་དབང་གི་གཞས་སྣ་འདུ་འཛོམས་སྐབས་སུ་ྋགོང་ས་མཆོག་ཐེ་ཝན་དུ་ཆེད་ཕེབས་ཡོང་བའི་གདན་ཞུ་ཕུལ་ཡོད་པ་དང༌། འདུ་འཛོམས་དེ་ཡང་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་གཞན་ཡུལ་དུ་གྱར་ནས་མི་ལོ་༥༠ཧྲིལ་པོ་འཁོར་གྱི་ཡོད་པའི་དུས་དྲན་དང་སྟབས་བསྟུན་ནས་འཆར་གཞི་བསྒྲིགས་ཡོད་འགྲེལ་བརྗོད་གནང་ཡོད་པ་རེད།

ད་དུང་ཁོ་ཚོས་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་དྷ་སའི་བོད་ཁྱིམ་གྱིས་གཙོས་སློབ་གྲུ་ཁག བོད་ཀྱི་དགུ་བཅུ་གསུམ་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ཁང༌། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་སོགས་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་བཅས་སུ་ལྟ་སྐོར་ལ་བསྐྱོད་དེ་བོད་དང་བོད་མིའི་དངོས་ཡོད་གནས་སྟངསོགས་ལ་ཞིབ་ཕྲ་ཤེས་རྟོགས་ཡོང་ཐབས་སུ་ཚོགས་སྡེ་དེ་དག་གི་འབྲེལ་ཡོད་མི་སྣ་ཁག་དང་མཇལ་མོལ་གནང་ཡོད་པ་རེད།

ཁོང་རྣམས་ནས་རོལ་དབྱངས་འདུ་འཛོམས་སྐབས་དེ་ཐེ་ཝན་ཡུལ་གྲུ་དེ་རྒྱལ་ཚོགས་སུ་འཛུལ་ཞུགས་གནང་རྒྱུར་ཡང་ལས་འགུལ་ཞིག་ཆགས་ཀྱི་ཡོད་པ་དང་དེ་དུས་རོལ་དབྱངས་མཁས་པ་དང་ཆབ་སྲིད་མི་སྣ། གཞན་ཡང་མི་སྣ་གྲགས་ཆེན་གང་མང་ཞིག་འདུ་འཛོམས་ཡོང་བའི་རེ་བ་ཆེན་པོ་ཡོད་ལུགས་གསུངས་སོང༌།

ཁོང་རྣམ་པས་ྋགོང་ས་མཆོག་ལ་མཇལ་ཁ་ཞུ་སྐབས།  ཐེ་ཝན་གྱི་གཞོན་སྐྱེས་ཚོར་བོད་དང་ཐེ་ཝན་ཡུལ་གྲུ་གཉིས་ཀྱིས་མཚོན་པས་འཛམ་གླིང་དུ་ཞི་བདེ་དང་མང་གཙོ། རང་དབང༌། འགྲོབ་མིའི་ཐོབ་ཐང་བཅས་ལ་སྲུང་སྐྱོབ་གནང་རྒྱུར་འོས་འགན་ཆེན་པོ་ཡོད་པ་དང་དེ་ལྟར་གནང་རྒྱུར་གལ་འགངས་ཆེ་ལུགས་མགོན་པོ་གང་ཉིད་ནས་བཀའ་སློབ་ཕེབས་ཡོད་ལུགས་ཀྱང་འགྲེལ་བརྗོད་གནང་གི་འདུག

ཐེ་ཝན་གྱི་གཞས་པའི་ཚོགས་པ་ཤན་ལིང་ཞེས་པར་ཐེ་ཝན་རྒྱལ་ཡོངས་སུ་སྐད་གྲགས་ཆེན་པོ་ཡོད་པ་དང་རྒྱལ་ཡོངས་ཀྱི་གཞས་སྣའི་བྱ་འགའ་ཡང་ཐེངས་མང་ཐོབ་མྱོང་ཡོད་ཅིང༌། བོད་དོན་ཆེད་སྔ་ཕྱི་བར་གསུམ་དུ་གཞས་སྣ་འདུ་འཛོམས་དང་ཕྱི་རྒྱལ་གྱི་གཞས་པ་ཚོར་བོད་རང་དབང་གི་གཞས་སྣ་འདུ་འཛོམས་གོ་སྒྲིག་ཞུ་རྒྱུས་མཚོན་བོད་དོན་ཆེད་ལས་འགུལ་རབ་དང་རིམ་པ་སྤེལ་དང་སྤེལ་བཞིན་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༢༢༠༠༩༡༦༤༣
ལི་ལྗོངས་ཀྱི་གངས་ཕྲུག
ཁོ་རེ་གྲོགས་པོ་དེ་ཚོ་གང་ཞིག།



བརྗོད་གཞི་གཞན་ཁག་ལ་གཟིགས།