གསར་འགྱུར་གསར་པ།:

དགོངས་ཚུལ།

ཨ་རིའི་ཆེས་མཐོའི་མི་སྣས་འཁྲུངས་སྐར་རྟེན་འབྲེལ་ཞུས་པ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༨ཉིན། ཟླ་འདིའི་ཚེས་༦ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ ནེན་སེ་པེ་ལོ་སེས་༧གོང་ས་མཆོག་དགུང་གྲགས་༧༥ཕེབས་པའི་འཁྲུངས་སྐར་རྟེན་འབྲེལ་ཞུས་པ་དང༌། རྒྱ་ནག་གིས་གང་ཉིད་ཀྱི་ཕ་ཡུལ་བོད་ཀྱི་གནད་དོན་ཐོག་དོན་ལྡན་གྱི་སྐད་ཆ་བྱེད་དགོས་པའི་སྐོར་གསུངས་བཤད་གནང་འདུག

ནེན་སེ་པེ་ལོ་སེས་དེ་རིང་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་༧༥ཕེབས་པའི་འཁྲུངས་སྐར་ཉིན་མོ་ཞིག་རེད། དེར་བརྟེན་བོད་ནང་ལ་ཡོད་པའི་བོད་མི་དང་ཕྱི་ལོགས་སུ་ཡོད་པའི་བོད་མི། དེ་བཞིན་འཛམ་གླིང་གང་སར་གནས་པའི་བོད་མིར་རྒྱབ་སྐྱོར་བ་ཚོས་མགོན་པོ་གང་ཉིད་ཀྱི་ཞི་བདེ་དང་རྣམ་དཔྱོད་ལ་ཆེ་བསྟོད་ཀྱིས་དུས་སྟོན་བྱེད་བཞིན་ཡོད་པ་རེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ནང་དང་དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་ཐུགས་འཁུར་བྱེད་བཞིན་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད།

༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱུན་དུ་ཁོང་ཉིད་ནི་༼གྲྭ་རྐྱང་༽ཞིག་ཡིན་པའི་འགྲེལ་བརྗོད་གནང་བཞིན་ཡོད་ནའང་། མི་མང་པོ་ཞིག་གིས་ཁོང་ནི་ནང་སེམས་ཀྱི་ཞི་བདེ་དང་འཆམ་མཐུན་གྱི་འབྱུང་རྩ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ཁོང་ཉིད་འཛམ་གླིང་གི་ཡུལ་གྲུ་གང་སར་ཕེབས་ནས། དད་པ་དང་ཆོས་ལུགས་མི་འདྲ་བའི་དབར་འབྲེལ་ལམ་གྱི་ཟམ་པ་འཛུགས་བཞིན་ཡོད་པ་རེད། ཁོང་ཉིད་ཀྱི་གནས་བབས་དེའི་ཐོག་ནས་བོད་ཙམ་མ་ཟད་གཞན་འཛམ་གླིང་གི་འཁྲུག་རྩོད་བསལ་ཐབས་ཀྱི་རྣམ་དཔྱོད་དང༌། བྱམས་བརྩེ། ཞི་བདེ་བཅས་གོང་འཕེལ་གཏོང་གི་ཡོད་པ་རེད།

༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་པེ་ཅིང་གཞུང་གི་ཆེས་མཐོའི་དཔོན་རིགས་ཚོ་དང་ལྷན་དུ་ཁ་ཐུག་བཀའ་མོལ་གནང་རྒྱུའི་འདུན་པ་ཡོད་ལུགས་གསུངས་ཡོད། པེ་ཅིང་གཞུང་གིས་གདེང་ཚོད་ཡོད་པའི་ཐོག་ནས་གང་ཉིད་གདན་འདྲེན་དང་།  དོན་ལྡན་གྱི་གྲོས་སྡུར་ཞིག་གནང་རྒྱུ་ནི་ངའི་ལྷག་བསམ་ཟོལ་མེད་ཀྱིས་རེ་བ་ཞིག་ཡིན།

༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་དང་ལྷན་དུ་འཚེ་མེད་ཞི་བའི་ཐབས་ལམ་དེར་རྒྱབ་སྐྱོར་གནང་རྒྱུར་རྒྱལ་སྤྱི་ལ་རེ་སྐུལ་ཞུས་ཡོད་པ་རེད། ངས་སྤོབས་པ་མཐོན་པོས་བཤད་ཐུབ་པ་ནི། ཨ་རིས་རྒྱུན་དུ་བོད་པའི་གནད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེར་བྱས་ཡོད་པ་དང༌། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཞི་བདེ་དང༌། འཚེ་བ་མེད་པ། འགྲོ་བ་མིའི་ཐོབ་ཐང༌། ཆོས་ལུགས་འཆམ་མཐུན་བཅས་ཁྱད་འཕགས་ཀྱི་ལྟ་གྲུབ་དེ་ལ་བརྟེན་ནས།  ཕྱི་ལོ་༢༠༠༧ལོར་ངོས་རང་སྲིད་འཛིན་བྷུ་ཤུ་དང་ལྷན་དུ་གང་ཉིད་ལ་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་པ་ཡིན།

༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་༧༥ཕེབས་པའི་འཁྲུངས་སྐར་ཉིན་མོར། གང་ཉིད་ཀྱི་མི་ཚེའི་ནང་འཛམ་གླིང་མི་མང་གི་ཆེད་དུ་བྱམས་བརྩེ་དང༌། ཞི་བདེ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དོན་དུ་སྐུ་ལས་བསྐྱོན་པར་ངས་མུ་མཐུད་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
དགའ་བསུ།
3 ༡༥༢༠༡༠༠༩༣༦
བཀའ་དྲིན་ཆེ།
བཅོས་མིན་གྱི་མཛད་བཟང་ལ་ཐུགས་རྗེ་ཆེ་ཞུ་བ།
2 ༡༡༢༠༡༠༡༡༥༡
ཚེ་དབང་མཐར་ཕྱིན།
ལག་གཉིས་ཐལ་སྦྱར་གྱིས་གོང་དུ་བཀུར་འོས་ཨ་རིའི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སེ་པེ་ལོ་སེས་མཆོག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་༧གོང་ས་མཆོག་ལ་བཅངས་པའི་དད་པ་བཅས་ནི་ལྷད་མེད་གཙང་དག་ཏུ་མཐོང་བས་ངས་ནམ་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་སླད་ཀྱང་མུ་མཐུད་ནས་དུས་ནས་དུས་སུ་རྒྱབ་སྐྱོར་ཚད་མེད་ཡོང་བར་འབོད་སྐུལ་ཞུ། །
བཀའ་དྲིན་ཆེ།
1 ༠༩༢༠༡༠༡༧༥༡
དབྱངས་ཅན་འཛུམ་པའི་མེ་ཏོག
ང་རང་བོད་མི་་དམངས་ཞིག་ཡིན་པའི་ངོས་ནས་ཁོང་ལ་བཀའ་དྲིན་ཆེ་ཞུ་བ་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།