ྋགོང་ས་མཆོག་དང་ཐེ་ཝན་གྱི་གཞོན་སྐྱེས་དབར་མཇལ་འཕྲད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

30december200810 ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢ཚེས་༣༠ཉིན་སྤེལ། ཟླ་༡༢ཚེས་༢༩ཉིན་ཐེ་ཝན་གྱི་གཞས་པའི་ཚོགས་པ་ཤན་ལིང་ཞེས་པའི་གཞས་པ་གཙོ་བོ་ཕེ་རེ་ཌི་ཟེར་བ་དང་གཞན་ཚོགས་མི་༢བཅས་བཞུགས་སྒར་དུ་ཕེབས་ཏེ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་ལ། ཁོང་རྣམ་པར་ྋགོང་ས་མཆོག་གིས། ཐེ་ཝན་གྱི་གཞོན་སྐྱེས་ཚོར་བོད་དང་ཐེ་ཝན་མཚོན་པས་འཛམ་གླིང་དུ་ཞི་བདེ་དང་མང་གཙོ། རང་དབང༌། འགྲོབ་མིའི་ཇོབ་ཐང་བཅས་ལ་སྲུང་སྐྱོབ་གནང་རྒྱུར་འོས་འགན་གལ་ཆེན་པོ་ཡོད་ལུགས་བཀའ་སློབ་ཕེབས་ཡོད་པ་རེད།

དེ་ཡང་ཐེ་ཝན་གྱི་གཞས་པའི་ཚོགས་པ་ཤན་ལིང་ཞེས་པའི་གཞས་པ་ཕེ་རེ་ཌི་ཟེར་བས་གཙོས་གཞས་པའི་ཚོགས་པ་དེས་ཐེངས་འདིར་༢༠༠༩ལོའི་ཟླ་༣པའི་བོད་རང་དབང་ཞེས་པའི་བརྗོད་གཞིའི་འོག་བོད་དོན་དང་འབྲེལ་བའི་གཞས་སྣ་འདུ་འཛོམས་གནང་འཆར་ཡོད་པར་ྋགོང་ས་མཆོག་གི་ཐུགས་སྨོན་སྐྱབས་འཇུག་ཞུ་ཆེད་དང༌། ལྷག་པར་དུ་རྒྱ་བོད་དཀའ་རྙོག་སེལ་ཐབས་སུ་ྋགོང་ས་མཆོག་གིས་བཏོན་གནང་བའི་གཉིས་སྨན་དབུ་མའི་ལམ་གྱི་དགོངས་གཞིར་རྒྱབ་སྐྱོར་མཚོན་ཆེད་དུ་ངོ་བཅར་ཞུས་ཡོད་པ་མ་ཟད། ༢༠༠༩ལོའི་ཟླ་༣པའི་བོད་རང་དབང་གི་གཞས་སྣ་འདུ་འཛོམས་སྐབས་སུ་ྋགོང་ས་མཆོག་ཐེ་ཝན་དུ་ཆེད་ཕེབས་ཡོང་བའི་གདན་ཞུ་ཕུལ་ཡོད་པ་རེད།

ད་དུང་ཁོ་ཚོས་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་དྷ་སའི་བོད་ཁྱིམ་གྱིས་གཙོས་སློབ་གྲུ་ཁག བོད་ཀྱི་དགུ་བཅུ་གསུམ་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ཁང༌། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་སོགས་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་བཅས་སུ་ལྟ་སྐོར་ལ་བསྐྱོད་བཞིན་ཡོད་པ་རེད།

ྋགོང་ས་མཆོག་གིས། ཐེ་ཝན་གྱི་གཞོན་སྐྱེས་ཚོར་བོད་དང་ཐེ་ཝན་ཡུལ་གྲུ་གཉིས་ཀྱིས་མཚོན་པས་འཛམ་གླིང་དུ་ཞི་བདེ་དང་མང་གཙོ། རང་དབང༌། འགྲོབ་མིའི་ཇོབ་ཐང་བཅས་ལ་སྲུང་སྐྱོབ་གནང་རྒྱུར་འོས་འགན་ཆེན་པོ་ཡོད་པ་དང་དེ་ལྟར་གནང་རྒྱུར་གལ་འགངས་ཆེ་ལུགས་བཀའ་སློབ་ཕེབས་ཡོད་པ་རེད།

ཐེ་ཝན་གྱི་གཞས་པའི་ཚོགས་པ་ཤན་ལིང་ཞེས་པར་ཐེ་ཝན་རྒྱལ་ཡོངས་སུ་སྐད་གྲགས་ཆེན་པོ་ཡོད་པ་དང་རྒྱལ་ཡོངས་ཀྱི་གཞས་སྣའི་བྱ་འགའ་ཡང་ཐེངས་མང་ཐོབ་མྱོང་ཡོད་ཅིང༌། བོད་དོན་ཆེད་སྔ་ཕྱི་བར་གསུམ་དུ་གཞས་སྣ་འདུ་འཛོམས་དང་ཕྱི་རྒྱལ་གྱི་གཞས་པ་ཚོར་བོད་རང་དབང་གི་གཞས་སྣ་འདུ་འཛོམས་གོ་སྒྲིག་ཞུ་རྒྱུས་མཚོན་བོད་དོན་ཆེད་ལས་འགུལ་རབ་དང་རིམ་པ་སྤེལ་དང་སྤེལ་བཞིན་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
ཀུན་མཆོག་མཁྱེན་དེ་ཚོ་གང་ཞིག ལི་ལྗོངས་ཕོ་ཉ།
2 ༡༠༢༠༠༩༡༧༡༤
གང་ཞིག་ཀུན་མཁྱེན། ལི་ལྗོངས་ཕོ་ཉ།
རྒྱ་མི་ཁྱེད་ཚོས་ངོ་དགའ་སྤྲེལ་ལད་ལ་དོགས་པ་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།