གསར་འགྱུར་གསར་པ།:

རྐུ་འཕྲོག་བྱས་པའི་བོད་ཀྱི་སྒྱུར་རྩལ་འགྲེམ་སྟོན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༥ཉིན། རྒྱ་ནག་གིས་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་བོད་ཀྱི་དངོས་རྫས་མང་པོ་འགྲེམ་སྟོན་བྱེད་བཞིན་ཡོད་པ་དེར། ཁ་སང་ཐའེ་ཝན་དུ་གནས་སྡོད་བོད་མི་རྣམས་ཀྱིས་དངོས་རྫས་དེ་དག་ནི་རྒྱ་ནག་གིས་བོད་ཀྱི་༼རྐུ་འཕྲོག་བྱས་པའི་དངོས་རྫས་འགྲེམ་སྟོན་༽ཞིག་རེད་ཅེས་གསར་འགོད་པར་འགྲེལ་བརྗོད་བྱས་འདུག

དེ་ཡང་རྒྱ་ནག་གིས་ཐའེ་ཝན་གྱི་༼རྒྱལ་ས་ཐའེ་པེའི་འགྲེམ་སྟོན་ཁང་༽དང༌། དེ་བཞིན་ཐའེ་ཝན་གྱི་གྲོང་ཁྱེར་ཀའོ་ཞུང་གི་༼རྒྱལ་ཁབ་ཀྱི་ཚན་རྩལ་འགྲེམ་སྟོན་ཁང་༽སོགས་སུ་བོད་ཀྱི་གནའ་རྫས་དང་སྒྱུར་རྩལ་རིག་གནས་གྲངས་༡༣༠ཙམ་གྱི་འགྲེམ་སྟོན་ཞིག་ཟླ་འདིའི་ཚེས་༡ཉིན་འགོ་འཛུགས་བྱས་ཡོད་པ་དང༌། སྐབས་དེར་ཐའེ་ཝན་དུ་གནས་སྡོད་བོད་མི་རྣམས་ཀྱིས་འགྲེམས་སྟོན་དེ་ནི་ རྒྱ་ནག་གི་བོད་ཀྱི་༼རྐུ་འཕྲོག་བྱས་པའི་སྒྱུར་རྩལ་འགྲེམ་སྟོན་ ༽ཞིག་དང༌། འགྲེམས་སྟོན་དེ་ནི་རྒྱ་ནག་གི་༼ཆབ་སྲིད་དྲིལ་བསྒྲགས་ཀྱི་ལག་ཆ་༽ཞིག་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་བཀོད་མངག་དང་བོད་རང་སྐྱོང་ལྗོངས་ཟེར་བའི་གོ་སྒྲིག་རོགས་རམ་འོག་༼འཛམ་གླིང་ཡང་ཐོག་གི་གཏེར་མཛོད་༽ཅེས་པའི་འགྲེམ་སྟོན་དེ་ནི་འདི་ལོ་ཕྱི་ཟླ་༧ནས་སང་ལོ་ཕྱི་ཟླ་དང་པོའི་བར་ཟླ་བ་༦ཙམ་རིང་ཐའེ་ཝན་དུ་འགྲེམ་སྟོན་བྱ་འཆར་ཡོད་འདུག

འགྲེམས་སྟོན་གྱི་དངོས་རྫས་དེ་དག་ནི་དེ་སྔོན་ཕྱི་ལོ་༡༩༥༩ལོར་རྒྱ་ནག་གུང་ཁྲན་ཏང་གི་མི་དམངས་བཅིངས་བཀྲོལ་དམག་ཟེར་བས་བོད་ལ་བཙན་འཛུལ་དང་དགོན་སྡེ་༦༠༠༠ལྷག་གཏོར་བཤིག་བཏང་བ་དེ་ཚོ་ནས་རིག་དངོས་རྐུ་འཕྲོག་བྱས་པ་སོགས་རེད་ཅེས་གསལ་བསྒྲགས་སྤེལ་ཡོད་པ་རེད།

ཁོང་ཚོས་འགྲེམ་སྟོན་ཐོག་བོད་ཀྱི་རྩ་ཆེ་བའི་གནའ་ཤུལ་གྱི་དངོས་རྫས་དང༌། སྒྱུར་རྩལ་རིག་གནས་ཏེ། གསེར་དངུལ་ལས་གྲུབ་པའི་སྐུ་བརྙན་དང༌། འདམ་སྐུ། ཐང་ཀ བོད་མིའི་ཆས་གོས་སོགས་གཞན་ཆོས་ལུགས་ཀྱི་དངོས་རྫས་མང་པོ་ཞིག་དང༌། དམིགས་བསལ་གསེར་ཟངས་ལས་གྲུབ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ སྐུ་བརྙན་མཐོ་ཚད་ལ་ལའེ་རྨིད་༤༠ཙམ་ཡོད་པ་ཞིག་ཀྱང་འགྲེམ་སྟོན་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ནང་དུ་ཁྱོན་དགོན་སྡེ་ཁག་༦༠༠༠ཙམ་གཏོར་བཤིགས་བཏང་ཡོད་པ་དེ་དག་མང་ཆེ་བ་ནི། རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་ཏེ། ཕྱི་ལོ་༡༩༦༦ནས་༡༩༧༦བར་གཏོར་བཤིགས་བཏང་ཡོད་པ་རེད་ཅེས། དེ་སྔོན་ཐའེ་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་ལས་རོགས་ཝུན་སུ་ཇི་ལགས་ཀྱིས་ཡུལ་སྐོར་བ་རྣམས་ལ་འགྲེལ་བརྗོད་བྱས་ཡོད་འདུག

ཐའེ་ཝན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས། ཆོས་ལུགས་སྒྱུར་རྩལ་གྱི་བཟོ་བཀོད་དེ་དག་ནི་བོད་མི་རིགས་ཀྱི་རྩ་ཆེན་དངོས་པོ་ཞིག་རེད། འོན་ཀྱང་དེ་དག་ཚང་མ་ནི་རྒྱ་ནག་གི་ལག་ནང་ཡོད་པ་དང༌། རྩ་ཆེན་གྱི་དངོས་པོ་དེ་དག་ནི་ཁོང་ཚོ་རང་ཉིད་ཀྱི་ཡིན་པ་ལྟར་འགྲེམ་སྟོན་བྱེད་བཞིན་པ་དེས་ཁོང་ལ་སྡང་སེམས་སྐྱེ་བཅུག་གི་འདུག་ཟེར།

ཡང་ཐའེ་ཝན་དུ་ལི་ཇི་མིད་ཟེར་བ་ཞིག་གིས། རྒྱ་ནག་གི་གནོན་ཤུགས་འོག་ནས་ཡུལ་སྐོར་བ་ཚོས་རྒྱ་ནག་གིས་བོད་ཀྱི་ཆོས་ལུགས་རིག་གནས་ལ་བདག་གཅེས་ཡག་པོ་བྱེད་ཀྱི་འདུག་བསམ་མོད། དོན་ངོ་མར་རྒྱ་ནག་གིས་བོད་ཀྱི་ཆོས་ལུགས་རང་དབང་ལ་བཙན་གནོན་འགོག་རྒོལ་བྱེད་བཞིན་ཡོད་པ་རེད་ཅེས་བརྗོད་འདུག

སྐབས་དེར་རྒྱ་ནག་གི་འགྲེམ་སྟོན་གོ་སྒྲིག་པས་ཐའེ་ཝན་དུ་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ལ། འགྲེམས་སྟོན་དེར་ངོ་སྤྲོད་རྒྱབ་གཉེར་གནང་རྒྱུའི་རེ་སྐུལ་བྱས་ཀྱང༌། རྒྱ་ནག་གཞུང་འབྲེལ་གྱི་འགྲེམས་སྟོན་དང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་ལྟ་སྟངས་དེའི་ཐོག་ནས་སྐུ་ངོ་ཟླ་བ་ཚེ་རིང་ལགས་ཀྱིས་འགྲེམ་སྟོན་དེར་ངོ་སྤྲོད་རྒྱབ་གཉེར་གནང་རྒྱུར་མོས་མཐུན་གནང་མི་འདུག

རྒྱ་ནག་གཞུང་གིས་འགྲེམ་སྟོན་དེ་ནི་ཕྱི་ལོ་དུས་རབས་བདུན་པ་སྟེ་ཕྱི་ལོ་༡༩༡༢ནས་རྒྱ་ནག་གུང་ ཁྲན་ཏང་གིས་ཕྱི་ལོ་༡༩༤༩ལོར་བོད་ལ་དབང་སྒྱུར་མ་བྱས་པའི་ཡར་སྔོན་བར་དུས་ཡུན་ ལོ་ངོ་༡༠༠༠ཙམ་གྱི་རིང་གི་བོད་མིའི་འཚོ་བའི་གནས་སྟང་ངོ་སྤྲོད་བྱ་རྒྱུ་ཡིན་ཟེར།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
གནད་དོན།
2 ༢༤༢༠༡༠༡༡༠༥
བོད་ཀྱི་དངོས་རྫས་རྒྱ་ཡིས་འགྲེམས།བོད་རིག་པའི་མཁས་པ་རྒྱ་མི་ཡིན།
ཇག་པའི་ཧམ་ཆེན།
1 ༠༥༢༠༡༠༡༨༥༥
ལི་ཐང་བློ་བསྟན།
རྒྱ་ནག་ཇག་པའི་ཧམ་ཆེན་ལ་གཅིག་ལྟོས་དང་ང་ཚོ་བོད་མི་ལ་ཐུབ་ཚོད་གང་འདྲ་བཏང་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།